ཀྲུང་གོའི་བོད་ལྗོངས་དྲ་བ། > ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། > གསར་འགྱུར།

ཀརྨ་ཚེ་བརྟན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

སྤེལ་དུས 2021-12-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚེས་10ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་ཏང་ཕྱིའི་འཐུས་མིའི་མི་སྣར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། མི་རིགས་ལས་རིགས་དང་། ཆོས་ལུགས་ལས་རིགས། དམངས་གཉེར་དཔལ་འབྱོར་ལས་རིགས་བཅས་ཀྱི་འཐུས་མི་དང་། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐུས་མི། ལྗོངས་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱི་ལས་བྱེད་པ་བཅས་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད།
           ཀརྨ་ཚེ་བརྟན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གསར་གཏོད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་བླང་བྱ་གལ་ཆེན་བཏོན་པ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“ལོ་བརྒྱ་གཉིས”ཀྱི་འཐབ་ཇུས་འབྲེལ་མཚམས་དང་བསྟུན་པ་དང“སྤྱི་ཡོངས་གཉིས”བློ་ལ་བཅངས་ནས་བོད་ལྗོངས་ཀྱི་སླད་ཕྱིན་དུས་སྐབས་ཤིག་རིང་གི་འབད་འཐབ་དམིགས་ཚད་བཏོན་ཡོད་ཅེས་གསུངས་ཤིང་། ཁོང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ངེས་པར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ནས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པ། སེམས་ཤུགས་གཅིག་སྒྲིལ། འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་བླང་བྱ་བཏོན་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།