ཀྲུང་གོའི་བོད་ལྗོངས་དྲ་བ། > ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། > སྒྲོག་འགྲེལ།

ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆར་གོ་བ་གཏིང་ཟབ་ལེན་དགོས།

སྤེལ་དུས 2021-12-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
         དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་དང་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་འགན་ལེན་བྱ་རྒྱུ་ནི་ཏང་གི་སྲོག་རྩ་ཡིན་ལ། རང་རེའི་ཏང་འདི་ཉིད་ལོ་བརྒྱའི་ཏང་ཆེན་པོར་གྱུར་པ་དང་དུས་རབས་ཀྱི་བྱ་གཞག་རླབས་པོ་ཆེ་བཏོད་པའི་འགག་རྩའང་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ། ཏང་ཡོངས་གོམ་སྟབས་གཅིག་གྱུར་གྱིས་མདུན་སྐྱོད་བྱ་རྒྱུ་འགན་ལེན་དང་ཏང་གིས་ཏང་གི་མཐུན་སྒྲིལ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཟམ་མི་ཆད་པར་སྲུང་སྐྱོང་བྱས་པའི་ལོ་བརྒྱའི་ལོ་རྒྱུས་ལམ་བུར་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་བསྐྲུན་པ་བསྟན་ཡོད་ལ། འཛམ་གླིང་ཐོག་གི་སྲིད་ཏང་ཆེ་ཤོས་དང་མི་འབོར་མང་ཤོས་ཡིན་པའི་རང་རེའི་རྒྱལ་ཁབ་བཅོས་སྐྱོང་ཡག་པོ་བྱེད་པར། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་དགོས་པའི་ནན་བཤད་ཀྱང་བྱས་ཡོད།
         ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཡིན་པས། ཏང་འཛུགས་སྐྱོང་གི་ཁ་ཕྱོགས་དང་ཕན་འབྲས་གཏན་འཁེལ་བྱེད་ཀྱི་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་གཙོ་བོ་ནི། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་བཀའ་བཀོད་དང་ལེན་ཞུ་བ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུ་དེ་ཡིན། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུ་དེ་ནི། གྲུབ་འབྲས་ཐོབ་པའི་མར་ཁེ་སི་རིང་ལུགས་སྲིད་འཛིན་ཏང་གི་ཏང་འཛུགས་སྐྱོང་གི་རྩ་དོན་གལ་ཆེན་ཞིག་ཡིན། ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ལས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་མཐའ་འཁྱོངས་ཡག་པོ་བྱུང་ཚེ། ཏང་གི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བ་དང་། དེ་ལས་ལྡོག་ན། ཏང་གི་བྱ་གཞག་ལ་བར་ཆད་ཡོང་བ་གསལ་བཤད་བྱས་ཡོད།
         ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པར་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཡོད་པ་བྱ་རྒྱུ་ནི། གལ་ཆེའི་ནང་གི་འགངས་ཆེན་དང་གཙོ་གནད་ནང་གི་གཙོ་གནད་ཡིན། ཏང་ཡོངས་ལ་སྲོག་ཤིང་ཡོད་ན། ཏང་ཀྲུང་དབྱང་ལ་གཞི་ནས་དབང་གྲགས་ལྡན་པ་དང་ཏང་ལ་གཞི་ནས་སྟོབས་ཤུགས་ལྡན་པ་ལོ་རྒྱུས་དང་དོན་དངོས་ལས་གསལ་པོར་བསྟན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱུང་བར་བརྟེན། ཏང་གི་རྣམ་པ་དང་། རྒྱལ་ཁབ་ཀྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱུང་བ་དེ་ནི། དུས་རབས་ཀྱི་འབོད་སྒྲ་དང་། ལོ་རྒྱུས་ཀྱི་གདམ་ག དམངས་སེམས་ཀྱི་གཏད་ཕྱོགས་བཅས་ཡིན། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཚེ། ཏང་ཡོངས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་། རྒྱལ་ཡོངས་མི་དམངས་ལ་སེམས་ཀྱི་རྟེན་ས། ཀྲུང་ཧྭའི“བསྐྱར་དར”རྟགས་ཅན་གྱི་གྲུ་གཟིངས་ཆེན་པོར་དེད་དཔོན་བཅས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང“ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་ལས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད་ལ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད”ཅེས་གཏིང་ཟབ་བསྟན་པ་ལྟར་རེད།
         དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད་ལ། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་ཡང་བྱེད་བཞིན་ཡོད། དམིགས་འབེན་དང་ཇི་ཙམ་ཐག་ཉེ་བ་དང་། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བ། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ་བཅས་ཀྱི་སྐབས་སུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནུས་པ་དེ་བས་འདོན་སྤེལ་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་བལྟོས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།
         འདས་ཟིན་པའི་ལོ་བརྒྱའི་རིང་། ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་ཕུལ་ཡོད། ད་ཆ་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ལམ་བུ་གསར་པར་སྐྱོད་བཞིན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། སེམས་ཤུགས་གཅིག་སྒྲིལ་དང་། འགག་སྒྲོལ་དཀའ་སེལ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་འབད་འཐབ་ལ་བརྟེན་ནས་གཏན་འཁེལ་ཟིན་པའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་པ་དང་། འབད་འབུངས་ལྷོད་མེད་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་དགོས།
རྩོམ་སྒྲིག་པ། སངས་སྐྱབས།