ཀྲུང་གོའི་བོད་ལྗོངས་དྲ་བ། > ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། > གསར་འགྱུར།

ཡུས་ཚུང་ལིས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་སུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་བྱས།

སྤེལ་དུས 2021-12-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཆུས་ཐན་གྲོང་རྡལ་དུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་བཤད་དང་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱས།
          ཡུས་ཚུང་ལི་སྔ་གཞུག་ཏུ་ཆུས་ཐན་གྲོང་རྡལ་ཞུས་ཅ་ཐའེ་སྡེ་བ་དང་། གྲོང་རྡལ་གསར་བའི་གནས་སྤོར་ས་ཚིགས་སུ་སོང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། རྒྱུན་མཐུད་ཐོན་ལས་འཕེལ་རྒྱས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གནས་ཚུལ་བཅས་ལ་རྒྱུས་ལོན་དང་། ཏང་ཡོན་དང་མང་ཚོགས་འཐུས་ཚབ་པར་བརྗེ་རེས་གླེང་མོལ་བྱས་ཤིང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་བཤད་དང་། ལས་བྱེད་མང་ཚོགས་ཀྱིས་བློ་གྲོས་དང་རྔུལ་ཆུས་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱེད་པར་སྐུལ་མ་བྱས།
          ཡུས་ཚུང་ལི་ཡིས་བསྟན་དོན། ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར། ང་ཚོས་ཏང་གིས་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པ་དང་། ཁྱོན་ཡོངས་ནས་ཏང་གི་ལོ་བརྒྱའི་གྲུབ་འབྲས་དང་ལོ་རྒྱུས་ཉམས་མྱོང་སྤྱི་བསྡོམས་བྱས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དྲིལ་སྒྲོག་སློབ་སྦྱོང་བྱེད་པ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་སྡུག་གི་བརྒྱུད་རིམ་གང་དག་བརྒྱུད་པ་དང་། ལོ་ངོ100ཡི་རིང་གྲུབ་འབྲས་གལ་ཆེན་གང་དག་བླངས་པ། ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་སྒྲུབ་པ། ལོ་བརྒྱའི་དཀའ་སྤྱད་ཧུར་བརྩོན་ནི་སུ་ཞིག་གི་ཆེད་དུ་ཡིན་པ། སྔ་ན་མེད་པའི་ལས་དོན་ཆེ་གྲས་གང་ཞིག་སྒྲུབ་པ། འདས་སོང་ལ་ཅིའི་ཕྱིར་རྒྱལ་ཁ་བླངས་པ་དང་མ་འོངས་པར་ཅི་ལྟར་བྱས་ན་ད་གཟོད་རྒྱལ་ཁ་ལེན་ཐུབ་པ་སོགས་ཀྱི་གཞུང་ལུགས་དང་ལག་ལེན་གནད་དོན་ལ་གོ་བ་ལེན་དགོས་ཞེས་བསྟན། 
          ཡུས་ཚུང་ལིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་། ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་བཅས་དང་། དེང་སྐབས་སྒྲུབ་བཞིན་པའི་གནས་ཚུལ་དང་ཟུང་འབྲེལ་སྒོས། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱིས་སྐུལ་སྤེལ་བྱས་པའི་སྟོབས་ཤུགས་ཀྱིས་དབུལ་ཐར་མཁྲེས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ། གྲོང་གསེབ་དར་སྤེལ་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། ལས་ཞུགས་གནད་དོན་ཐག་གཅོད་དང་འབད་བརྩོན་ཕྱུག་འགྱུར། གསར་སྐྲུན་ཕྱུག་འགྱུར་བཅས་བྱས་ཏེ། ཐུན་མོང་གི་འབྱོར་ཕྱུག་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་བསྟན། །
རྩོམ་སྒྲིག་པ། བདེ་སྒྲོན།