ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > བོད་ལྗོངས་ཀྱི་གཏམ་རྒྱུད།

▶རག་སྡིས་མཆོག་ནས་ང་ཚོའི་བཅར་འདྲི་དང་ལེན་གནང་།

སྤེལ་དུས 2021-08-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         དུས་ཐུང་ལོ་ངོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་བརྒལ་བྱས།  ད་ལོ་ནི་བོད་ལྗོངས་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་མཆོག་བོད་ལྗོངས་གསར་པའི་སྤྱི་ཚོཊ་ཀྱི་འཕོ་འགྱུར་རླབས་པོ་ཆེར་བདེན་དཔང་བྱེད་མཁན་དང་། དེའི་མྱོང་བརྒྱུད་པ་དང་ཐེ་ཞུགས་པ་ཞིག་ཡིན་པའི་ངོས་ནས། སྔ་དྲན་དེང་བསྡུར་གནང་སྐབས་དགོངས་ཚུལ་སྣ་ཚོགས་བྱུང་ཡོད།

         སྤྱི་ལོ་1951ལོར་བོད་ལྗོངས་ལ་ཞི་བས་བཅིངས་འགྲོལ་གཏོང་སྐབས། བཅིངས་འགྲོལ་དམག་དང་ལས་དོན་ཚོ་ཆུང་བོད་ལྗོངས་ལ་ཕེབས་དུས་རྟག་ཏུ་ཁོང་གི་ཕ་ཡུལ་བརྒྱུད་ནས་ཕེབས་ཤིང་། བཅིངས་འགྲོལ་དམག་གི་ས་ནས་ཁོང་ལ་སྔར་ཚོར་མ་མྱོང་བའི་དྲོ་སྐྱིད་ཅིག་ཚོར། ཁོང་གིས་བཅིངས་འགྲོལ་དམག་ངོ་ཤེས་པ་དང་ཆབས་ཅིག་གུང་ཁྲན་ཏང་ལ་རྒྱུས་ལོན་བྱུང་། 

         སྤྱི་ལོ་1959ལོར་བོད་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་ཆེད། བཅིངས་འགྲོལ་དམག་དང་ལས་དོན་ཚོ་ཆུང་གིས་བོད་རིགས་ན་གཞོན་ནང་སར་སློབ་སྦྱོང་ལ་འགྲོ་རྒྱུར་སྐུལ་མ་མཛད། སྐབས་དེར་ཁོང་ཐེངས་དང་པོར་ཕ་ཡུལ་ནས་ཁ་བྲལ་བ་དང་། ཐེངས་དང་པོར་པེ་ཅིང་དུ་བསྐྱོད་པ། ཐེངས་དང་པོར་སློབ་ཁང་ནང་བཞུགས་ནས་རིག་གནས་ཤེས་བྱ་དང་གསར་བརྗེའི་གནས་ལུགས་སློབ་སྦྱོང་གནང་། གང་དེ་ཡང་ཁོང་གི་སྐུ་ཚེའི་ནང་གི་ཁ་ལོ་སྒྱུར་མཚམས་ཤིག་ལ་གྱུར། དུས་དེ་ནས་བཟུང་ཁོང་གིས་ཕ་ཡུལ་ལས་འདས་པའི་འཛམ་གླིང་གཟིགས་པ་དང་། དོན་ངོ་མའི་ཐོག་ནས་གསར་བརྗེའི་ལམ་དུ་ཞུགས། 
         རག་སྡིས་མཆོག་ནས་༼གངས་ལྗོངས་ཀྱི་གཏམ་རྒྱུད༽ཀྱི་སྔོན་འགྲོའི་གཏམ་ནང་། བོད་ལྗོངས་ལ་དཔུང་སྐྱོད་བྱེད་པ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བ། དེ་བཞིན་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་བོད་ལྗོངས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་གི་ཆེད་དང་། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཡར་ལངས་བཅིངས་འགྲོལ་དང་བདེ་སྐྱིད་ཕུན་ཚོགས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་དང་། ཟུངས་ཁྲག་དང་། ལང་ཚོ། ཚེ་སྲོག་བཅས་ལེགས་སྐྱེས་སུ་འབུལ་མཁན་རྣམས་དུས་རྟག་ཏུ་ང་ཚོའི་སེམས་ནང་ལྷང་ལྷང་དུ་དྲན་གྱི་འདུག་ཅེས་བྲིས་གནང་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།