ཀྲུང་གོའི་བོད་ལྗོངས་དྲ་བ། > ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། > གསར་འགྱུར།

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

སྤེལ་དུས 2021-12-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱས་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་། སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། གཞོགས་འདེགས་ཀྱི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་པ་དང་། ལྟ་སྐུལ་ལ་བརྟེན་ནས་ལག་བསྟར་བྱེད་རྒྱུ་འགན་ལེན་བྱེད་པ་དང་འཐུས་ཚང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ལྗོངས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་ཐུབ་ཡོད། ད་ལྟ་ལོ་ལྔའི་རིང་གི་ལས་ཀའི་གནས་ཚུལ་དང་སླད་ཕྱིན་ལས་ཀའི་གྲོས་འཆར་ཁག་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྙན་སེང་ཞུས་ནས་ཞིབ་བཤེར་གནང་རོགས་ཞུ་རྒྱུ་ཡིན།
            གཅིག འདས་ཟིན་པའི་ལས་དོན་ལ་ཕྱིར་མིག་ལྟ་བ།
            ལོ་ལྔའི་རིང་། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ་དང་། སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ཐད་ཤུགས་སྣོན་རྒྱག་རྒྱུར་བླང་བྱ་གསལ་སྟོན་གནང་སྟེ་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ཐོག་ནས་ལྟ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་རང་འགུལ་ངང་ལག་བསྟར་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུས་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་བྱེད་པར་གཅིག་གྱུར་བཀོད་འདོམས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ཞིང་། ཆད་པ་ནན་པོ་གཅོད་རྒྱུ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་རྒྱུར་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཤུགས་སྣོན་ཆེན་པོ་ཐེབས་པ། ཆབ་སྲིད་ཀྱི་སྣང་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཁག་བརྟན་ཐོག་ཡར་འཕེལ་དང་བདེན་འཛིན་གསར་གཏོད་བྱེད་པའི་རྣམ་པ་གསར་པ་བཏོད་པ་དང་སྐས་རིམ་གསར་པའི་ཐོག་སྐྱོད་ཡོད།
            (གཅིག) ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ་དང“སྲུང་སྐྱོང་གཉིས”ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱས་པ།
            སློབ་སྦྱོང་གཏིང་ཟབ་དང་གོ་རྟོགས་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་རྒྱུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྔ་ཕྱི་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ“གྲོས་གཞི་ཨང་དང་པོར”འཇོག་པ། དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་གིས་གང་ལ་དོ་ཁུར་གནང་བ་དང་། ནན་གསུངས་གང་གནང་བར་དོ་སྣང་བྱས་ནས“རྒྱལ་ཁབ་ཀྱི་དོན་ཆེན”ལ་གདེང་དཔོག་ཡོད་པ་དང་ལག་བསྟར་ཐུབ་ཡོད། མཉམ་སྡེབ་སློབ་སྦྱོང་ལམ་ལུགས་འཐུས་ཚང་བཟོས་པ་སྟེ། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་དཔེ་ཀློག་འཛིན་གྲྭ་བཙུགས་པ་དང་། རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་79འཚོགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་མཛད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པས་བོད་ལ་ཞབས་འདེགས་ཞུ་རྒྱུ་དང་གོང་འཕེལ་གྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་རྒྱུར་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པ་དང་འགན་འཁྲིའི་ཚད་གནས་གནད་ལ་འཁེལ་བ་བྱུང་ཡོད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”རྒྱུའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་དེ་བས་དམ་པ”བཅས་བྱེད་དགོས་པའི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་བས་བོད་ཀྱི་སྒྲིག་བཤེར་དང་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་འགྲོ་བར་འགོག་རྐྱེན་ཐེབས་པའི་དཀའ་གནད་དངོས་ཐག་གཅོད་མུ་མཐུད་ཐུབ་པ་དང་། སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པའི་བློ་དཀར་དང་སྤྱོད་གཙང་། འགན་འཁུར་བཅས་ཀྱི་ཆབ་སྲིད་སྤྱོད་ཚུལ་ལ་ཞུན་བརྡར་ཐེབས་ཡོད།
            སྤྱི་ཡོངས་འགན་སྲུང་བྱེད་རྒྱུར་གཞིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། སྒྲིག་བཤེར་དང་ལྟ་ཞིབ་ལས་ཀ་དེ་སྤྱི་ཡོངས་འཕེལ་ཕྱོགས་ཁྲོད་བཞག་ནས་བསམ་གཞིགས་དང་ཇུས་འགོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་ཁྲིད་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པར་སྐུལ་ལྕག་གཏོང་རྒྱུར་རྗེས་སྙེག་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམ་པོར་དམིགས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུར་མངག་སྡོད་ལྟ་སྐུལ་དང་། སྐོར་གཟིགས་སྐོར་དཔྱོད། དེ་བཞིན་རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་བཤེར་བཅས་བྱེད་པའི་ནང་མཉམ་འདྲེས་ཐུབ་པ་བྱས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་ཚུལ་ལ་ཆེད་དོན་ལྟ་སྐུལ་བྱས་པ། སྒྲིག་འགལ་གྱིས་སྤྲོ་ཁང་སྐྲུན་པ་དང་། གྲོང་གསེབ་ཀྱི་རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་པ་རྒྱག་པ། བཟའ་བཏུང་འཕྲོ་བརླག་བཏང་བ་སོགས་ཆེད་དོན་བཅོས་སྒྲིག་བྱེད་རྒྱུར་བཀོད་སྒྲིག་དང་སྐུལ་འདེད་བཏང་བ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་རྒྱུར་དམིགས་ནས་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་དང་དོ་ཁུར་གནང་བའི་དོན་དག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་གནང་བ་དེ་བོད་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་སུ་གྱུར་ཐུབ་པ་བྱས་ཡོད།
            ཕྱོགས་ཡོངས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དམ་དུ་བཏང་བ། “སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་དང་ཆབ་སྲིད་ཀྱི་གཞི་རྩའི་སྒྲིག་ལམ་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་། “ཡོད་པ་བདུན”ལ་དམ་པོར་དམིགས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་མངོན་གསལ་དོད་དུ་བཏང་ཞིང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བཟོ་བཅོས་བྱས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གྱི་གློག་ཆེན་བཙུགས་ཡོད། ལྟ་སྐུལ་ཞིབ་བཤེར་དང་སྒྲིག་ཁྲིམས་ལག་བསྟར་ཞིབ་བཤེར་བྱེད་པར་དང་ཐོག་ཆབ་སྲིད་ཐོག་ནས་ལྟ་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལས་འགལ་བའི་གནད་དོན་ལ་དང་ཐོག་ཞིབ་ལྟ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་དོན་གནད་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལས་འགལ་བ་དང་། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བྱེད་པ། སྐོར་གཟིགས་སྐོར་དཔྱོད་ལ་འགོག་རྐྱེན་བཟོ་བ་སོགས་ཀྱི་གནད་དོན་ལ་ཞིབ་གཅོད་ནན་པོ་བྱས་ཡོད། ཁ་ཕྲལ་ལ་ངོ་རྒོལ་གྱི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བར་འགོག་རྐྱེན་བཟོ་བའི་ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་མེད་པར་བཟོས་ཡོད།
            (གཉིས) “རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་སྐུལ་འདེད་གཞི་གཅིག་ཏུ་བཏང་བས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་གཏོང་ཐུབ་པ།
            ཆད་གཅོད་ཟིལ་གནོན་གྱི་ནུས་པ་མངོན་གསལ་དོད་པ། ཏང་སྒྲིག་དང་རྒྱལ་ཁྲིམས་ལས་འགལ་ཚེ་སེམས་ཐག་གཙང་བཅད་ཀྱིས་ཞིབ་བཤེར་མཐར་ཕྱིན་པ་བྱས་ཤིང་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་གཞི་6503ཐོ་འགོད་བྱས་པ་དང་། མི་6993ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི་230ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་དག་དུས་མཚུངས་དང་བསྡུར་ན་ཁག་སོ་སོ་334%དང་308% 188%བཅས་འཕར་སྣོན་བྱུང་ཡོད་པ་དང་། ཕྱི་ཕྱོགས་ལ་བྲོས་བྱོལ་དུ་ཕྱིན་པའི་མི་7ཚུར་བཟུང་ཡོད། ཝང་ཡུན་ཐིང་དང་ཡུམ་སྐྱབས་སོགས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་5ལ་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱས་པ་དང་ས་གནས་དང་ཐིང་རིམ་པའི་ལས་བྱེད་པ་77ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ། མི་17ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་བཅས་དུས་མཚུངས་དང་བསྡུར་ན་ཁག་སོ་སོ་450%དང་143%འཕར་སྣོན་བྱུང་ཡོད། ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོར་དབང་ཆ་གཅིག་བསྡུས་དང་སྲིད་གཙང་ཉེན་ཁ་མང་བ། ལྟ་སྐུལ་དང་གཅུན་སྡོམ་མི་འདང་བའི་ཁྱད་ཆོས་ལ་དམིགས་པ་དང་མང་ཚོགས་ཀྱིས་ཐེར་འདོན་ཐེངས་མང་བྱས་པའི་འགོ་ཁྲིད་ལས་བྱེད་པར་དམིགས་ནས་ཨ་པོ་དང་ཀྲུའུ་ཀྲུང་ཁུའེ་སོགས་ས་གནས(གྲོང་ཁྱེར)ཀྱི“འགོ་གཙོ་དང་པོ”ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཤིང་། ལྗོངས་ཡོངས་སུ་ཁྱོན“འགོ་གཙོ་དང་པོ”1393ཞིབ་བཤེར་ཐག་གཅོད་བྱས་པ་དུས་མཚུངས་དང་བསྡུར་ན་322%འཕར་སྣོན་བྱུང་ཡོད། མ་འཇོག་བྱེད་ཤུགས་ཆེ་བ་དང་ལས་གྲྭའི་རྣམ་གྲངས་མང་བ། མང་ཚོགས་ཀྱི་བསམ་འཆར་མང་བ་བཅས་ཀྱི་ལས་རིགས་དང་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་ལོ་མང་གབ་ནས་ལུས་པའི་རུལ་སུངས་ཀྱི“ཁེབས་གཅོད”མཐར་ཕྱིན་པ་ཕྱེ་ཞིང་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགན་སྔ་རྗེས་སུ་འཁུར་མྱོང་བའི་འགོ་ཁྲིད་གཙོ་བོ་འགའ་ཞིག་དང་ཚན་པའི་ཁོངས་མིའི“རྡིབ་ཉིལ་ལྟ་བུའི”རུལ་སུངས་སྔོག་བཤེར་གཏིང་ཟབ་བྱེད་རྒྱུས་བརྟོལ་ཁ་བྱས་ནས་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་ཏང་ཡོན་ལས་བྱེད་པ་151ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་མ་ཟད་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་རྣམ་པ་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་སུ་བསྣུར་བསྲིངས་བྱས་ཡོད། གཞུང་ཁོངས་རྒྱུ་ནོར་ཧམ་བཟུང་དང་ལྐོག་ཟ། བག་མེད་སྤྱོད་པའི་མངོན་གསལ་ཆེ་བའི་གནད་དོན་ལ་དམ་པོར་དམིགས་ནས་ཀུན་དགའ་ནོར་བུ་དང་། ཝུའུ་ཀྲེན་ཧྭ་སོགས་ཁེ་ལས་ལ་བརྟེན་ནས་ཁེ་ལས་ཟ་མཁན“མུག་པ”ལྟ་བུའི་མི་དེ་དག་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ། རུལ་སུངས་ལ“བདེ་འཇགས་ཁུལ”མེད་པ་དང་། ལས་འཁྱུར་ངལ་གསོ་ནི“སྲུང་འཁོར”མིན་པ་མཐའ་འཁྱོངས་བྱས་ཏེ་ཀྲའོ་ཧྲེ་ཅུན་དང་ཐང་ཙེ་ཕིང་སོགས་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད།
            ཁྲིམས་ལུགས་ལག་བསྟར་དང་ཁྲིམས་འཛིན་གྱི་ལས་དོན་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་བ། ཁ་པར་གྱི་ཐེར་འདོན་མ་ལག“12388”གཅིག་གྱུར་ཤར་གཏོང་ཐུབ་ཡོད་ཅིང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རྫོང་བཅས་རིམ་པ་གསུམ་གྱི་ཉེས་འདོན་ཐེར་འདོན་གྱི་ལས་སྟེགས་བཙུགས་ཏེ“ཕྱོགས་བཞི་གཞི་གཅིག”གི་ཡིག་འབུལ་ཞུ་བཅར་གྱི་དང་ལེན་མ་ལག་སྔར་བས་ཆ་ཚང་ཞིང་ནུས་ལྡན་དུ་བཏང་བ། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གྱོད་དོན་ཐེངས་གྲངས་12877དང་ལེན་བྱས་པ་དེ་དུས་མཚུངས་དང་བསྡུར་ན་263%མང་དུ་ཕྱིན་པ་དང་། གནད་དོན་གྱི་ཁུངས་སྣེའི་དོ་དམ་དང་ལས་དོན་ཐག་གཅོད་བྱེད་རྒྱུ་ཚད་ལྡན་དུ་བཏང་ཞིང་། ཁུངས་སྣེ་སྒྲུབ་གཉེར་བྱེད་ཚུལ་ལ་ལྟ་སྐུལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐུན་མོང་ཐོག་ཞིབ་གཅོད་བྱེད་རྒྱུའི་ལས་ཀའི་ལམ་སྲོལ་ལག་བསྟར་བྱེད་རྒྱུ་ནན་གཏོང་བྱས་ནས་གནད་དོན་གྱི་ཁུངས་སྣེ་ཁག་23020གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་བྱས་པ་དང་། ཐག་གཅོད་བྱས་ཚད་99%ཟིན་པ་དང་། གྱོད་གཞི་སྒྲུབ་ཚད་91%ཟིན་ཡོད། ཐུན་མོང་ཐོག་གྲོས་ཞིབ་དང་གྲོས་ཞིབ་མཐུན་སྦྱོར་ཐོ་འགོད། ཆད་གཅོད་གཏན་འབེབས་དང་ཁྱབ་བསྒྲགས་བྱ་རྒྱུ་སོགས་ཀྱི་ལས་ཀ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་སྟེ་དུས་བཀག་ཐོག་གྱོད་སྒྲུབ་སྤུས་ཚད་ལ་ཞིབ་བཤེར་བྱས་ནས་ཞིབ་གཅོད་ལས་ཀའི་སྤུས་ཚད་ལེགས་གཏོང་དང་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། རྒྱུན་གཏན་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཟུར་བཀག་གྱོད་གཞི་ཞིབ་བཤེར་བརྟག་དཔྱད་ལས་ཀའི་ཐད“འགན་འཛོལ་གཅིག་ཀྱང་མི་ལྷག་པ”དང་“བདེ་འཇགས་གཉིས་ལྡན”འགན་ལེན་ཐུབ་པ་བྱུང་ཡོད། རིམ་འོག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གྱོད་སྒྲུབ་ལས་ཀར་འགོ་ཁྲིད་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སུས་གྱོད་གཞི་སྒྲུབ་གཉེར་བྱས་པ་དེ་ཡིས་སྒྲུབ་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རིམ་སྤར་གྱོད་སྒྲུབ་དང་དམིགས་འཛུགས་ཁྱབ་ཁོངས་ཚད་ལྡན་དུ་བཏང་བ་དང་། ས་ཁུལ(གྲོང་ཁྱེར)བདུན་གྱི་གྱོད་གཞི་ཁག་5881ཐོ་འགོད་བྱས་པ་དང་། མི་6429ལ་ཏང་སྒྲིག་དང་སྲིད་དོན་གྱི་ཆད་པ་བཅད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་352%དང་326%མང་དུ་ཕྱིན་ཡོད།
            ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ་གྱོད་གཞིར་བརྟེན་ནས་དག་ཐེར་དང་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་བྱས་པ། གཅིག་ཤེས་ཀུན་གྲོལ་གྱིས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་སྒྲིག་འགལ་ཁྲིམས་འགལ་གྱོད་གཞི་ཚབས་ཆེ་ཐོན་པའི་འབྲེལ་ཡོད་ཏང་ཨུད(ཏང་ཙུའུ)ཀྱིས་དུས་ཐོག་ཏུ་ཚོགས་འདུ་འཚོགས་ནས་གྱོད་གཞི་ཐག་གཅོད་ཁྱབ་བསྒྲགས་དང་ཡོངས་བསྒྲགས་རྣམ་འགྱུར་སྟོན་རྒྱུར་སྐུལ་འདེད་བཏང་བ། མི་སྣ་མངགས་ནས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་ཏེ་གྱོད་གཞི་ཐོན་པའི་ལས་ཁུངས་ཀྱི་འགན་འཁྲི་དོན་འཁྱོལ་དང་། ནང་ཁུལ་ཚོད་འཛིན་ལམ་སྲོལ། དབང་ཆར་ལྟ་སྐུལ་སོགས་ཐད་ལྷག་བསྡད་པའི་སྲིད་གཙང་གི་ཉེན་ཁ་དང་ལྟ་སྡོམ་སྐྱོན་ཆར་དབྱེ་ཞིབ་གཏིང་ཟབ་བྱས་པ། “ནད་གཞིར”ཐད་ཀར་སྡིར་བ་དང“ན་རྐྱེན”གསལ་པོ་བཙལ་ཅིང་། སྒྲིག་བཤེར་ལྟ་ཞིབ་ཀྱི་གྲོས་འགོའི་དེབ་550སྤྲད་པ་དང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི“རྡིབ་ཉིལ་ལྟ་བུའི”རུལ་སུངས་བཅོས་སྒྲིག་ལས་ཀར་སྐུལ་འདེད་བཏང་ཞིང་། གཅིག་ནས་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་རྒྱུའི་ཞིབ་ཕྲའི་གནད་དོན་ལ་ལྟ་སྐུལ་བྱས་པ་དང་གཉིས་ནས་རྒྱབ་ལོགས་ཀྱི་སྒྲིག་གཞི་དང་ལམ་སྲོལ་གྱི་སྐྱོན་ཆ་སེལ་རྒྱུར་མཐོང་ཆེན་བྱས་ཡོད། རིམ་པ་གཅིག་པ་དང་རིགས་གཅིག་པའི་ཉེན་ཟོན་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཁག་སོ་སོར་ས་ཁུལ་དང་ཐིང་རིམ་པ་དང་རྫོང་ཁྲུའུ་རིམ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་འགོ་ཁྲིད་ལས་བྱེད་པའི་འགྱོད་བཤགས་ཟིན་ཐོ་རྩོམ་སྒྲིག་པར་འདེབས་བྱས་པ་དང་། “གངས་ལྗོངས་དྭངས་གཙང་རླུང་བསིལ”གྱི་སྤྱི་སྟེགས་ཐོག་དཔེ་མཚོན་གྱོད་གཞི་423བརྡ་ཁྱབ་བཏང་ཞིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ་དང་། “ལྟ་བ་དང་ཉན་པ། གླེང་བ”བཅས་གཞི་གཅིག་ཏུ་འདྲེས་པ་དང་། ཏང་ཡོན་ལས་བྱེད་པས་གྱོད་གཞི་བསླབ་བྱར་འཛིན་པ་དང་རང་ཟོན་རང་རྟོག་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད། བོད་ཀྱི་སྤྱོད་ཚུལ་བཟང་པོ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གཏམ་རྒྱུད་ཡག་པོ་གླེང་བ་དང་། “འཕྲིན་ཕྲན་གཅིག་དང་དྲ་བ་གཉིས”འཛུགས་ཤུགས་ཆེ་རུ་བཏང་བ། ཉེན་བརྡའི་སློབ་གསོའི་གློག་བརྙན་དང་སྲིད་གཙང་བརྙན་ཐུང་ཁག་29པར་ལེན་བྱས་པ་དང་། ཏང་སྲོལ་སྲིད་གཙང་གི་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་གཉེར་བ། ཞིང་ཆེན་རིམ་པ་ཡན་གྱི་སྨྱན་སྦྱོར་དང་དུས་དེབ་ཐོག་དཔེ་མཚོན་གྱོད་གཞི་དབྱེ་ཞིབ་དང་ལས་ཀའི་ཉམས་མྱོང་དང་བྱེད་སྟངས་སོགས་ཁག་2000ལྷག་བཀོད་ནས་སྤྱོད་གཙང་གཞུང་དྲང་གི་རྣམ་པ་བཟང་པོ་གཏོད་ཡོད།
            (གསུམ) མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འཁོར་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ།
            དམངས་ཀྱི་འབོད་སྒྲ་ཡོད་རིགས་དང་ལེན་ཞུ་རྐྱང་བྱེད་མཁན་མང་ཚོགས་ཀྱི “སྙིང་ཉེ་བའི་མི”ཡག་པོ་ཞིག་བྱ་རྒྱུ་མཐའ་འཁྱོངས་བྱས་པ། མང་ཚོགས་ཀྱི་ཁེ་ཕན་ནི་དོན་ཆུང་མིན་པའི་ལྟ་སྐུལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བྱས་པ་བདག་སྤྲོད་དང་ཐག་གཅོད་ཧུར་ཐག་བྱས་ཏེ་འགན་འཁྲིའི་ཁོངས་གཏོགས་ནང་མ་ཚུད་པ་དུས་ཐོག་ལ་གཙོ་འགན་ཚན་པར་བརྒྱུད་སྤྲོད་བྱས་པ་མ་ཟད། འབྲེལ་ཡོད་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ངོ་བཤུས་གྱིས་ལྟ་སྐུལ་ལས་སྒྲུབ་བྱ་རྒྱུར་རྗེས་སྙེག་བྱས་ཏེ་མང་ཚོགས་ཀྱིས་བསམ་འཆར་བཏོན་པའི་གནད་དོན་དམ་འཛིན་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པའི་འགན་ལེན་ཐུབ་ཡོད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སློབ་གསོ་དང་། སྨན་བཅོས། སྐྱེ་ཁམས་སྲུང་སྐྱོང་། བཟའ་བྱ་དང་སྨན་རྫས་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་ནང་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་པ་དང་སྣང་ཆུང་གཏོང་རིགས་ཀྱི་མངོན་ཆེའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱས་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་། བསྐྱར་ཟློས་ཐེར་འདོན་བཅོས་སྒྲིག་བྱ་རྒྱུ་དེ“ངས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པའི”གཞི་རྟེན་གལ་ཆེན་དུ་བྱས་ཏེ་སྐོར་གཟིགས་སྐོར་དཔྱོད་དང་ལྟ་བཤེར་གྱི་གྲུབ་འབྲས་དག་བེད་སྤྱོད་ཡག་པོ་བྱས་ནས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་དང་། དམངས་ཕན་མ་དངུལ་དུས་ཐོག་ལ་དོན་འཁྱོལ་མ་བྱས་པ། ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆུ་དཀོན་པའི་དཀའ་ངལ་དང་། དམངས་ཕན་ཞབས་ཞུའི་ཐད“དཀྲི་འགྱངས་གཡོལ་གསུམ་དང་། སྒྱིད་ཉོབ་འགོར་གསུམ”སོགས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དཀའ་གནད་ཀྱི་གནད་དོན་མང་དག་ཅིག་ལྟ་སྐུལ་ཐག་གཅོད་བྱས་ཡོད། གཞི་རིམ་གྱི“རུལ་སུངས་ཆུང་གྲས”ལ་ཉེས་ཆད་ནན་པོ་བཏང་ཞིང་གྱོད་གཞི་ཁག་1222ཐོ་འགོད་བྱས་ཏེ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་2918ཐག་གཅོད་བྱས་པ་ལས་དེའི་ཁྲོད་ནས་མི་1902ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི་93ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད།
            ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དེས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་ཁ་ཕྱོགས་འགན་ལེན་མཐའ་གཅིག་ཏུ་བྱས་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་དབུལ་སྐྱོར་ཁྱབ་ཁོངས་ནང་གི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་འཆར་ཅན་གྱི་ཚོགས་འདུ་སྐོང་འཚོགས་དང་། ཟབ་སྦྱོང་བྱེད་པ། གནས་སྡོད་མཛུབ་སྟོན་བྱེད་པ། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་གནད་དོན་སྐོང་འདྲི་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་ཏན་ཏིག་ངང་ནན་དུ་བཏང་བ། ཆེད་དོན་བཅོས་སྐྱོང་བྱེད་རིང་འབྱོར་བའི་གྱོད་གཞིའི་ཁུངས་སྣེ་ཁག་2505ནང་ནས་གྱོད་གཞི་སྒྲུབ་ཚད་97%ཟིན་པ་དང་། གྱོད་གཞི་ཁག་599ཐོ་འགོད་བྱས་པ། མི་1647ཐག་གཅོད་བཏང་བ། མི་18ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་བཅས་བྱས་ཡོད། སྐོར་གཟིགས་བཅོས་སྒྲིག་དང་ཆེད་དོན་བཅོས་སྒྲིག་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་སྐོར་གཟིགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་སྐོར་གཟིགས་དེ་བཞིན་རིགས་ཁག་གི་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་གྱི་བཅོས་སྒྲིག་ལས་ཀར་དམ་པོར་དམིགས་ནས་ལྗོངས་ཡོངས་ལ་ཁྱབ་པའི་ལྟ་སྐུལ་ཞིབ་བཤེར་སྤེལ་བས་ཤེས་རྟོགས་བྱུང་བའི་གནད་དོན་1371ནང་ནས་གནད་དོན་1366བཅོས་སྒྲིག་ལེགས་གྲུབ་ཐུབ་པ་དང་། གནད་དོན་གྱི་ཁུངས་སྣེ་61ནང་ནས་60སྒྲུབ་གཉེར་བྱས་ཟིན་ཞིང་། བར་བརྒལ་དུས་སྐབས་གྱི་ཆེད་དོན་ལྟ་སྐུལ་ལས་ཀའི་འཆར་ཅན་ཚོགས་འདུ་འཚོགས་ནས་ཆེད་དོན་ལྟ་སྐུལ་གྱི་ལག་བསྟར་བསམ་འཆར་བཟོས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
            “ནག་ཚོགས་ཀྱི་སྲུང་གདུགས་རྒྱབ་རྩ་གཏོར་ཕམ”མཐའ་གཅིག་ཏུ་བཏང་བས་ནག་སེལ་གཤེད་བཅོམ་གྱི་འགོག་རྐྱེན་རྩ་གཏོར་བཏང་བ། སྲིད་ཁྲིམས་ལས་ཁུངས་དང་ཕན་ཚུན་ཁུངས་སྣེ་རྩིས་སྤྲོད་བྱེད་པ་དང་ཚབས་ཆེའི་དཀའ་གནད་དང་རྙོག་འཛིང་ཆེ་བའི་གྱོད་གཞིར་གྲོས་མོལ་དབྱེ་ཞིབ་དང་། གྱོད་གཞི་བརྡ་ཁྱབ། མཐུན་སྦྱོར་སྐུལ་སྤེལ་སོགས་ཀྱི་ལས་ཀའི་ལམ་སྲོལ་བཟོས་ནས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། སྤྱི་བདེ་ལས་ཁུངས་དང “མཉམ་སྦྲེལ་ཆེད་སྒྲུབ་ཚོགས་ཆུང་”གི་གྱོད་སྒྲུབ་བྱེད་སྟངས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཆེད་དོན་འཐབ་རྩོད་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་རྒྱལ་ཡོངས་ཀྱི་ནག་སེལ་གཞུང་ལས་ཁང་གི “གནས་སྡོད་ཡུག་སྦྲེལ”ཆེད་དོན་བརྟག་ཞིབ་ཀྱི་ལན་སྤྲོད་བསམ་འཆར་བཅོས་སྒྲིག་ལས་ཀ་ཁྱོན་ཡོངས་ནས་ལེགས་གྲུབ་ཐུབ་པ། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་རྩིས་སྤྲོད་བྱས་པའི་གནད་དོན་གྱི་ཁུངས་སྣེ་ཡོངས་རྫོགས་ཐག་གཅོད་བྱས་ཡོད། “གཏན་འགོག་གཉིས”དང“གྱོད་གཞི་གཅིག་ལ་ཞིབ་བཤེར་གསུམ”བྱེད་རྒྱུ་དོན་འཁྱོལ་ནན་པོ་བྱས་ཏེ་ནག་གཤེད་གྱོད་གཞི་ཁག་119རེ་རེ་བཞིན་ལེགས་བཤེར་དབྱེ་གསེས་ཞིབ་ཕྲ་བྱས་པ། ཞིབ་བཤེར་གཏན་འཁེལ་མ་ཐུབ་པའི་གྱོད་གཞི་ཁག་322ལ་བསྐྱར་དཔྱད་ནན་པོ་བྱས་པ།
            ནག་འབྲེལ་ངན་འབྲེལ་གྱི་རུལ་སུངས་ད་“སྲུང་གདུགས”རྒྱབ་རྩ་ཡོད་པའི་གནད་དོན་ཁག་99ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ། མི་82ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི་8ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་269ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་བཏང་ཡོད།
            དམ་ལྷོད་ཟུང་སྦྲེལ་མཐའ་འཁྱོངས་ཀྱིས་སྲིད་ཁྲིམས་དཔུང་ཁག་སྐྱོན་བྲལ་ཡོང་རྒྱུ་སྲུང་སྐྱོང་བྱས་པ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཆེད་དོན་ཚོགས་འདུ་འཚོགས་ནས་ལས་དོན་ལ་བཀོད་སྒྲིག་སྐུལ་སྤེལ་གྱིས“རང་འགུལ་ངང་ཤོད་པ་དང་། གསལ་པོ་ཤོད་པ། ལྐོག་རྔན་རང་འགུལ་ངང་སློག་པ། བསྔགས་བརྗོད་ལ་སྣང་ཆེན”བཅས་ཀྱི་ལྷུག་གཏོང་ཡང་བཟོས་གཏོང་བའི་བྱ་ཐབས་ཞིབ་ཕྲ་བཏོན་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྒྲིག་ཨུད་ཀྱི་ཧྲུའུ་ཅིས་སྲིད་གཙང་སྐོར་གྱི་ཏང་གི་སློབ་ཚན་འཆད་འཁྲིད་བྱས་ནས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་གནད་དོན་གྱི་ཁུངས་སྣེར་ཕྱོགས་ཡོངས་ནས་གསེད་དཀྲོལ་གྱིས་རང་བཤེར་དང་ལྟ་སྐུལ་ལས་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོ་བཅོས་སྒྲིག་གི་དུས་ཁག་དང་པོ་དང་གཉིས་པའི་ལས་དོན་ནུས་ལྡན་མཐུན་སྦྱོར་དང་མཉམ་སྒུལ་སྐུལ་སྤེལ་ཐུབ་ཡོད། གཙོ་གནད་གྱོད་གཞི་མིང་སྦྱར་ལྟ་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སློབ་གསོ་བཅོས་སྒྲིག་བྱས་པའི་ནང་གྱོད་གཞི་ཁག་291ཐོ་འགོད་བྱས་པ་དང་། མི་588ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི་325ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་ཤིང་། ལི་ཡུན་ཧྥུང་སོགས་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པ་6ལ་གྱོད་དོན་ཐོ་འགོད་བྱས་ཏེ་ཞིབ་བཤེར་བརྟག་དཔྱད་བཅས་བྱས་ཡོད།
            (བཞི) རྒྱུན་བསྲིང་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཏང་སྲོལ་སྲིད་གཙང་ཡར་ཐོག་ལེགས་སྤེལ་དང་སྤྱོད་གཙང་གཞུང་དྲང་རྒྱུད་ཆད་མེད་པར་ལེགས་སུ་བཏང་བ།
            ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་བཏང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་རྒྱུའི་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་རང་བཤེར་དང་། གཙང་སེལ། དག་བཅོས་བཅས་བྱེད་པའི་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་བ། རང་བཤེར་རང་བཅོས་ཀྱི་གནད་དོན་ཁག་14384ལ་སྐུལ་འདེད་བཏང་ནས་སྒྲིག་འགལ་མ་དངུལ་སྒོར་ཁྲི་5500ལྷག་ཙམ་ཕྱིར་འདེད་ཐུབ་པས། གནད་དོན་ལྷག་ཚད་ཉུང་དུ་གཏོང་རྒྱུར་ཕན་འབྲས་ཐོན་ཡོད། དམིགས་བསལ་གྱི་དུས་མཚམས་དང་དུས་ཆེན་གྱི་སྔོན་དུ་བརྡ་ཁྱབ་དང་དམར་འདོན་བྱེད་རྒྱུ་དང་། གྱོད་སྒྲུབ་རིང་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ། གྱོད་སྒྲུབ་རྗེས་ལྟ་སྐུལ་དང་བཅོས་སྒྲིག་བྱེད་རྒྱུ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་བ། གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པ་དང་། གཞུང་འཁོར་སྒེར་སྤྱོད། སྒྲིག་འགལ་གྱིས་གཞུང་དངུལ་སྤྱད་དེ་འབུལ་ཚན་རྒྱག་པ། སྒྲིག་འགལ་གྱིས་ཕོགས་སྣོན་དང་། ཁ་གསབ་དངུལ་སྤྲོད་པ་སོགས་ཀྱི་གནད་དོན་རྙིང་པར་ཞིབ་བཤེར་མཐའ་གཅིག་ཏུ་བྱེད་རྒྱུར་དམིགས་ནས་སྒེར་འཁོར་གཞུང་གསོ་དང་། ཆ་འཕྲིན་ཐོག་ནས་ཤོག་ཆག་སྤྲོད་ལེན་བྱས་པ་སོགས་མངོན་མེད་ངོ་འགྱུར་གྱི་གནད་དོན་ཐོན་མ་ཐག་རྡུང་རྡེག་བཏང་བ་བཅས་བྱས་པས་ལྗོངས་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་། བག་མེད་ལོངས་སྤྱོད་ཀྱི་གནད་དོན་ཁྱོན་621ཞིབ་བཤེར་ཐག་གཅོད་ཐུབ་པ་དང་། མི་965ལ་སྐྱོན་བརྗོད་སློབ་གསོ་གཏོང་རོགས་དང་ཐག་གཅོད་བྱས་པ་དེའི་ནང་ནས་མི་563ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མིང་དངོས་སུ་བཏོན་ནས་གནད་དོན་ཁག་557དང་མི་865བརྡ་ཁྱབ་དམར་འདོན་བྱས་ཤིང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པའི་གནད་དོན་ཐོག་མར་གཅིག་བསྡུས་སུ་བརྡ་ཁྱབ་བཏང་བ་དང་། རྒྱུན་དུ་ནས་དམ་འཛིན་དང་། དོ་དམ། ནན་པོ་བཅས་བྱེད་རྒྱུའི་སྔོན་བརྡ་ཤུགས་ཆེ་བཏང་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་གཞུང་དོན་ཆེད་སྣེ་ལེན་དང་། གཞུང་དོན་ལམ་གྲོན་གཏོང་བའི་དོ་དམ། བཟོ་ཚོགས་ཀྱི་གྲོན་དངུལ་བེད་སྤྱོད་བྱེད་པ་སོགས་ཀྱི་ལམ་ལུགས་གཏན་འབེབས་བཟོ་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་བ་བཅས་བྱས་ཡོད།
            ཀླད་རྙིང་མཁྲེགས་བཟུང་གི་སྤྱོད་ཚུལ་ལ་དམ་པོར་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱས་པ། ལོ་རེའི་གནད་དོན་རེ་གཉིས་ལ་དམིགས་རྒྱུ་ལྷོད་གཡེང་མི་གཏོང་བར་དམ་འཛིན་མཐར་ཕྱིན་བྱས་ནས་ཚོགས་འདུར་ཞུགས་སྐབས་ཕྱི་འབྱོར་སྔ་ལོག་བྱེད་མཁན་དང་གཏན་འབེབས་གཞིར་བཟུང་གྱོན་གོས་ལ་དང་དོད་མི་བྱེད་མཁན། ཚོགས་འདུར་མི་གཞན་ཚབ་ཞུགས་བྱེད་དུ་བཅུག་པ་སོགས་ཀྱི་སྣང་ཚུལ་ཐོན་པའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་གནད་དོན་ལ་གཞིགས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གལ་ཆེན་གྱི་ཚོགས་འདུའི་སྤྱོད་ཚུལ་དང་སྒྲིག་ཁྲིམས་ལ་རྗེས་སྙེག་ལྟ་སྐུལ་བྱས་ཏེ་ལྷག་པའི་གནས་ཚུལ་ལ་འབྲེལ་ཡོད་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གསལ་བཤད་དང་ངོས་ལེན་གཏིང་ཟབ་བྱེད་དུ་བཅུག་པ། སློབ་གསོ་ཡང་ཡང་བཏང་ཡང་ཡོ་བསྲང་མི་བྱེད་མཁན་ལ་གོ་བསྐོན་སློབ་གསོ་བཏང་བ་དང་། དམིགས་བསལ་གྱི་དབང་ཆ་དང་དམིགས་བསལ་གྱི་སྤྱོད་ཚུལ་ཐོན་པར་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཤིང་། སྒེར་གཞུང་དབྱེ་བ་མེད་པ་དང་། གཞུང་ནས་ཁེ་བཟང་རག་ཐབས་བྱེད་པ་སོགས་མངོན་ཆེའི་གནད་དོན་ལ་དམིགས་པ་དང་གཏན་འབེབས་ལས་འགལ་བའི་འཁོར་རྒྱུག་སྡོད་ཁང་ཧམ་བཟུང་བྱེད་རིགས་ལ་དམ་པོར་དམིགས་ནས་གཅིག་བསྡུས་ཐོག་བཅོས་སྒྲིག་བྱེད་རྒྱུར་ལྟ་སྐུལ་བྱས་པས་ལས་བྱེད་ལས་བཟོ་པའི་སྡོད་ཁང་གི་དཀའ་གནད་ཐག་གཅོད་ཆེན་པོ་ཐུབ་པ། དུས་ཡུན་རིང་པོ་སྤྱི་དངུལ་གཡར་སྤྱོད་བྱས་ནས་སྐྱིན་ཚབ་མི་སྤྲོད་པ་དང་། སྤྱི་དངུལ་བེད་སྤྱད་དེ་སྒེར་གྱི་ཆུ་དང་གློག་གི་འགྲོ་གྲོན་ཚབ་སྤྲོད་བྱས་པའི་གནད་དོན་གྱི་རིགས་ལ་དམ་པོར་དམིགས་ནས་ནོར་སྲིད་སྡེ་ཚན་གྱིས་མི་སྒེར་གྱི་ཆད་དངུལ་བདའ་འདེད་གཏོང་རྒྱུར་སྐུལ་སྤེལ་བཏང་ཡོད། རྩ་ཆེན་གྱི་ཐོན་ཟོག་རིགས་དང་དམིགས་བསལ་གྱི་ཐོན་ཁུངས་སྤྱད་དེ་སྒེར་ཕན་སྒྲུབ་མཁན་རིགས་བཅོས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས་གཞུང་དངུལ་སྤྱད་དེ་དབྱར་རྩྭ་དགུན་འབུ་ཉོ་བ་དང་། སྤྲོད་ལེན་བྱེད་པའི་གནད་དོན་གྱི་ཁུངས་སྣེའི“མཐིལ་བརྟོལ་བ”དང་། འགོ་ཁྲིད་ལས་བྱེད་པ་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་སྐྱོན་བརྗོད་གཏིང་ཟབ་བྱེད་དུ་བཅུག་ཡོད། ཏང་ཡོན་ལས་བྱེད་པས་རྒྱན་འཛུགས་བྱེད་རིགས་ཀྱི་གནད་དོན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཤིང་། “བྱེད་མི་ཆོག་པ་བརྒྱད”ཀྱི་སྒྲིག་ཁྲིམས་ཀྱི་བླང་བྱ་གསལ་བཟོ་བྱས་ཏེ་ལྗོངས་ཡོངས་སུ་གནད་དོན་དེའི་རིགས་ཐོན་པ་557དང་མི་739ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་708ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི་44ཞིབ་གཅོད་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད།
            བསྐྱར་ལོག་གནད་དོན་སྔོན་འགོག་ནན་པོ་བྱས་པ། ཆབ་སྲིད་ཀྱི་མཐོང་རྒྱ་དང་། བསམ་བློའི་འབྱུང་རྩ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བལྟ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ཡང་གཏོང་དང་། བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད། སྐོང་འདྲི་དང་འགན་འདྲི་རྩད་གཅོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་བློ་དཀར་སེམས་དཀར་དང་། འགན་འཁྲི་འཁུར་ཕོད་མིན་ཐད་ལྟ་སྐུལ་གྱིས་ཚོགས་འདུ་འཚོགས་ཡུན་རིང་བ་དང་། ཚོགས་འདུ་མང་བ། ཚོགས་ཞུགས་བྱེད་རོགས་བཅས་ཀྱི་མངོན་ཆེའི་སྣང་ཚུལ་དང་། འཕྲིན་ཕྲན་ཐོག་ལས་ཀའི་ཚོགས་པ་འདྲ་མིན་སྣ་ཚོགས་བཟོ་བ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བཅས་ཕྱི་ཚུལ་གྱི་རྣམ་པ་ནང་དོན་ལས་ལྷག་པར་བརྩི་བ་སོགས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་འཆར་མང་བའི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་དོན་འཁྱོལ་དམ་འཛིན་བྱེད་རྒྱུར་སྤྱོད་དུ་བཅུག་ཡོད། ལྗོངས་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྱོན་548ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་1170ལ་སྐྱོན་བརྗོད་སློབ་གསོ་གཏོང་རོགས་དང་ཐག་གཅོད་བྱས་པ་དེའི་ནང་ནས་མི་609ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།
            (ལྔ) “འགན་འཁྲི་གཉིས”གཞི་གཅིག་ཏུ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་བྱ་རྒྱུ་སྔར་བས་གནད་འཕིགས་ནུས་ལྡན་ཡོང་རྒྱུར་ལྟ་སྐུལ་བྱས་པ།
            ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུའི་འགན་འཁྲི་རྒྱུན་ཆད་མེད་པར་དམ་ནན་དུ་བཏང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གོང་འོག་ཚང་མར་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོགས་བྱས་པའི་ཚོགས་འདུ་50%ཡན་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ལས་དོན་དང་འབྲེལ་བ་ཡོད་པ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་གོང་འབུལ་ཞུས་པའི་དགོངས་སྐོར་སྙན་ཞུར་འཕྲལ་མར་ཞིབ་འཇུག་དང་མཆན་འགོད་བྱས་ཏེ་གཙོ་བོའི་འགོ་ཁྲིད་སྐུ་ངོ་མས་ལྗོངས་ཐད་གཏོགས་ཀྱི་སྡེ་ཁག་དང་ས་ཁུལ(གྲོང་ཁྱེར)གྱི“འགོ་གཙོ་དང་པོ”སྐོང་འདྲི་བྱས་པ་དང་། གསར་དུ་བསྐོ་གཞག་བྱས་པའི་རྫོང(ཆུད)ཨུད་ཀྱི་ཧྲུའུ་ཅིར་གཅིག་བསྡུས་སུ་སྐོང་འདྲི་བྱས་ཐོག་ངོ་ཐུག་གདོང་འཕྲད་ཀྱིས་འགན་འཁྲི་དང་སྣོན་ཤུགས་སྤྲད་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ལ“འགན་འཁྲི་གཉིས”ཀྱི་ཟབ་སྦྱོང་འཛིན་གྲྭ་གཉེར་རྒྱུར་གཞོགས་འདེགས་བྱས་ཏེ་ཏང་ནན་པོས་སྐྱོང་རྒྱུའི་གཙོ་རྐང་འགན་འཁྲིའི་གསལ་ཐོ་དང་དཔྱད་ཞིབ་ལམ་ལུགས་ཞིབ་འཇུག་གཏན་འབེབས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རྒྱུའི་འགན་འཁྲི་ནན་དཀྲིས་བྱས་ཡོད། འགན་འཛོལ་ཡོད་རིགས་ལ་ངེས་པར་དུ་བདའ་འདེད་གཏོང་བ་དང་འགན་འཁྲི་བདའ་འདེད་གཏོང་རྒྱུ་ངེས་པར་དུ་ནན་གཏོང་བྱ་རྒྱུ་མཐའ་འཁྱོངས་བྱས་མཐར་ཏང་ལ་དོ་དམ་བྱེད་རྒྱུ་ནུས་ལྡན་མ་བྱུང་བ་དང་། ཏང་སྐྱོང་ནན་པོ་མེད་པའི་ཏང་རྩ་འཛུགས་22དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་932ལ་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་བཏང་སྟེ་ནུས་ལྡན་ཤུགས་ཆེར་བརྟེན་ནས་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་བཏང་སྟེ་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།
            རྒྱུན་གཏན་ལྟ་སྐུལ་གྱི་སྤུས་ཚད་དང་ནུས་འབྲས་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ། ས་ཁུལ་དང་། གྲོང་ཁྱེར། ལྗོངས་ཐད་གཏོགས་ལས་ཁུངས་བཅས་ཀྱི་གཙོ་བོའི་འགན་འཁུར་མི་སྣར་ཁ་ཏ་བྱེད་ཤུགས་ཆེ་རུ་བཏང་སྟེ་ངོ་ཐུག་གདོང་ཕྲད་ཀྱིས་རང་ངོས་དང་འགན་འཁྲིའི་ཁྱབ་ཁོངས་ནང་དོ་ཁུར་བྱེད་དགོས་པའི་གནད་དོན་གང་དང་གང་ཡོད་པ་དང་། ལེགས་བཅོས་ཇི་ལྟར་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད་ཅིང་། དུས་བཀག་ཐོག་ཆབ་སྲིད་ཀྱི་སྣང་ཚུལ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བྱས་ཚུལ་སྐོར་གྱི་དབྱེ་ཞིབ་སྙན་ཞུ་ཉན་ནས་ལྟ་བཤེར་དང་ཞིབ་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། སྙན་ཞུ་ཉན་པ་དང་། རེ་འགར་སྐད་ཆ་འདྲི་བ། བརྟག་ཞིབ་བྱས་པ། ཚོགས་འདུར་ཟུར་ཞུགས་སོགས་ཕྱོགས་བསྡུས་རྣམ་པར་བརྟེན་ནས“སྡོང་རྐང”དང་“ནགས་ཚལ”གྱི་གནས་སྟངས་ལ་སྟངས་འཛིན་ནན་པོ་བྱས་ཏེ་ལྟ་སྐུལ་གྱི་དམིགས་བཙུགས་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་བཏང་བ་དང་། ཕན་ཚུན་དབར་ཡིད་ཆེས་བྱེད་རེས་དང་ཐུགས་ཁུར་ཟབ་མོ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“དེ་བས་གསུམ”གྱི་ཆེད་དོན་སློབ་གསོའི་རང་བཤེར་རང་བཅོས་ཁྲོད་དམ་ལྷོད་གཉིས་ཀྱི་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ཀྱིས་གནས་ཚུལ་ངོས་ལེན་བྱེད་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད། སྲིད་གཙང་ཡིག་ཚགས་བཟོ་བ་དང་། དོ་དམ། བེད་སྤྱོད་བཅས་བྱ་རྒྱུ་དང་། ཁ་ཏ་དང་འཕྲིན་འདྲི་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་གྲོས་འཆར་བཏོན་པ་སོགས་ཀྱི་ལས་དོན་ཚད་ལྡན་དུ་བཏང་ནས་ཏང་སྲོལ་སྲིད་གཙང་གི་བསམ་འཆར་ལ་ལན་འདེབས་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་མི་ཐེངས་1651གནས་སྐབས་བཀོལ་སྤྱོད་བྱེད་མཚམས་འཇོག་པའམ་འབྲེལ་ཡོད་ཀྱི་ཐོབ་ཐང་མེད་པར་བཟོ་བའི་གྲོས་འཆར་བཏོན་ཡོད།
            “ཐབས་རྣམ་བཞི”གནད་འཕིགས་ནུས་ལྡན་སྤྱད་པ། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“ཐབས་རྣམ་བཞིར”བརྟེན་ནས་མི་ཐེངས་26111ལ་སྐྱོན་བརྗོད་སློབ་གསོ་གཏོང་རོགས་དང་ཐག་གཅོད་བྱས་པ་དང་། མི་ཐེངས18875 ལ་ཐབས་རྣམ་དང་པོ་སྤྱད་དེ་ཁ་ཏ་དང་འཕྲིན་འདྲི། དྲན་སྐུལ། སྐྱོན་བརྗོད་བཅས་བྱས་པ་དེས་སྤྱིའི་མི་ཐེངས་ཀྱི་72.3%ཟིན་གྱི་ཡོད། མི་ཐེངས་5372ལ་ཐབས་རྣམ་གཉིས་པ་སྤྱད་དེ་ཆད་གཅོད་ཡང་གཏོང་དང་རྩ་འཛུགས་ཀྱིས་ལེགས་སྒྲིག་བྱས་པ་དེས་20.6%ཟིན་གྱི་ཡོད། མི་ཐེངས་1236ལ་ཐབས་རྣམ་གསུམ་པ་སྤྱད་དེ་ཆད་གཅོད་ནན་པོ་དང་གོ་གནས་ལེགས་སྒྲིག་བྱས་པ་དེས་4.7%ཟིན་གྱི་ཡོད། ཐབས་རྣམ་བཞི་པ་སྤྱད་དེ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་ཉེས་ཁྲིམས་ལས་འགལ་བའི་མི་ཐེངས་628ལ་ཆད་པ་བཅད་པ་དེས་2.4%ཟིན་གྱི་ཡོད། ཆད་གཅོད་ལག་བསྟར་བྱས་ཚུལ་ལ་ལྟ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཆད་གཅོད་བྱས་ཏེ་ཤུགས་རྐྱེན་ཐེབས་ཡུན་ནང་གོ་གནས་སྤར་བ་དང་གོ་གནས་ཕབ་ཀྱང་གླ་ཕོགས་སྔར་བཞིན་མི་ཆག་པ་སོགས་ཀྱི་ཆད་གཅོད་བྱས་ཚུལ་དོན་ཐོག་ཏུ་མ་འཁྱོལ་བ་མང་དག་ཅིག་དུས་ཐོག་ཏུ་ཡོ་བསྲང་བྱས་པ། “དབྱེ་འབྱེད་གསུམ”གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་དངོས་ཐོག་བདེན་འཚོལ་གྱིས་ཐེར་འདོན་ངོ་མ་མིན་པའི་ཏང་ཡོན་ལས་བྱེད་པ་160ལ་དག་སེལ་བྱས་པ། ཏང་ཡོན་ལས་བྱེད་པར་རྗེས་འདེད་བསྐྱར་འདྲི་ཞུ་ལན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནོར་འཁྲུལ་ཡོ་བསྲང་བྱས་ནས་དྲང་ལམ་ཐོག་བསྐྱོད་རྒྱུར་སློབ་གསོ་གཏོང་རོགས་བྱས་པ། ཆད་གཅོད་ཀྱི་རྐྱེན་པས་སེམས་ཤུགས་ཆག་པ་དང་། ལས་ཀའི་ཧུར་སེམས་ཆུང་བ། ཐ་ན་ཁ་གཡར་ནས་ལས་ཀར་གཡོལ་བ་དང་ལས་གནས་ནས་བྲལ་བ་སོགས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཡོད།
            (དྲུག) ཀྲུང་དབྱང་གི་སྐོར་གཟིགས་ལས་ཀའི་མཛད་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐོར་གཟིགས་སྐོར་དཔྱོད་ཀྱི་ཆབ་སྲིད་ལྟ་སྐུལ་ནུས་པ་མངོན་གསལ་ཆེ་རུ་བཏང་བ།
            “སྲུང་སྐྱོང་གཉིས”ལ་དམིགས་ནས་ཆབ་སྲིད་ཀྱི་སྐོར་གཟིགས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་གྱི་གཙོ་རྐང་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས་སྐོར་གཟིགས་ལས་དོན་གྱི་ལག་བསྟར་བྱ་ཐབས་བཟོ་བཅོས་བྱས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ལོ་ལྔའི་སྐོར་གཟིགས་ལས་དོན་གྱི་འཆར་འགོད་བཟོས་ཏེ་རྒྱུན་ཨུད་ཚོགས་འདུ་དང་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་སྔ་རྗེས་སུ་ཐེངས་36སྐོང་འཚོགས་བྱས་ཏེ་རེས་སྐོར་སོ་སོའི་སྐོར་གཟིགས་བྱས་ཚུལ་སྙན་ཞུ་ཉན་ནས་ལས་དོན་ཁག་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་71དང་། ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་དཔྱོད་ལས་དོན་ཚོགས་འདུ། སྐོར་གཟིགས་ལས་དོན་གྱི་ལོ་ལྔའི་འཆར་འགོད་སྐུལ་སྤེལ་ཚོགས་འདུ་བཅས་སྐོང་འཚོགས་བྱས་ཐོག “དོན་འཁྱོལ་བཞི”ལ་དམ་པོར་དམིགས་ནས་སྐོར་གཟིགས་ལས་དོན་རེས་སྐོར་10སྤེལ་ཏེ་ཏང་རྩ་འཛུགས་ཁག་195ལ་རྒྱུན་གཏན་གྱི་སྐོར་གཟིགས་དང་། ས་ཁུལ་དང་ཚན་པ་ཁག་73ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས། “སྐབས་སྤྱོད་རྣམ་པའི”སྐོར་གཟིགས། “ཕྱིར་མིག་ལྟ་བ”དང་རིམ་སྤར་སྐོར་གཟིགས་བཅས་བྱས་པས་མངོན་གསལ་ཆེ་བའི་གནད་དོན་ཁག་3969ཤེས་རྟོགས་བྱུང་བ་དང་གནད་དོན་གྱི་ཁུངས་སྣེ969རྩིས་སྤྲོད་བྱས་པས་ནུས་ལྡན་གྱི་སྐོར་གཟིགས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཡོད། སྐོར་གཟིགས་སྐོར་དཔྱོད་གོང་འོག་མཉམ་འགུལ་བྱ་རྒྱུ་ཇེ་ཟབ་ཏུ་བཏང་ནས་གྲོང་ཁྱེར་དང་རྫོང་ཏང་ཨུད་ཀྱི་སྐོར་དཔྱོད་ལས་དོན་གྱི་ལག་བསྟར་བྱ་ཐབས་དང་རྫོང་(ཆུད)དང་རྫོང་དབར་སྣོན་སྡེབ་སྐོར་དཔྱོད་མཛུབ་ཁྲིད་བསམ་འཆར་ཞིབ་འཇུག་ཟིན་འགོད་བྱས་ནས་སྐོར་གཟིགས་ཀྱིས་སྐོར་དཔྱོད་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ས་ཁུལ(གྲོང་ཁྱེར)གྱི་སྐོར་དཔྱོད་ལས་དོན་ལ་མཛུབ་སྟོན་དང་སྐུལ་ཁྲིད་བྱས་པས་སྐོར་དཔྱོད་ལས་དོན་དེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ལ་ཁྱབ་པ་མ་ཟད་མངོན་གསལ་ཆེ་བའི་གནད་དོན་ཁྲི་9.4ལྷག་ཙམ་ཤེས་རྟོགས་ཐུབ་པ་དང་གནད་དོན་གྱི་ཁུངས་སྣེ་3914རྩིས་སྤྲོད་བྱས་ཡོད།
            སྐོར་གཟིགས་བཅོས་སྒྲིག་དང་གྲུབ་འབྲས་སྤྱོད་ཤུགས་ཆེ་རུ་བཏང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་སྐོར་གཟིགས་ལན་སྤྲོད་བསམ་འཆར་བཅོས་སྒྲིག་དོན་འཁྱོལ་ཏན་ཏིག་བྱས་ཤིང་། ཀྲུང་དབྱང་གི་སྐབས་བཅུ་དགུའི་སྐོར་གཟིགས་རེས་སྐོར་དྲུག་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས། “ཕྱིར་མིག་ལྟ་བའི” སྐོར་གཟིགས་བཅས་ཀྱི་ལན་སྤྲོད་བསམ་འཆར་རྩ་བའི་ཆ་ནས་བཅོས་སྒྲིག་ཐུབ་ཡོད། སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བྱས་པ་རྩིས་ལེན་བྱས་པའི་གནད་དོན་448ནང་ནས་གནད་དོན་384ཐག་གཅོད་ཟིན་པ་དང་། གནད་དོན་གྱི་ཁུངས་སྣེ་ཁག་87ནང་ནས་75ཐག་གཅོད་བྱས་ཟིན། སྐོར་གཟིགས་བྱེད་ཀྱིན་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་མང་ཚོགས་ཀྱིས་བསམ་འཆར་ཆེ་བ་དང་། སྒྲིག་འགལ་ཁྲིམས་འགལ་མངོན་གསལ་དོད་པ་མ་ཟད་འཕྲལ་དུ་བཅོས་སྒྲིག་བྱེད་ཐུབ་པ་བཅས་ཀྱི་གནད་དོན་374དུས་ཐོག་ཏུ་བཅོས་སྒྲིག་བྱེད་རྒྱུར་སྐུལ་སྤེལ་བྱས་ཡོད། བཅོས་སྒྲིག་གི་རྒྱུན་གཏན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཐོག་སྐོར་གཟིགས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་། རང་སྐྱོང་ལྗོངས་སྒྲིག་ཨུད། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འགོ་ཁྲིད་བཅས་ལན་སྤྲོད་ཚོགས་འདུའི་ནང་ཞུགས་པ་མ་ཟད་བཅོས་སྒྲིག་བླང་བྱ་བཏོན་ཏེ་བཅོས་སྒྲིག་བྱེད་པའི་གཙོ་རྐང་འགན་འཁྲི་ནན་དཀྲི་བྱས་ཤིང། སྐོར་གཟིགས་བཅོས་སྒྲིག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཁྱོན་670ལྷག་སྐོང་འཚོགས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་ལ་གནས་ཚུལ་ཐེངས་80བརྡ་ཁྱབ་བཏང་ཡོད། སྐོར་གཟིགས་བཅོས་སྒྲིག་བྱ་རྒྱུ་དེ་རྒྱུན་གཏན་གྱི་ལས་ཀ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཚན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་ནང་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྐོར་གཟིགས་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་བཅོས་སྒྲིག་བྱ་ཐབས་ཁྲི་4.6ལྷག་ཙམ་གཏན་འབེབས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ལམ་ལུགས་3848བཟོས་ནས་འཐུས་སྒོ་ཚང་དུ་བཏང་བ། མི་538ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་བྱས་པས་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་1.99གུན་གསབ་ཐུབ་ཡོད།
            སྐོར་གཟིགས་སྐོར་དཔྱོད་ལས་དོན་ཚད་ལྡན་ཅན་དུ་གཏོང་རྒྱུར་སྐུལ་སྤེལ་བཏང་བ། ཀྲུང་དབྱང་གི་སྐོར་གཟིགས་མཛུབ་སྟོན་སྐུལ་ཁྲིད་ཀྱི་ལན་སྤྲོད་བསམ་འཆར་བཅོས་སྒྲིག་ལེགས་སྒྲུབ་ཐུབ་པ་དང་། སྐོར་གཟིགས་སྒྲིག་གཞིའི་བཀོད་སྒྲིག་ཚད་ལྡན་དང་སྐོར་གཟིགས་གཞུང་ལས་ཁང་གི་ནང་ངོས་སྒྲིག་གཞིའི་འགན་འཁྲི་ལེགས་སུ་བཏང་ཐོག རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྐོར་གཟིགས་སྐོར་དཔྱོད་གྲངས་གཞི་བེད་སྤྱོད་ལྟེ་གནས་ཡོངས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། སྐོར་གཟིགས་ཀྱི་རྩ་འཛུགས་སྒྲིག་གཞི་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྐོར་གཟིགས་ལས་བྱེད་པ་གཏན་འཇགས་ཚོགས་ཆུང་ཁ་བགོས་བྱས་ནས་སྐོར་གཟིགས་བྱེད་རིང་གཅིག་བསྡུས་ཐོག་གཞུང་དོན་སྒྲུབ་པ་དང་། སྐོར་གཟིགས་བྱེད་ཡུལ་གྱི་ཆབ་སྲིད་སྣང་ཚུལ་དང་མི་གྲངས་མང་ཉུང་སོགས་ལ་གཞིགས་ནས་ལས་ཡུལ་དངོས་ལ་སྐོར་གཟིགས་བྱེད་པའི་དུས་ཚོད་ལ་བབ་བསྟུན་གྱི་འགྱུར་བ་བཏང་བ་དེས་སྐོར་གཟིགས་འཁོར་སྐྱོད་ལམ་སྲོལ་སྔར་བས་ལེགས་སུ་ཕྱིན་ཡོད། སྐོར་གཟིགས་ལམ་ལུགས་འཛུགས་ཤུགས་ཆེ་རུ་བཏང་ནས་སྒྲིག་སྲོལ་ལམ་ལུགས་30ལྷག་ཙམ་བཟོས་ཏེ་འཐུས་སྒོ་ཚང་དུ་བཏང་བ། སྐོར་གཟིགས་སྒྲིག་གཞི་དང་སྒྲིག་བཤེར་ལྟ་ཞིབ། རྩ་འཛུགས། དྲིལ་བསྒྲགས། སྲིད་ཁྲིམས། རྩིས་བཤེར། ཡིག་འབུལ་ཞུ་བཅར་སོགས་ཀྱི་ལས་ཁུངས་དང་སྡེ་ཁག་དབར་མཐུན་འགྲིག་གཞོགས་འདེགས་བྱེད་རྒྱུའི་ལས་ཀའི་ལམ་སྲོལ་བཟོས་ནས་སྐོར་གཟིགས་དང་། སྐོར་དཔྱོད། ལྟ་སྐུལ་བཅས་བྱ་རྒྱུ་དེ་སྒྲིག་སྲོལ་དང་། སྒྲིག་ཁྲིམས། ཁྲིམས་ལུགས་ལྟར་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།
            (བདུན) སྒྲིག་བཤེར་ལྟ་ཞིབ་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་གཅིག་གྱུར་སྐུལ་འདེད་བཏང་བས་ལྟ་སྐུལ་ལམ་སྲོལ་སྔར་བས་བརྒྱུད་རིམ་ལྡན་ལ་གཅིག་བསྡུས་དང་མཐུན་འགྲིག་ནུས་ལྡན་བྱུང་བ།
            རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་ལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་རྫོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཤང་དང་གྲོང་རྡལ (ཁྲོམ་གཞུང་)ལ་ལྟ་ཞིབ་ཁང་མངག་གཏོང་བྱས་ཏེ་སྒྲིག་ཨུད་དང་མཉམ་རུབ་གཞུང་དོན་བསྒྲུབས་ནས་གཅིག་གྱུར་འཐབ་ཇུས་བཟོ་བ་དང་ལས་དོན་ཁག་སྒྲིག་ཁྲིམས་བཞིན་གཞི་གཅིག་ཏུ་སྤེལ་རྒྱུའི་སྒྲིག་སྲོལ་བཟོས་པ་མ་ཟད་འཐུས་སྒོ་ཚང་དུ་བཏང་ནས་གཞུང་དབང་སྤྱོད་མཁན་གཞུང་ཞབས་པ་ཚང་མར་ལྟ་ཞིབ་ལྟ་སྐུལ་ཐུབ་པ་བྱས་ཡོད། ལྟ་ཞིབ་ལས་ཁུངས་དང་སྲིད་འཛིན་ཁྲིམས་འཛིན། རྩིས་བཤེར། དངུལ་རྩ་སོགས་ལས་ཁུངས་དང་སྡེ་ཚན་དབར་མཐུན་འགྲིག་གཞོགས་འདེགས་བྱེད་པའི་ལས་ཀའི་ལམ་སྲོལ་བཟོས་ནས་སྒྲིག་ཁྲིམས་དང་ཁྲིམས་ལུགས་ཁོང་དུ་ཆུད་པ་དང་ཁྲིམས་དང་ཁྲིམས་དབར་སྦྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མང་རྩིས་ཉུང་གཏོང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཞིབ་དཔྱད་གཟབ་ནན་དང་དོ་ནན་ངང་བརྟག་དཔྱད་བྱ་ཐབས་སྤྱད་དེ་གྲོང་ཁྱེར་དང་རྫོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཟུར་བཀག་བྱ་ཐབས་སྤྱོད་དགོས་ན་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མཆོག་མཆན་ཐོབ་དགོས་པའི་གཏན་འབེབས་གསལ་པོ་བྱས་པ་དང་ལྗོངས་ཡོངས་ལ་ཟུར་བཀག་བྱས་པའི་མི་གྲངས་237ཡོད་པ་དང་དེའི་ནང་ནས་མི་117ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་ནས་ཁྲིམས་བཞིན་ཞིབ་བཤེར་གཏུག་བཤེར་བྱས་ཡོད།
            མངག་སྡོད་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་ཕྱོགས་ཡོངས་ནས་ཇེ་ཟབ་ཏུ་བཏང་བ། རང་སྐྱོང་ལྗོངས་ཀྱི“1+3”མངག་སྡོད་སྒྲིག་གཞིའི་བསྒྱུར་བཅོས་ཇེ་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་མངག་སྡོད་དུ་བཏང་བའི་སྒྲིག་གཞི་ཁག་རྒྱུན་མཐུད་ལེགས་སུ་བཏང་བ་དང་ཆ་སྙོམས་སྟོབས་ཤུགས་མི་7ནས་10བར་མང་དུ་བཏང་བ། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུར་རིགས་དབྱེ་སྐུལ་འདེད་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟ་ཞིབ་ཆེད་བསྐོས་མི་སྣའི་གཞུང་ལས་ཁང་བསྒྱུར་བཅོས་དང་། བསྐྱར་སྒྲིག གསར་འཛུགས་བཅས་བྱ་རྒྱུར་རྗེས་སྙེག་བཏང་སྟེ་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་དངུལ་རྩའི་ཁེ་ལས་1ལ་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་མངག་སྡོད་བྱས་པ་དང་། མཐོ་རིམ་སློབ་ཆེན་ཁག་8ཀྱི་སྒྲིག་བཤེར་ལྟ་ཞིབ་ལམ་ལུགས་བསྒྱུར་བཅོས་བྱས་ཟིན། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཨུ་ཡོན་ལྷན་ཁང་གི་ནང་ཁོངས་སྒྲིག་གཞི་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་ལྗོངས་ཐད་གཏོགས་ལས་ཁུངས་སྒྲིག་ཨུད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། ལོ་ལྔའི་རིང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་མངག་སྡོད་སྒྲིག་གཞིས་གནད་དོན་གྱི་ཁུངས་སྣེ་3295ཐག་གཅོད་བྱས་པ་དང་གྱོད་གཞི་ཁག་489ཐོ་འགོད་བྱས་པ། མི་389ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་དང་མི་6ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད།
            ནང་ཁོངས་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ། ལྟ་སྐུལ་གྱི་འཐབ་ས་དང་པོར་སྟོབས་ཤུགས་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྟ་བཤེར་དང་ཞིབ་དཔྱད་ཀྱི་འགན་ནུས་ཁག་བགོས་དང་སྡེ་ཁག་ལོགས་དབྱེ་བྱས་ཤིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་ལྟ་སྐུལ་སྟོབས་ཤུགས་སྤྱིའི་མི་གྲངས་ཀྱི་71%ཟིན་གྱི་ཡོད།
            རྫོང་རིམ་པའི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ནང་བཙུགས་སྒྲིག་གཞིར་བསྒྱུར་བཅོས་བྱ་རྒྱུའི་ཚོད་ལྟ་བྱས་ནས་རྫོང་དང་ཤང་རིམ་པའི་སྒྲིག་ཨུད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་དང་ཁུལ་ཁོངས་མཐུན་འགྲིག་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་གཞི་རིམ་གྱི་ལྟ་སྐུལ་ནུས་ཕྱོད་ཆེ་རུ་བཏང་བ། གྲོས་ཞིབ་ནང་ཞུགས་རྒྱུའི་མཐུན་འགྲིག་སྒྲིག་གཞིའི་ཞིབ་མཆན་ཐོ་འགོད་ལས་དོན་ཚད་ལྡན་ཅན་དུ་བཏང་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གྲོས་ཞིབ་མཐུན་འགྲིག་སྒྲིག་གཞི་ཁག་1621གཙང་བཤེར་ཕྱིར་སློག་བྱས་ཡོད།
            (བརྒྱད) རང་ངོས་འཛུགས་སྐྱོང་དམ་ནན་ཏན་ཏིག་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བཅོས་སྐྱོང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ།
            ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་རྒྱུར་དམ་པོར་དམིགས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་ཡོང་རྒྱུར་དམ་པོར་དམིགས་ཏེ། ལས་ཁུངས་ཀྱི་མགོ་ཐུག་ཚོགས་འདུ་དང་། གཟའ་འཁོར་གཉིས་རེར་གཅིག་བསྡུས་སློབ་སྦྱོང་བྱེད་པའི་ལམ་ལུགས་བཙུགས་པ། རིགས་གཞུང་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བ་མ་ཟད། རང་སྦྱོང་བྱེད་རྒྱུར་ལྟ་སྐུལ་ཧུར་ཐག་བྱས་ཏེ། ཏང་གི་གསར་གཏོད་རིགས་གཞུང་ཁོང་དུ་ཆུད་པ་དང་བཀོལ་སྤྱོད་ཐུབ་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆུ་ཚད་མཐོ་རུ་ཕྱིན་ཡོད། བྱ་སྤྱོད་ཐམས་ཅད་བཀོད་འདོམས་ལ་ཉན་པ་མཐའ་འཁྱོངས་བྱེད་པ་དང་། དགོངས་སྐོར་སྙན་ཞུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་འགོ་ཁྲིད་བྱེད་རྒྱུ་རྒྱུན་རྣམ་ཅན་དུ་གྱུར་བ་རང་རྟོགས་ངང་དང་ལེན་བཅས་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུའི་གཙོ་རྐང་འགན་འཁྲི་རང་རྟོགས་ངང་བསྒྲུབ་པ་དང་། སྒྲིག་ཨུད་ལས་ཁུངས་ཀྱི་གཙོ་རྐང་འགན་འཁྲི་དོན་འཁྱོལ་བྱེད་པའི་གསལ་ཐོ་ཞིབ་འཇུག་གཏན་འབེབས་བྱས་ཡོད། དུས་བཀག་ནང་ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་སྙན་ཞུ་ཉན་པ། དུས་བཀག་ནང་འགོ་ཁྲིད་གཙོ་བོས་ཏང་གི་སློབ་ཚན་ཁྲིད་པ། ཚན་ཁག་ཁོངས་མིས་ལས་བགོས་དོ་དམ་བྱེད་ཁོངས་སྡེ་ཁག་དང་ཚན་པའི་ཏང་ཡོན་ལས་བྱེད་པར་རྒྱུན་རྣམ་ཅན་གྱི་ཐོག་ནས་སྙིང་གཏམ་ཤོད་རེས་བྱས་པ། ཏང་ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། སྐོར་གཟིགས་སྒྲིག་གཞིའི་ཏང་ཨུད་བཙུགས་པ། སྐོར་གཟིགས་ཚོགས་ཆུང་དང་འདྲི་དཔྱོད་བརྟག་དཔྱད་ཚོགས་ཆུང་། ཆེད་དོན་གསོ་སྦྱོང་འཛིན་གྲྭ་བཅས་སུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་བཅས་ཏང་འཛུགས་དང་ལས་སྒོ་གཉིས་ཕན་ཚུན་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
            ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ལས་བྱེད་པའི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུའི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ལྗོངས་ཡོངས་ཀྱི་ལས་བྱེད་པའི་དཔུང་ཁག་ནང་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ་བཞག་པ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ལོ་ལྟར་ཕྱོགས་ཡོངས་ལ་ཁྱབ་པའི་རྣམ་པའི་ཐོག་ནས་ལས་བྱེད་པར་ཁ་ཏ་ཐེངས་རེ་བྱས་ཏེ་ལས་བྱེད་པའི་གནས་ཚུལ་དངོས་ཁོང་དུ་ཆུད་པ་བྱས་པ། ཆ་རྐྱེན་འཛོམས་རིམ་བཞིན་བཀོལ་སྤྱོད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་མ་ཟད་ལས་བྱེད་པར་དཔྱད་ཞིབ་དང་བཀོལ་སྤྱོད་བྱེད་པའི་རྒྱུན་ལྡན་ལས་ཀའི་ནང་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད། མི་580གནས་སྤར་བསྐོ་སྤྱོད་བྱས་པ་དང་། མི་381ལས་གནས་བརྗེ་རེས་བྱས་ཏེ་ཕུལ་བྱུང་ཅན་སྔོན་སྤྱོད་དང་དངོས་གཉེར་ཅན་མཐོང་ཆེན་བྱེད་པའི་འགན་ལེན་བྱས་ཡོད། རིམ་དབྱེ་དང་རིགས་དབྱེའི་སྒོ་ནས་ལས་བྱེད་པ་ཚང་མ་གསོ་སྦྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་དང་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཁག་82གཉེར་བ་དང་། མི་ཐེངས་ཁྲི་1.6ལྷག་ཙམ་གསོ་སྦྱོང་བྱས་པ། ལས་བྱེད་པ་མི་ཐེངས་1600ལྷག་ཙམ་ཀྲུང་གོ་སྒྲིག་བཤེར་ལྟ་ཞིབ་སློབ་གླིང་སོགས་སུ་གསོ་སྦྱོང་བྱེད་རྒྱུར་བདམས་གཏོང་བྱས་པ། གཞི་རིམ་ལས་བྱེད་པ་བདམས་གསེས་སྐོང་འཐེན་གྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་སུ་མཉམ་དུ་སློབ་སྦྱོང་བྱེད་པ་དང་གྱོད་གཞི་མཉམ་སྒྲུབ་ཐོག་ནས་སྦྱོང་བརྡར་བྱས་པ། མི་ཐེངས་3600ལྷག་ཙམ་སྐོར་གཟིགས་ནང་ཞུགས་པ་བཅས་བྱས་པས་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་གི་བསམ་པའི་ཉམས་འགྱུར་ཇེ་ལེགས་དང་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
            ཆེས་ནན་པའི་ལྟ་སྐུལ་དང་གཅུན་སྡོམ་རང་རྟོགས་ངང་དང་ལེན་བྱས་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་ནང་ཁུལ་གྱི་ལམ་ལུགས་གཙང་བཤེར་བྱེད་པའི་ལས་དོན་སྤེལ་ཏེ་ནོར་འཛོལ་འགན་འཁྲི་བདའ་འདེད་བྱེད་པའི་འདྲི་དཔྱོད་བརྟག་དཔྱད་བྱ་ཐབས་སོགས་ཀྱི་ལམ་ལུགས་གཏན་འབེབས་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་དེ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན། དངོས་གཞི་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་ཞིབ་ལས་དོན་དེ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་དུ་སྐུལ་འདེད་གཏོང་རྒྱུ་བརྗོད་གཞིར་བྱས་ནས་རང་སྐྱོང་ལྗོངས་དམངས་འཐུས་རྒྱུན་ཨུད་ལ་ཆེད་དོན་སྙན་ཞུ་བྱས་པ་དང་། ཁྲིམས་ལྟར་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱས་ཡོད། དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་ལས་ཀའི་ལག་བསྟར་བསམ་འཆར་གཏན་འབེབས་དང་དེར་ཤུགས་སྣོན་བརྒྱབ་སྟེ་གྲི་དངོ་རང་གཏད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་སུ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་གྱི་ཁུངས་སྣེ་503བདག་སྤྲོད་བྱས་པ་དང་། གྱོད་གཞི་113ཐོ་འགོད་བྱས་པ། མི་110ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི་161ལ་རྩ་འཛུགས་ནས་ཐག་གཅོད་བྱས་པ། མི་5ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བཅས་བྱས་པས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རྣམ་པ་བཟང་པོ་སྲུང་སྐྱོང་མཐའ་གཅིག་ཏུ་ཐུབ་ཡོད།
            ལོ་ལྔའི་རིང་། ཀྲུང་དབྱང་སྒྲིག་ཨུད་ནས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཀར་ཐུགས་ཁུར་དང་སྣང་ཆེན་བྱས་པ་དང་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་ཐུགས་ཁུར་གཅེས་སྐྱོང་གནང་བ་མ་ཟད་ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་སྡེ་ཁག་བོད་དུ་ཐེངས་མང་ཕེབས་ནས་ཆེད་དོན་བརྟག་ཞིབ་དང་ལས་ཀར་མཛུབ་ཁྲིད་རོགས་རམ་གནང་བ་དང་། སྔ་རྗེས་སུ་སི་ཁྲུའུ་རིམ་པའི་བོད་སྐྱོར་ལས་བྱེད་པ་8བདམས་གཏོང་བྱས་ཤིང་བོད་ལ་དམིགས་སུ་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ། ལྷ་སར་ཀྲུང་གོ་སྒྲིག་བཤེར་ལྟ་ཞིབ་ཀྱི་ཚགས་པར་པར་འདེབས་བྱེད་ས་བཙུགས་པ་སོགས་བྱས་པས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་ཀ་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། འབྲེལ་ཡོད་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཕུལ་བྱུང་ལས་བྱེད་པ་63བོད་ལ་བདམས་གཏོང་བྱས་ནས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཀར་རྒྱབ་སྐྱོར་བྱས་པ་དང་། ཐོན་ཁུངས་གཅིག་བསྡུས་ཀྱིས་ལས་བྱེད་པ་མི་ཐེངས་222སྐོར་སྦྱོང་དང་གནས་སྦྱར་སྦྱོང་བརྡར་བྱེད་རྒྱུར་རོགས་རམ་བྱས་པ། མི་ཐེངས་1122སྐོར་སྦྱོང་བྱེད་རྒྱུར་རོགས་རམ་བཅས་བྱས་པས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཀའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
            ལོ་ལྔའི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཐད་ཀྱི་ལྷུག་ལྷོད་འཇམ་གསུམ་གྱི་གནད་དོན་ལ་རྦད་དེ་འགྱུར་ལྡོག་བྱུང་ཡོད་པ་དང་། ཏང་སྲོལ་སྲིད་སྲོལ་གྱི་འཕེལ་ཚུལ་བཟང་པོ་མུ་མཐུད་རྒྱུན་འཛིན་ཐུབ་ཡོད་ཅིང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད། ཁྱོན་ཡོངས་ནས་སྲ་བརྟན་ཐུབ་མོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། མཐོ་གནོན་རྣམ་པ་དང་ཡ་མེད་སྒྲིག་འགལ་མཉམ་དུ་གནས་པ། ཁེར་རྐྱང་དུ་གྱོད་གཞི་སྒྲུབ་པ་དང་ཕྱི་ཚུལ་ལྟ་སྐུལ་མཉམ་དུ་གནས་པ། ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ་དང་ལག་བསྟར་དོན་ཐོག་ཏུ་མི་འཁྱོལ་བའི་གནད་དོན་མཉམ་དུ་གནས་པ། ཉེན་ཁའི་འགྲན་སློང་དང་རུལ་སུངས། སྤྱོད་ཚུལ་གྱི་གནད་དོན་བཅས་ཕན་ཚུན་འབྲེལ་བ་ཡོད་པ། “སྣོལ་འདྲེས་ལྔའི”གནད་དོན་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཞིབ་ཚགས་དང་གཏིང་ཟབ་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ཐད་ད་དུང་མི་འདང་བ། ལས་གྲྭའི་འཛུགས་སྐྲུན་དང་སྲིད་གཞུང་གི་མཁོ་སྒྲུབ། ཁྲིམས་ལུགས་ལག་བསྟར་དང་ཁྲིམས་འཛིན་སོགས་གལ་ཆེའི་ཁྱབ་ཁོངས་ཀྱི་སྲིད་གཙང་ཉམས་ཉེན་ཅུང་མངོན་གསལ་ཆེ་བ། གཞི་རིམ་གྱི“རུལ་སུངས་ཆུང་གྲས”དང“དཔོན་ཆུང་འདོད་རྔམ་ཆེན་པོ” “དཔོན་ཆེན་འདོད་རྔམ་དེ་བས་ཆེ་བའི”གནད་དོན་ཐོན་མུས་ཡིན་པ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་ཐད་སྔར་བཞིན་མི་འདང་བའི་ཆ་ཡོད་པ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཉུང་ཤས་ཀྱི་ཆབ་སྲིད་དང་ལས་སྒོའི་འཇོན་ནུས་མི་འདང་བ། འགའ་ཞིག་གི་རང་གཅུན་བསམ་བློ་ནན་པོ་མེད་པ། སྤྱོད་པ་ཚུལ་དང་མི་མཐུན་པ། ཐ་ན་གསང་དོན་ཕྱི་གྱར་དང་གྱོད་གཞིའི་ཐོག་ནས་སྒེར་དོན་སྒྲུབ་པ་སོགས་ཀྱི་གནད་དོན་ཡང་ཡོད། གནད་དོན་དེ་དག་ལ་དམིགས་ཏེ“རྒྱུགས་སྤྲོད”ལྟ་བུའི་རིག་པ་དྭངས་གསལ་དང་ནམ་ཡང་མཚམས་མེད་རྒྱུན་སྒྲུབ་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་ངེས་པར་དུ་མཐའ་འཁྱོངས་བྱས་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་དང་དོན་འཁྱོལ་དམ་འཛིན་བྱེད་རྒྱུ་གཙོ་གནད་དུ་བཞག་ཐོག སྒོ་ཀུན་ནས་ཏང་ནན་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཤུགས་སྣོན་བརྒྱབ་ཡོད།
            གཉིས་པ། ལས་ཀའི་མྱོང་ཚོར།
            རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ང་ཚོས་སྒོ་ཀུན་ནས་ཏང་ནན་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ཕྱོགས་གཅིག་ནས་སློབ་སྦྱོང་བྱེད་བཞིན། ཕྱོགས་གཞན་ཞིག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། ལས་ཀ་བྱེད་པ། ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་བཅས་མཐའ་འཁྱོངས་བྱས་པས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་།
            --ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ངོ་མ་དང་ངོ་མ་ཤེས་པ། ངོ་མ་ཡིད་ཆེས། ངོ་མ་བཀོལ་སྤྱོད་བཅས་བྱེད་དགོས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་སྒོ་ཀུན་ནས་ཏང་ནན་སྐྱོང་བྱེད་རྒྱུར་གྲུབ་འབྲས་གཟེངས་སུ་ཐོན་པའི་རྩ་བའི་བརྩི་སྲུང་ཞུ་ས་ཡིན་པ་དང་། བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཀར་ཐོབ་པའི་གྲུབ་འབྲས་དེ་དག་ཚང་མ་ནི་རླབས་ཆེན་གྱི་དགོངས་པ་དེ་སློབ་སྦྱོང་ལག་བསྟར་བྱས་པའི་མངོན་སུམ་གྱི་ལག་ལེན་ཞིག་ཡིན་ལ། ཚང་མ་རླབས་ཆེན་གྱི་དགོངས་པ་དེའི་མཛུབ་སྟོན་འོག་ཐོབ་པའི་གྲུབ་འབྲས་ཀྱང་ཡིན། རྒྱང་ལམ་གསར་པ་དང་འགྲན་སློང་གསར་པར་ཁ་ཕྱོགས་སྐབས། ང་ཚོས་སྔ་ཕྱི་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། གཅིག་སྡུད་སློབ་སྦྱོང་ལམ་ལུགས་འཐུས་ཚང་འཛུགས་པ། སློབ་སྦྱོང་བྱེད་ཐབས་གསར་གཏོད་བྱེད་པ། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྒོ་ཀུན་ནས་ཏང་ནན་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལོན་པ། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་ཀ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།
            --ངེས་པར་དུ་ཏང་གིས་སྒྲིག་བཤེར་ལྟ་ཞིབ་ལས་ཀར་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དེད་དཔོན་ལྟ་བུའི་ལམ་སྟོན་དང་ཏང་ཀྲུང་དབྱང་གི་ཞུམ་མེད་འགོ་ཁྲིད་མེད་པ། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྔོན་ཚུད་བཀོད་འདོམས་བཅས་མེད་ན་རང་ལྗོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་མི་སྲིད་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་ཡང་གཏོང་མི་ཐུབ། རྒྱང་ལམ་གསར་པ་དང་འགྲན་སློང་གསར་པར་ཁ་ཕྱོགས་སྐབས། ཆབ་སྲིད་ལས་ཁུངས་ཀྱི་འགན་འཁྲིའི་ངེས་གནས་སྔ་ཕྱི་བར་གསུམ་དུ་བརྟན་སྲུང་བྱེད་དགོས་པ་དང་། ཉིས་བརྩེགས་འགོ་ཁྲིད་ཞིབ་ཕྲ་ཅན་དང་གོ་རིམ་ཅན། ལམ་ལུགས་ཅན་བཅས་སུ་སྐུལ་འདེད་ཏན་ཏིག་བཏང་ནས་གོང་རིམ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རིམ་མཚུངས་ཏང་ཨུད་ཀྱི་འགོ་ཁྲིད་འོག ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་མཛད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམ་པོར་དམིགས་ཤིང་། ལྗོངས་ཡོངས་ཀྱི་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་སྐུལ་འདེད་གཏོང་རྒྱུའི་ཐབས་ཇུས་བཏིངས་ནས། སྒྲིག་བཤེར་ལྟ་ཞིབ་ལས་ཀས་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་ཐུབ་རྒྱུར་འགན་ལེན་བྱེད་དགོས།
            --ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་ཆབ་སྲིད་ཀྱི་རྩ་བའི་ལངས་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན། ནུས་ཤུགས་ཡོད་རྒུས་དཀའ་ངལ་མང་པོ་ཁྱད་བསད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་གོང་འཕེལ་བཏང་ཚེ། མང་ཚོགས་ཚོས་སེམས་ཀྱི་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ངེས་ཡིན། ལག་ལེན་དངོས་ནས་ར་སྤྲོད་ཐུབ་པར། མང་ཚོགས་ཀྱིས་ངོ་རྒོལ་དང་འཁོན་འཛིན་བྱེད་ས་ནི་ང་ཚོས་ཡག་པོ་སྒྲུབ་མ་ཐུབ་པའི་ལས་ཀ་དེ་དག་ཡིན་པ་དང་། མང་ཚོགས་ཀྱིས་བློ་མོས་དང་དངོས་ཕན་དུ་འཛིན་པ་ནི་ང་ཚོས་མུ་མཐུད་ཡག་པོ་བསྒྲུབ་དགོས་པའི་ལས་ཀ་དེ་དག་ཡིན། རྒྱང་ལམ་གསར་པ་དང་འགྲན་སློང་གསར་པར་ཁ་ཕྱོགས་སྐབས་ང་ཚོས་མང་ཚོགས་ཀྱི་ཁ་པར་ཡོང་ཐེངས་རེ་རེ་དང་ངོ་བཅར་རེ་རེ། ཡིག་འབུལ་རེ་རེའི་ཁྲོད་ནས་མང་ཚོགས་ཀྱི་བདེ་སྡུག་ཞུ་འབོད་དང་སྤྱི་ཚོགས་ཐོག་གླེང་ཆ་ཆེ་བའི་དཀའ་གནད་ཤེས་རྟོགས་ཐུབ་མཁས་པོ་དགོས་པ་དང་། ལྟ་སྐུལ་གཤམ་སྒྱུར་དང་ལྟ་སྐུལ་དོན་ཐོག་ཏུ་འཁྱོལ་བ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཆེ་རིགས་བཅོས་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས།
            --ངེས་པར་དུ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ནི་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་གསུམ་ལ་གཞི་གཅིག་ཏུ་སྐུལ་སྤེལ་བཏང་བའི་མཛད་ཇུས་ཀྱི་རྒྱལ་ཁ་ཡིན། མིག་སྔར་རང་ལྗོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། བཅད་གྲངས་སྔར་བཞིན་ཉུང་དུ་མི་འགྲོ་བ། བརྒལ་གྲངས་སྔར་བཞིན་འཕར་གྱི་ཡོད་པས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱེད་དགོས་པ་མ་ཟད། ཡན་ལག་བཅོས་སྒྲིག་བྱེད་པའི་མཚོན་ཆ་རྣོན་པོ་བེད་སྤྱོད་ཡག་པོ་བྱེད་པ་དང་། རྩ་བ་ནས་བཅོས་སྒྲིག་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས། རྒྱང་ལམ་གསར་པ་དང་འགྲན་སློང་གསར་པར་ཁ་ཕྱོགས་སྐབས། ང་ཚོས་ཆད་པ་ནན་པོ་གཅོད་རྒྱུའི་བྱ་ཐབས་དམ་འཛིན་ནན་པོ་བྱེད་རྒྱུ་ལྷོད་གཡེང་གཏན་ནས་མི་གཏོང་བར་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཤེས་རྟོགས་བྱེད་རིམ་བཞིན་ཚང་མ་ཞིབ་བཤེར་ཐག་གཅོད་བྱེད་པ་སོགས་གནད་དོན་ཤེས་རྟོགས་བྱུང་ཚད་ཚང་མ་རྩད་ཞིབ་ཐག་གཅོད་བྱེད་དགོས་ལ་ཞིབ་བཤེར་བརྟག་དཔྱད་བྱེད་པའི་ནང་གྱོད་གཞིར་བརྟེན་ནས་དག་ཐེར་དང་བཅོས་སྒྲིག་བྱེད་པའི་ཐབས་ཇུས་བཟོས་ཏེ་རུལ་སུངས་བྱེད་མཁན་ཐར་པར་མི་གཏོང་བ་དང་རུལ་སུངས་བྱེད་འདོད་ཀྱི་བསམ་ངན་མེད་པ་བཟོས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་གསུམ་ཕན་ཚུན་མཐུན་སྦྱོར་དང་གཞི་གཅིག་སྒོ་ནས་སྐུལ་སྤེལ་གཏོང་དགོས།
            --ངེས་པར་དུ་གཙོ་རྐང་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་མཐུན་སྦྱོར་མཉམ་སྒྲུབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། “འགན་འཁྲི་གཉིས”ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུའི་ཐོག་གཅིག་གྱུར་དམ་ཚགས་ཡོང་བ་བྱེད་པར། ཏང་ཨུད་ཀྱི་གཙོ་རྐང་འགན་འཁྲི་ནི་འགག་རྩ་དང་སྔོན་འགྲོ་ཡིན་པ་དང་། སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་ནི་གཞོགས་འདེགས་དང་འགན་སྲུང་ཡིན། རྒྱང་ལམ་གསར་པ་དང་འགྲན་སློང་གསར་པར་ཁ་ཕྱོགས་སྐབས། དུས་བབ་ག་ཚོད་ཀྱིས་རྙོག་འཛིང་ཆེ་ན་ལས་འགན་དེ་བས་ལྕི་བ་ཡོད་པས་དེ་བས་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དེ་བས་ཕྱོགས་ཡོངས་ནས་བློ་བརྟན་འགྱུར་མེད་ངང་ཏང་ནན་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་གཞོགས་འདེགས་ཀྱི་འགན་ནུས་དང་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་སྣང་ཚུལ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། གལ་ཆེའི་དོན་དག་དགོངས་སྐོར་སྙན་ཞུ་བྱེད་པ། བསམ་འཆར་དང་གྲོས་འགོ་འདོན་པ། ཐབས་ཇུས་དོན་འཁྱོལ་བྱེད་རྒྱུར་ལྟ་སྐུལ་དང་སྐུལ་འདེད་གཏོང་བ། འགན་འཁྲི་བདའ་འདེད་དང་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤེལ་ནས། “འགན་འཁྲི་གཉིས”མཉམ་འདྲེས་མཉམ་མཐུད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།
            --ངེས་པར་དུ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་བློ་དཀར། སྤྱོད་གཙང་། འགན་འཁུར་དང་། ཆེད་ལས་བྱང་བ། འཐབ་རྩོད་བྱེད་མཁས་པ་དང་བྱེད་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་བཙན་པོ་ཞིག་འཛུགས་སྐྱོང་བྱེད་དགོས་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པ་ནི“ལྕགས་རྡུང་མཁན”ལྟ་བུ་ཡིན་པའི་ངོས་ནས་ཐོག་མར་རང་ཉིད“ལྕགས་ལྟར་མཁྲེགས་པའི་མི”ཞིག་ཏུ་འགྱུར་བ་བྱེད་དགོས། རང་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མང་ཆེ་བ་ནི་ཡག་པོ་ཡོད། འོན་ཀྱང་ད་དུང་ཡང་ལས་བྱེད་པ་ཆེས་ཉུང་ཤས་ཤིག་གི་ཕུགས་བསམ་དང་དད་སེམས་བརྟན་པོ་མེད་པ་དང་། སྒྲིག་ལམ་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པ། ཐ་ན་སྒྲིག་ཁྲིམས་དང་ཁྲིམས་ལུགས་ལག་བསྟར་བྱེད་མཁན་ཞིག་གི་ངོས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ཐོན་གྱི་ཡོད། རྒྱང་ལམ་གསར་པ་དང་འགྲན་སློང་གསར་པར་ཁ་ཕྱོགས་སྐབས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་གི་དབང་ཆ་ནི་ཏང་དང་མི་དམངས་ཀྱིས་སྤྲད་པ་དང་། གོང་འོག་དང་གཡས་གཡོན་ཀུན་ནས་མཚམས་དང་ཚོད་འཛིན་ཡོད་པ་སེམས་ལ་བརྟན་པོར་ངེས་ཐོག ངེས་པར་དུ་རང་འགུལ་ངང་བསམ་བློའི་མཐའ་ཚད་བརྟན་དུ་གཏོང་བ་དང་། རང་འགུལ་ངང་ཏང་ཕྱི་ནང་གི་ལྟ་སྐུལ་དང་ལེན་བྱེད་པ། རང་འགུལ་ངང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞུམ་པ་མེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས“སྲུང་སྐྱོང་གཉིས”ཐུབ་པའི་བློ་དཀར་སྲུང་དམག་ཡག་པོ་ཞིག་བྱེད་དགོས།
            གསུམ་པ། ལས་ཀའི་གྲོས་འགོ།
            རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་འདྲེས་པའི་འཐབ་ཇུས་ཀྱི་འབྲེལ་ཚིགས་ལྟ་བུ་དང་། བོད་ཀྱི་ལས་དོན་དེ་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་སླེབས་པ་དང་། དུས་བབ་གསར་པ་དང་ལས་འགན་གསར་པའི་དུས་རིམ་གལ་ཆེན་ཞིག་དང་འཕྲད་ཅིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་འགོ་ཁྲིད་འོག བློ་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་ཁ་ཕྱོགས་ཏེ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་བཞིན་པའི་ལོ་རྒྱུས་ཀྱི་དུས་མཚམས་སུ་སྐོང་འཚོག་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་ཟོལ་མེད་ཀྱིས་ལག་བསྟར་བྱེད་པ། རང་རྟོགས་ངང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་བེད་སྤྱོད་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འཐབ་ཇུས་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་སློབ་སྦྱོང་བྱེད་རྒྱུར་དམ་པོར་དམིགས་པ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་འཛུགས་རྒྱུར་དམ་པོར་དམིགས་ཏེ་གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་ལ་ཡང་དག་པའི་སྒོ་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པ། “དོན་ཆེན་བཞི”དམ་འཛིན་བྱེད་རྒྱུར་དམིགས་པ་དང་། “གསར་འཛུགས་བཞིར”སྐུལ་སྤེལ་ཤུགས་ཆེ་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་སྤེལ་ཐུབ་པ་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་མངོན་ཆེར་གཏོང་བ་དང་། རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏིང་ཟབ་བཏང་ནས་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་དང་བཅོས་སྐྱོང་གི་ཕན་ནུས་དེ་བས་ཆེ་བ་ཐོབ་རྒྱུར་འབད་བརྩོན་ཧུར་ཐག་བྱས་ཏེ་གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་ལེའུ་གསར་པ་རྩོམ་ཆེད་འགན་སྲུང་བརྟན་པོ་ཡོང་བ་བྱེད་དགོས།
            (གཅིག) ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས“གཏན་འཁེལ་གཉིས”དེ“སྲུང་སྐྱོང་གཉིས”སུ་སྒྱུར་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་སྐུལ་འདེད་གཏོང་དགོས་པ། རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་གལ་ཆེན། ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་བཅས་ལ་དམ་པོར་དམིགས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམ་པོར་དམིགས་པ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་རྒྱུ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། “དོན་ཆེན་བཞི”དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དམ་པོར་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཤུགས་རྐྱེན་ཐེབས་པའི་ལམ་ལུགས་ཀྱི་འགོག་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་། ལེན་རྒྱུར་སྒུག་ནས་སྡོད་པ་དང་ཀར་ཀོར་བྱས་པ། རྗེས་ནས་ཚ་འདེད་གཏོང་དགོས་པ། མུན་འཐོམས་ཀྱིས་ཇུས་ཐག་གཅོད་ཅིང་རང་ཤེད་ཨུ་ཚུགས་ཁོ་ན་བྱེད་རིགས་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་མཛད་ཇུས་ཆེ་མོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། “སྲུང་སྐྱོང་གཉིས”ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་དམ་ནན་གཏོང་བ་དང་། “ཡོད་པ་བདུན”ལ་དམིགས་ཏེ་ཆབ་སྲིད་ཐད་ཀྱི་མགོ་གཉིས་མ་དང“མགོ་གཉིས་ཤོག་ཁག”གཙང་སེལ་མཐའ་གཅིག་ཏུ་བྱེད་དགོས ། (པར་ངོས་བརྒྱད་པར་གཟིགས) (པར་ངོས་བདུན་པར་མཐུད)
            (གཉིས)“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ”བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུར་མཐའ་འཁྱོངས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པ། དམ་ནན་བྱེད་པའི་དགོངས་གཞི་གཙོ་བོ་མི་འགྱུར་བ་མཐའ་འཁྱོངས་བྱས་ཏེ། བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ་དང་། བཀག་འགོག་ལ་མཐོང་ཆེན་དང་མཐོ་གནོན་ཤུགས་ཆེ་བ། ཟིལ་གནོན་ཆེ་བ་བཅས་མཐའ་འཁྱོངས་བྱེད་པ། ལྐོག་རྔན་སྤྲོད་ལེན་བྱེད་མཁན་མཉམ་བཤེར་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཐོག་ཇུས་ཐག་གཅོད་དབང་དང་ཞིབ་མཆན་སྤྲོད་དབང་། ལྟ་སྡོམ་བྱེད་དབང་བཅས་དང་དེ་བཞིན་ཁྲིམས་བསྟར་ཁྲིམས་འཛིན་བྱེད་དབང་ལ་དམིགས་པ་དང་། འགག་རྩའི་ཉུང་ཤས་དང་ལྷག་པར་དུ“འགོ་གཙོ་དང་པོར”དམིགས་ཏེ་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་འདྲེས་ཡིན་པའི་རུལ་སུངས་ཀྱི་གྱོད་གཞིར་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། སློབ་གསོ་དང་སྨན་བཅོས། སྲིད་ཁྲིམས། གཞུང་ཁོངས་ཁེ་ལས། དངུལ་རྩ་སོགས་ཁྱབ་ཁོངས་ནང་ཐོན་པའི་རུལ་སུངས་དང་སྤྱོད་ཚུལ་ཐད་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ནམ་ཡང་ལྡན་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ཚོགས་ཚུང་གི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྲོས་བྱོལ་དུ་འགྲོ་མཁན་ལ་དོགས་ཟོན་དང་བདའ་འདེད་གཏོང་བའི་ལས་ཀར་ཤུགས་སྣོན་རྒྱག་པ། གྱོད་སྒྲུབ་བྱེད་གནས་འཛུགས་སྐྱོང་དང་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ། གྱོད་སྒྲུབ་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏུ་བཏང་བ། གྱོད་གཞི་སྒྲུབ་གཉེར་གྱི་ལས་ཀར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་དང་ནུས་ཕྱོད་ཆེ་རུ་གཏོང་དགོས། “རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ”བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་དག་ཐེར་དང་བཅོས་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་བ། ཏང་གཤིས་དང་ཏང་སྲོལ། ཏང་སྒྲིག རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ཏེ་སྤྱོད་གཙང་གི་རིག་གནས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
            (གསུམ) རིགས་ཁག་གི་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུར་སྐུལ་འདེད་བཏང་ནས་ལྟ་སྐུལ་བཅོས་སྒྲིག་གི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཧྲུའུ་ཅི་འགན་ཁུར་བ་དང་པོ་ཡིན་པའི་འགན་འཁྲི་ནན་དཀྲིས་བྱས་ཏེ་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཐད་ལ་ཤུགས་སྣོན་རྒྱག་དགོས། ཁྱབ་ཆེ་བའི་ནང་ལྟ་སྐུལ་བྱེད་ཤུགས་གུང་སྒྲིལ་དང་བཀོལ་སྤྱོད་བྱས་ཏེ་ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་འོག་ཆེད་འགན་ལྟ་སྐུལ་ཏན་ཏིག་བྱེད་པ་དང་། སྒྲིག་ཁྲིམས་ཀྱི་ལྟ་སྐུལ་དང་ལྟ་ཞིབ་ཀྱི་ལྟ་སྐུལ། མངག་སྡོད་ཀྱི་ལྟ་སྐུལ། སྐོར་གཟིགས་ཀྱི་ལྟ་སྐུལ་བཅས་གཅིག་གྱུར་འབྲེལ་མཐུད་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཏང་ཕྱིའི་ལྟ་སྐུལ་གཉིས་ཟུང་འབྲེལ་ཐུབ་པ་བྱས་ཏེ་ལྟ་སྐུལ་གྱི་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། འཚམས་འདྲི་དང་བརྟག་ཞིབ། ལྟ་ཞིབ། སྙིང་གཏམ་གླེང་རེས་བྱེད་པ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ལྟ་སྐུལ་གཤམ་འོག་ཏུ་དོན་འཁྱོལ་ཡོང་བ་དང་གནད་དོན་མ་བྱུང་སྔོན་ལ་ལྟ་སྐུལ་བྱེད་རྒྱུར་སྐུལ་འདེད་བཏང་ནས་དབང་ཆ་དག་ལྟ་སྐུལ་གྱི་དམ་ནན་འོག་ཚུད་ཐུབ་པ་བྱེད་དགོས། “ཤུགས་ཆེར་གཏོང་རྒྱུ་ལྔ”མངོན་ཆེར་འཛིན་ཏེ“འགོ་གཙོ་དང་པོ”དང་འགོ་ཁྲིད་དཔུང་ཁག་གི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས“འགག་རྩའི་ཉུང་ཤས”ལ་དོ་དམ་ནན་པོ་དང“མི་མང་ཆེ་བར”དོ་དམ་གང་ལེགས་བྱེད་དགོས།“ཐབས་རྣམ་བཞི”དངོས་ཐོག་ཏུ་བཀོལ་སྤྱོད་ཐུབ་པ་བྱས་ཏེ་དམ་ལྷོད་མཉམ་འབྲེལ་དང་གནད་འཕིགས་གང་ལེགས་ཐུབ་པ་བྱེད་དགོས། “དབྱེ་འབྱེད་གསུམ”དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་ནོར་འཛོལ་རུང་ལ་ཡོ་བསྲང་ཡང་བྱེད་ཕོད་པ་བྱས་ནས་ཏང་ཡོན་ལས་བྱེད་པས་ཐེག་པ་ཁུར་ལེན་དང་ལས་རྗེས་འཇོག་རྒྱུར་སྐུལ་སྤེལ་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཆ་འཕྲིན་ཅན་དུ་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཚན་རིག་གི་ཐོག་ནས་ལས་ཕྱོད་མངོན་པ་བྱེད་དགོས།
            (བཞི) མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། བར་བརྒལ་དུས་མཚམས་ཀྱི་ཆེད་དོན་ལྟ་སྐུལ་གཏིང་ཟབ་སྤེལ་ནས་དུས་བཀག་ཐོག་བཀོད་གཏོང་བཀོད་སྒྲིག་བྱེད་པ་དང་ལྟ་སྐུལ་དོན་འཁྱོལ་བྱེད་རྒྱུ་རྗེས་སྙེག་ཐུབ་པ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། “ལྡན་པ་གསུམ་དང་ཕན་ཡོད་གཅིག”མཐའ་འཁྱོངས་བྱས་ནས་འགན་ནུས་སྡེ་ཁག་གིས་ཐོན་ལས་ཀྱི་རྟེན་གཞི་དང་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་དང་དོ་དམ། སྒྲུབ་གཉེར་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གསེལ་བཀྲོལ་རྩིས་བཤེར་དང་རིམ་དབྱེ་བཅོས་སྒྲིག་བྱེད་རྒྱུར་ལྟ་སྐུལ་བྱས་ཏེ་བོད་སྐྱོར་གྱི་རྣམ་གྲངས་དང་མ་དངུལ་ཐད་ལ་ལྟ་སྡོམ་བྱེད་རྒྱུར་ཤུཌ་སྣོན་བརྒྱབ་ནས་དམངས་འཚོའི་ལས་གྲྭ་དེ་དམངས་སེམས་འདུ་འགོད་ལ་དངོས་སུ་འགྱུར་ཐུབ་པ་བྱེད་དགོས། ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོ་དང་སྨན་བཅོས། རྒན་གསོ། སྤྱི་ཚོགས་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཁྲིམས་བསྟར་ཁྲིམས་འཛིན་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་། གྲོང་ཚོའི(སྡེ་ཁུལ)མཉམ་སྡེབ་ཀྱི“གཞུང་གྲོན་གསུམ”དོ་དམ་བེད་སྤྱོད་བྱེད་ཐབས་ལ་དམིཌ་པ་བཅས་བྱས་ཏེ་བཟའ་འཁྱེར་བཀག་གསུམ་དང་ཉེ་དགའ་ཕྱོགས་ཞེན། རྫུན་ཞུ་གཡོ་ལེན། འཕྲི་འཐེན་བཙན་བཟུང་། ལྐོག་བཟའ་གཞན་སྤྱོད་སོགས་རུལ་སུངས་དང་སྤྱོད་ཚུལ་ཐད་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ནག་འབྲེལ་ངན་འབྲེལ་གྱི་རུལ་སུངས་དང“སྲུང་གདུཌ”རྒྱབ་རྩ་བྱེད་རིགས་ཀྱི་གནད་དོན་ལ་རྒྱུན་རྣམ་ཅན་གྱི་ཆད་པ་གཅོད་རྒྱུ་དང་། ནག་ཚོགས་ཀྱི་སྟོབས་ཤུཌ་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་གཏོང་རྒྱུར་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་མཁན་ལ་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།
            (ལྔ) ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ། “སྤྱོད་ཚུལ་དང་། འགན་འཁྲི། སྐྱོན་ཆ། དོན་འཁྱོལ་བཅས་ལ་ཞིབ་བཤེར་བྱེད་པའི”སློབ་གསོ་གཏིང་ཟབ་སྤེལ་ཏེ་ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་སློབ་སྦྱོང་ལག་བསྟར་བྱེད་རྒྱུར་རྣམ་འགྱུར་མང་བ་དང་། དོན་འཁྱོལ་ཞན་པ། དམིགས་བསལ་འཛིན་པ། སྟངས་སྟབས་འགོར་བ། ལས་མི་བྱེད་པ། ལས་འགྱངས་གཏོང་བ་སོགས་ཀྱི་གནད་དོན་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། ཇི་ཙམ་གྱིས་རྗེས་སུ་སླེབས་ན་དེ་ཙམ་གྱིས་ཐག་གཅོད་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞིབ་བཤེར་ཐག་གཅོད་དང་དམར་འདོན་བརྡ་ཁྱབ་གཏོང་ཤུགས་རྒྱུན་མཐུད་ནས་ཆེ་རུ་གཏོང་བ་བཅས་བྱས་ནས“སྤྱོད་ཚུལ་བཞི”བསྐྱར་ལོག་ཡོང་རྒྱུར་འགོག་ཟོན་ནན་པོ་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཀྱིས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ལ་བཅོས་སྒྲིག་བྱེད་རྒྱུར་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ཡང་དུ་བཏང་ནས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་དགོས། “ཟ་མཁས་འཐུང་མཁས་ཀྱི་འཚོ་བ་སྐྱེལ་རྒྱུ”མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གི་ཉོ་སྒྲུབ་ཚད་དང་མི་མཐུན་ཞིང་། གོང་ཚད་ལུགས་དང་མི་མཐུན་པ། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་བཟའ་འཐུང་འཕྲོ་བརླག་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་བཅོས་སྐྱོང་བྱེད་པ་དང་། “གཞུང་གྲོན་རྣམ་གསུམ”ལ་དོ་དམ་དང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་བཀག་སྡོམ་མཐའ་གཅིག་ཏུ་བྱེད་པ། ཏང་གི་མཚན་སྙན་ལ་གནོད་རིགས་དང་མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་བྱེད་རིགས་ཀྱི་སྤྱོད་ཚུལ་བཅོས་སྒྲིག་གཏིང་ཟབ་བཅས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཁྱིམ་སྲོལ་བཟང་པོ་ལེགས་སྐྱོང་བྱེད་པ་དང་། སྲིད་ཚོང་བར་གྱི་ཉེ་གཙང་འབྲེལ་བ་གསར་པ་བཙུགས་པ། དམིགས་བསལ་གྱི་དབང་ཆ་ཡོད་སྙམ་པའི་བསམ་བློ་ཡོད་རིགས་དང་དམིགས་བསལ་གྱི་སྤྱོད་ཚུལ་འཛིན་སྟངས་ལ་ངོ་རྒོལ་བྱེད་པ་བཅས་བྱས་ཏེ་དུས་རབས་གསར་པར་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས།
            (དྲུག) བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ཀྱི་སྐོར་གཟིགས་བྱེད་རྒྱུ་གཏིང་ཟབ་ཏུ་བཏང་ནས་སྐོར་གཟིགས་ཐད་རྩ་ལག་མཉམ་བཅོས་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། ཀྲུང་དབྱང་གི་སྐོར་གཟིགས་ལས་ཀའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་ཀའི་ལོ་ལྔའི་འཆར་འགོད་བཟོས་ཏེ་རྒྱུན་སྲོལ་སྐོར་གཟིགས་དང་ཆེད་དོན་སྐོར་གཟིགས། “སྐབས་སྤྱོད་རྣམ་པའི”སྐོར་གཟིགས་དང་དེ་བཞིན“ཕྱིར་མིག་ལྟ་བ”བཅས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་སྐོར་གཟིགས་ཡོངས་ཁྱབ་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་དགོས། སྐོར་གཟིགས་སྐོར་དཔྱོད་གོང་འོག་མཉམ་འགུལ་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་རྫོང་ཨུད་ཀྱི་སྐོར་དཔྱོད་ལས་ཀར་འགོ་ཁྲིད་དང་མཛུབ་སྟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཨུད(གྲོང་ཁྱེར)ཀྱིས་གྲོང་ཁྱེར་དང་རྫོང་གཉིས་ཀྱི་སྐོར་དཔྱོད་སྟོབས་ཤུགས་དང་གཞི་གཅིག་ཏུ་སྐོར་དཔྱོད་བྱེད་རྒྱུ་གཅིག་འགྱུར་འཆར་འགོད་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་དགོས། སྐོར་གཟིགས་སྐོར་དཔྱོད་ཀྱི་གྲུབ་འབྲས་སྤྱོད་རྒྱུར་དམ་འཛིན་ཡག་པོ་བྱེད་རྒྱུ་མངོན་ཆེར་བཟུང་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་བཅས་ཀྱི་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅོས་སྒྲིག་ཐད་ཀྱི་གཙོ་རྐང་འགན་འཁྲི་ནན་དཀྲིས་དམ་གནོན་བྱས་ཏེ་བཅོས་སྒྲིག་དོན་འཁྱོལ་དང་རྩ་ལག་མཉམ་བཅོས་གཏིང་ཟབ་བྱེད་རྒྱུ་ཟུང་འབྲེལ་ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་སྐོར་གཟིཌ་བྱེད་པའི་སྤུས་ཚད་དང་ནུས་ཕྱོད་མངོན་ཐུབ་པ་བྱེད་དགོས།
            (བདུན) རླབས་ཆེའི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེར་བཏང་ནས་གཞུང་དྲང་དང་སྤྱོད་གཙང་འགན་ཁུར་བཅས་ལྡན་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་བཙན་པོ་རྒྱུན་མཐུད་ངང་གསོ་སྐྱོང་བྱེད་དགོས་པ། བསམ་བློར་ཞུན་བརྡར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། བརྟན་ལ་ཟབ་ཅིང་གོ་རིམ་ལྡན་པའི་སྒོ་ནས་ལྗོངས་དང་གྲོང་ཁྱེར། རྫོང་བཅས་ཀྱི་ལྟ་ཞིབ་ཨུ་ལྷན་གྱིས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་ལས་ཀ་སྙན་སེང་ཞུ་རྒྱུར་སྐུལ་འདེད་བཏང་སྟེ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་སུ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལས་བྱེད་པ་བདམས་སྐྱོང་དང་དོ་དམ། བཀོལ་སྤྱོད་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་ཁག་གི་གྲུབ་ཆ་ལེགས་འགྱུར་བྱེད་པ། ལས་སྒོའི་གསོ་སྦྱོང་དང་ལག་ལེན་དངོས་ནང་གོམས་སྦྱོང་ཡོང་བར་ཤུགས་སྣོན་རྒྱག་པ། ལས་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔུང་ཁག་འཛུགས་སྐྱོང་སྟོབས་ཆེ་དང་ལས་བྱེད་པ་ཉམས་སད་ཐེག་ཐུབ་པ་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྟ་ཁྱུར་གནོད་པའི་རྟ་ངན་མཐའ་གཅིག་ཏུ་གཙང་སེལ་བྱེད་པ། “སྒྲོན་འོག་གི་མུན་པ”ནན་སེལ་བྱེད་པ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་གང་བྱུང་དུ་མི་སྤྱོད་པའི་འགན་ལེན་ཡོང་བ་དང་ངན་འདོམས་བཟང་སྤེལ་གྱི་རྣོ་གྲིར་ནམ་ཡང་ཐལ་དུལ་གྱིས་མ་འགོ་བ་བྱེད་དགོས།
            ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱུན་བསྲིང་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འཐབ་ཇུས་མཛད་ཕྱོགས་དོན་འཁྱོལ་བྱེད་པ། འཐབ་རྩོད་བྱེད་པའི་བློ་སྟོབས་དང་འཇོན་ནུས་ཆེ་རུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱེད་རྒྱུར་བསུ་བ་ཞུ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།