སྐལ་བཟང་མེ་ཏོག་བཞད།
སྤེལ་དུས 2021-08-18
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
འདི་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་ཀྱི་སྤྱི་ཚོགས་འཕོ་འགྱུར་ཞིག་རེད། དུས་དེ་ནས་བཟུང་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་རང་ཉིད་ལ་དབང་བའི་ས་ཞིང་དང་ཕྱུགས་ཟོག་ཡོད་ལ། དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག བོད་ལྗོངས་མི་རིགས་ཁག་གི་མི་དམངས་རང་ཉིད་ཀྱི་བདག་པོར་གྱུར་ནས་སོ་སོའི་བདེ་སྐྱིད་འཚོ་བ་བསྐྲུན་པའི་སྤྲོ་སེམས་རབ་ཏུ་འཕེལ་ཡོད། བརྙན་ཐུང་འདི་ལས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་ཐོབ་པ་དང་། སྐལ་བཟང་མེ་ཏོག་རབ་ཏུ་བཞད་པར་བལྟ་ཐུབ།
རྩོམ་སྒྲིག་པ། སྣང་རྡོར།