ཀྲུང་གོའི་བོད་ལྗོངས་དྲ་བ། > ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་དབུ་ཚོགས་གཙོ་སྐྱོང་གནང་བ།

སྤེལ་དུས 2021-11-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་གནང་བ།

          ཟླ་11ཚེས་22ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་དབུ་ཚོགས་གཙོ་སྐྱོང་གནང་བ་དང《ལས་དབང་གཅིག་མཐུན་མཉམ་དུ་ཁྱིམ་གཞིས་བསྐྲུན》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་མ་ཟད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་ཀྱང་གནང་བ།

          ཟླ་11ཚེས་22ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་དབུ་ཚོགས་གཙོ་སྐྱོང་གནང་བ་དང《ལས་དབང་གཅིག་མཐུན་མཉམ་དུ་ཁྱིམ་གཞིས་བསྐྲུན》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་མ་ཟད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་ཀྱང་གནང་བ།
          ཚེས་22ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་དབུ་ཚོགས་གཙོ་སྐྱོང་གནང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་གནང་བ་རེད།
          ཞི་ཅིན་ཕིང་གིས《ལས་དབང་གཅིག་མཐུན་མཉམ་དུ་ཁྱིམ་གཞིས་བསྐྲུན》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་30སོང་རིང་། སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཡོད། ལོ་30ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འཕེལ་རྒྱས་གཏིང་ཟབ་དང་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ལོ་30དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་ལོ་30ཡིན། ང་ཚོས་འཇམ་འཐབ་ཀྱི་འཇིགས་སྣང་ལས་ཐར་བ་བྱས་ཏེ་ཐུན་མོང་ཐོག་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ང་ཚོས་ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་གཞི་གཅིག་ཅན་ལ་སྣེ་ཁྲིད་བྱས་ཏེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་དམངས་ཚོགས་དུང་ཕྱུར་20ལྷག་ཙམ་དེ་བས་ལེགས་པའི་འཚོ་བ་སྐྱེལ་ཐུབ་པ་བྱས་ཡོད། ང་ཚོས་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་མཉམ་ལས་གཉིས་ཁེའི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་པ་དང་ཉིན་བཞིན་ཇེ་ཟབ་ཏུ་འགྲོ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་སུ་བསྐྱོད་དེ་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད། 
          ཞི་ཅིན་ཕིང་གིས་དེ་རིང་ང་ཚོས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཡིན་པ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། འདི་ནི་ཕྱོགས་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་པས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྒུལ་ཤུགས་གསར་པ་སྣོན་ཐུབ་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ལོ་30ཡི་རིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་ནི། ཕྱོགས་གཉིས་པོའི་ས་ཁམས་འདྲ་བ་དང་མི་ཆོས་རིག་གནས་འདྲ་བའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལས་བྱུང་བ་ཞིག་ཡིན་ལ། ང་ཚོས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་ཧུར་ཐག་བསྟུན་ནས་ལོ་རྒྱུས་ཀྱི་གདམ་ག་ཡང་དག་བྱས་པ་དང་དེ་བས་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།
          གཅིག་ནས་ཕན་ཚུན་བརྩི་འཇོག་བྱས་ནས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྟན་པོར་བསྲུངས་ཡོད། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཞི་མཐུན་མཉམ་གནས་ཡོང་བ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་རེ་འདུན་ཡིན། ང་ཚོས་སྔོན་ལ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དང“དབན་ལུང་སྙིང་སྟོབས”དར་སྤེལ་བཏང་བ་དང་། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གླེང་མོལ་རོགས་ཟླའི་ཁྲོད《ཨེ་ཤེ་ཡ་ཤར་ལྷོའི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ནང་ཐོག་མར་ཞུགས་ཡོད། ང་ཚོས་ཕན་ཚུན་དབར་གྱི་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་པ་དང་རང་སོ་སོའི་འཕེལ་རྒྱས་ཀྱི་ཐབས་ལམ་ལ་བརྩི་འཇོག་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་གཏུག་ལ་བརྟེན་ནས་བསམ་ཤེས་དང་ཡིད་ཆེས་བྱེད་ཚད་ཟབ་ཏུ་བཏང་བ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ནས་འགལ་ཟླ་དང་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་ཨེ་ཤེ་ཡའི་རིན་ཐང་ལྟ་བ་ཐུན་མོང་ཐོག་སྲུང་སྐྱོང་དང་དར་སྤེལ་བཏང་ཡོད།
          གཉིས་ནས་མཉམ་ལས་གཉིས་ཕན་ཡོང་བ་བྱས་ནས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། རྒྱལ་ཁབ་བརྟན་ལྷིང་དང་མི་དམངས་བདེ་སྐྱིད་ཡོང་བ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་དམིགས་ཡུལ་ཡིན། ང་ཚོས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་ཐོག་མཐའ་བར་གསུམ་དུ་དམིགས་པ། རང་མོས་ཚོང་དོན་ཁུལ་སྔོན་ལ་བསྐྲུན་པ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་བྱས་ནས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལ་མིང་རྟགས་འགོད་རྒྱུར་མཉམ་དུ་སྐུལ་འདེད་བཏང་སྟེ་ས་ཁུལ་མཉམ་འདྲེས་འཕེལ་རྒྱས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད།
          གསུམ་ནས་ཕན་ཚུན་ལྟ་སྐྱོང་བྱས་ནས་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས་བཅས་ཀྱི་འདུ་ཤེས་ལག་བསྟར་བྱས་ཡོད། ཕན་ཚུན་རོགས་རམ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་སྲོལ་རྒྱུན་ཡིན། ང་ཚོ་གཉེན་ཉེ་དང་འདྲ་བར་རྟག་ཏུ་འགྲོ་འོང་བྱེད་པ་དང་། བརྩེ་དུང་ལ་མཐོང་ཆེན། ཁ་དན་ཚིག་གནས་བཅས་བྱས་ཏེ་བཀྲ་ཤིས་པའི་བྱ་བ་འཕྲད་སྐབས་མཉམ་དུ་རྟེན་འབྲེལ་ཞུ་བ་དང་དཀའ་ངལ་འཕྲད་སྐབས་ཕན་ཚུན་རོགས་རམ་བྱས་ཡོད། ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་དང་། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན། ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱི་འགྲན་སློང་ལ་ལག་གདང་འབྲེལ་ནས་ཁ་གཏད་བཅག་པར་བརྟེན་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
          བཞི་ནས་བསྟུན་མཁས་མིག་བལྟོས་བྱས་ནས་སྒོ་འབྱེད་ཀྱི་ས་ཁོངས་རིང་ལུགས་མཉམ་དུ་བསྐྲུན་ཡོད། སྣ་མང་བསྟུན་མཁས་ནི་ང་ཚོའི་ཐུན་མོང་གི་གཞི་རྒྱུ་ཡིན། ང་ཚོས་ཨེ་ཤེ་ཡ་ཤར་མའི་ཤེས་དཔལ་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱས་ཏེ་སྒོ་དབྱེའི་འདུ་ཤེས་ལ་བརྟེན་ནས་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་ལ་སྣེ་ཁྲིད་དང་། འདྲ་མཉམ་གྲོས་མོལ་ལ་བརྟེན་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གཙོ་ཁྲིད་བྱེད་པའི་ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་བཏང་བ། བསྟུན་མཁས་ཀྱི་སེམས་ཁམས་ལ་བརྟེན་ནས་སྒོ་མོ་ཕྱེ་བ་ལས་གཞན་ཕྱིར་འབུད་མི་བྱེད་པའི་གྲོགས་ཚོམས་བཏོད་དེ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་དོན་འཁྱོལ་བྱས་ཡོད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྱུང་འགྱུར་འབྲེལ་བའི་ཐད་གྲོས་འགོ་ཁག་ལྔ་བཏོན་གནང་བ་སྟེ།
          གཅིག ཐུན་མོང་ཐོག་ཞི་བདེའི་ཁྱིམ་གཞིས་སྐྲུན་དགོས། ཞི་བདེ་ནི་ང་ཚོའི་ཐུན་མོང་གི་ཁེ་ཕན་ཆེ་ཤོས་ཡིན་ལ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་ཆེ་ཤོས་ཀྱང་ཡིན། ང་ཚོས་ས་ཁུལ་གྱི་ཞི་བདེ་སྐྲུན་མཁན་དང་སྲུང་སྐྱོང་བྱེད་མཁན་ཞིག་བྱས་ནས། གླེང་མོལ་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་རོགས་ཟླ་བསྒྲིགས་པ་ལས་མནའ་འབྲེལ་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ་ཞི་བདེར་འཇིགས་སྐུལ་དང་གཏོར་བཤིག་གཏོང་བའི་ལྡོག་ཕྱོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བ་ཚང་མས་གྲོས་བསྡུར་བྱས་ནས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས།
          གཉིས། ཐུན་མོང་ཐོག་བདེ་འཇགས་ཀྱི་ཁྱིམ་གཞིས་སྐྲུན་དགོས། ཏོག་གསར་གློ་ཚད་རིམས་ནད་ལས་འཛམ་གླིང་ཐོག་རྦད་དེ་བདེ་འཇགས་ཀྱི་ཁེར་ཆགས་གླིང་ཕྲན་མེད་པ་དང་ཡོངས་ཁྱབ་བདེ་འཇགས་ནི་བདེ་འཇགས་ངོ་མ་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བདེ་ཐང་ཕུབ”ཀྱི་མཉམ་ལས་གྲོས་འགོ་ལག་བསྟར་བྱས་ཏེ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་སླར་ཡང་ཏོག་གསར་རིམས་འགོག་སྨན་ཁབ་དུང་ཕྱུར་1.5རིན་མེད་ངང་རོགས་སྐྱོར་བྱ་རྒྱུ་དང་། སླར་ཡང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རིམས་འགོག་ཐེབས་རྩར་ཨ་སྒོར་ཁྲི་500མང་དུ་བཏང་ནས་རིམས་འགོག་སྨན་ཁབ་མཉམ་དུ་ཐོན་སྐྱེད་དང་ལག་རྩལ་ནང་བཤུག་གཏོང་ཤུགས་ཆེ་རུ་བཏང་སྟེ་འགག་རྩའི་སྨན་རྫས་ཞིབ་སྤེལ་མཉམ་ལས་བྱ་རྒྱུ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་རོགས་རམ་བྱ་རྒྱུ་བཅས་ཚུད་ཡོད།
          གསུམ། ཐུན་མོང་ཐོག་གྲ་རྒྱས་ཀྱི་ཁྱིམ་གཞིས་སྐྲུན་དགོས། མི་རིང་བའི་གོང་ངས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པས། 《2025ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞིའི་འདུན་པ》དང་མཉམ་དུ་གོང་འཕེལ་གཏོང་ཆོག ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་སླར་ཡང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཨ་སྒོར་དུང་ཕྱུར་15ཡི་འཕེལ་རྒྱས་རོགས་སྐྱོར་མཁོ་འདོན་བྱས་ཏེ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རིམས་འགོག་དང་དཔལ་འབྱོར་སླར་གསོའི་ཐད་སྤྱོད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་རྒྱལ་སྤྱིའི་འཕེལ་རྒྱས་ཐད་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འཕེལ་རྒྱས་ཀྱི་ཤེས་བྱའི་དྲ་རྒྱ་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དོ་སྙོམས་བསྟུན་མཁས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
          བཞི། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་གླེང་མོལ་བྱས་ཏེ། སྲིད་ཇུས་ཐད་ནས་འབྲེལ་གཏུག་དང་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཆར་འགོད་དང་སྦྲེལ་མཐུད་བྱེད་འདོད་ཡོད། ས་ཁོངས་ཀྱི་ནུས་རྒྱུ་ཕྱོགས་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ནུས་རྒྱུ་གཙང་མའི་མཉམ་ལས་ལྟེ་གནས་འཛུགས་རྒྱུར་གྲོས་བསྡུར་བྱས་ཏེ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ལག་རྩལ་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ལྗང་མདོག་དངུལ་རྩ་དང་ལྗང་མདོག་མ་འཇོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་ཐཱན་ཉུང་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།
          ལྔ། ཐུན་མོང་ཐོག་མཛའ་མཐུན་ཁྱིམ་གཞིས་སྐྲུན་དགོས། ཞི་བདེ་དང་། འཕེལ་རྒྱས། གཞུང་དྲང་། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཧྲིལ་པོའི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། རིམས་ནད་རྗེས་མི་སྣ་འགྲོ་འོང་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུར་བསམ་གཞིག་ཧུར་ཐག་བྱས་ཏེ་རིག་གནས་དང་། ཡུལ་སྐོར། ཇུས་འདོན་ཚོགས་པ། སྨྱན་སྦྱོར། བུད་མེད་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་ལས་རིགས་སློབ་གསོ་དང་སློབ་རྒྱུས་ཕན་ཚུན་ཁས་ལེན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་འབོར་མང་དུ་གཏོང་འདོད་ཡོད། སང་ལོ་ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྔ་རྗེས་སུ་འཚོག་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་སུ་བྱས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་ལུས་རྩལ་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།