ཀྲུང་གོའི་བོད་ལྗོངས་དྲ་བ། > ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། > སྒྲོག་འགྲེལ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་སུ་སྒྲོག་འགྲེལ་བྱས་པ།

སྤེལ་དུས 2021-12-06 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཚེས་23དང་24ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྒྲོག་འགྲེལ་གནང་བ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་གུང་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དྲུང་ཆེ་ལིན་ཧྲང་ལི་ཡིས་སྒྲོག་འགྲེལ་སྙན་སེང་ཞུས་པ་དང་འབྲེལ་གཞི་རིམ་དུ་ཕེབས་ནས་ལས་བྱེད་མང་ཚོགས་དང་བཞུགས་མོལ་གནང་བ་རེད།
         ཚེས་23ཉིན་གྱི་ཕྱི་དྲོའི་སྒྲོག་འགྲེལ་སྙན་སེང་ཚོགས་འདུའི་ཐོག་ལིན་ཧྲང་ལི་ཡིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ངོས་འཛིན་གཏིང་ཟབ། ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གཏོད་པའི་བླང་བྱ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་སོགས་ཀྱི་ཐད་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས་པ་རེད།
         ཚེས་24ཉིན་གྱི་སྔ་དྲོར་ལིན་ཧྲང་ལི་ཡིས་བོད་ལྗོངས་སློབ་ཆེན་དུ་སྒྲོག་འགྲེལ་བྱས་པ་དང་དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་སྤེལ་རེས་བྱས་ནས་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ལ་ས་གནས་ས་ཐོག་ཏུ་འཆད་འགྲེལ་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།