གཞི་རིམ་གྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་ཕྱིན་པ།
སྤེལ་དུས 2021-06-10
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། 2020ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱས་པ་ལས། སྔོན་ལ་སྨན་བཅོས་དང་རྗེས་སུ་སྨན་རིན་རྩིས་ཞུ་མངོན་འགྱུར་བྱུང་ནས་མི་འབོར་ཡོངས་ལ་ཁྱབ་པའི་འགན་ལེན་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ལོ་འཁོར་གྱི་སྨན་རིན་རྩིས་ཞུ་བྱེད་ཚད་མཐོ་ཤོས་སྒོར་ཁྲི་14ཟིན་པ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་7ཙམ་རེད། དེ་བས་སྟབས་བདེ་དང་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུའི་ཁྲོད་ནས་མང་ཚོགས་ཀྱིས་ཏང་གི་དྲོ་སྐྱིད་དང་སྨན་བཅོས་དམངས་ཕན་སྲིད་ཇུས་ལས“བདེ་ཐང་གི་ཁེ་འབབ”ཐོབ་པ་ཏན་ཏིག་ཚོར་ཡོད།
འདི་ནི་སྙན་རོང་རྫོང་སེ་ཆེན་ཤང་འཕྲོད་བསྟེན་ཁང་གི་སྨན་པ་ཚེ་རིང་སྐྱིད་ཀྱིས་སེ་ཆེན་ཤང་གི་གྲོང་ཚོ་19པའི་འབྲོག་པ་སྟག་རྒྱས་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།
རྩོམ་སྒྲིག་པ། སྣང་རྡོར།