ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག

ལོ་བརྒྱའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས། དཔའ་ངར་ཆེན་པོས་རྒྱལ་ཁའི་ཕྱོགས་སུ་སྐྱོད།

སྤེལ་དུས 2021-06-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
           ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཚ་ཚ་འུར་འུར་ངང་སྤེལ་བའི་མཚམས་འདིར། ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་རིམ་གསུམ་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡར་ཀླུང་ས་གཞི་ཆེ་མོར་རྩ་བ་ཚུགས་པར་བྱས་ཡོད།
           ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱ་རྒྱུ་འཇུག་གཞིར་བྱས་ཏེ་དྲ་ཐོག་ཏུ་རིག་པ་སྒྲིམ་པ་དང་དྲ་ཕྱིར་ཤུགས་སྣོན་རྒྱག་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྨྱན་སྦྱོར་གསར་པའི་ལས་སྟེགས་བརྒྱུད་ཏང་གི་ལོ་རྒྱུས་ཤེས་བྱ་དང་ཏང་གི་སྲིད་ཇུས་སློབ་སྦྱོང་གི་ཆེད་སྒྲིག་ལེ་ཚན་བཏོད་དེ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་གྱི་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས་ཞིང་ཁྱིམ་དང་། ཨར་སྐྲུན་ལས་ཡུལ། ཞིང་ཁ། ཇ་ཁང་སོགས་སུ་བསྐྱོད་དེ་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་ཧུར་ཐག་བྱས་ནས་ཏང་གི་སྲིད་ཇུས་མི་སེར་གྱི་ཁྱིམ་དུ་ཁྱབ་པར་བྱས་ཡོད།
           ཉིན་ཤས་གོང་། གོང་དཀར་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་དགོན་སྟོད་གྲོང་རྡལ་ཆ་ཚང་སློབ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་གདན་དྲངས་ཏེ་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཞིང་འབྲོག་པའི་རྐང་འཛིན་སྒྲོག་འགྲེལ་པ་74ལ་གསོ་སྦྱོང་བྱས་པ་དང་། རྒྱ་ཚ་རྫོང་གི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱས་ཏེ་ཏང་གི་ལོ་རྒྱུས་གཏམ་རྒྱུད་བརྗོད་པ་དང་བོད་གསར་རྙིང་བསྡུར་བའི་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཚོར་བ་བྱས་པ། སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡིས་གྲོང་ཚོ་ཁག་གི་ཕྱུགས་འཚོ་སར་བསྐྱོད་དེ“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་གནས་ཚུལ་ཤེས་རྟོགས། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཞིང་འབྲོག་མང་ཚོགས་ཀྱི་ཆོད་སེམས་དང་གདེང་ཚོད་སྔར་བས་བརྟན་དུ་བཏང་བ། མཚོ་སྣ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲ་བརྙན་དཔྱད་ཡིག་བསྡུ་རུབ་བྱས་ནས་བཟོས་པ་དང་། ཏང་གི་ལོ་རྒྱུས་ཤེས་བྱ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་དུས་ཐོག་ཏུ་རྒྱང་བསྒྲགས་ནས་བཏང་སྟེ་ཏང་གི་གསུང་སྒྲ་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱས་པ་རེད།
           ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དམིགས་ནས《གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་ཕྱག་རྟགས་པར་གཞི་དང《ཡང་བསྐྱར་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་སྒྲ་བརྙན་པར་གཞི་བཟོས་ཏེ་དང་བླངས་ཞབས་ཞུ་རུ་ཁག་གི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་། གླུ་ལེན་གར་འཁྲབ་ཀྱིས་བྱེད་སྒོ་འཁྲུག་ཆ་དོད་པོ་ཡོང་བ་དང་ཞིང་འབྲོག་མང་ཚོགས་ཚོའི་སྤྲོ་སྣང་དངོས་འབྲེལ་འཕེལ་བར་བྱས་ཡོད། གྲ་ནང་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ“ལོ་བརྒྱའི་ཏང་གི་ལོ་རྒྱུས་ཕྱིར་དྲན་དང་གསར་བརྗེའི་ས་བོན་རྒྱུན་འཛིན”གྱི་བརྗོད་དོན་གཙོ་བོའི་གློག་བརྙན་ལྟ་བའི་བྱེད་སྒོ་སྤེལ་ཏེ་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱས་པ་དང་། ཏང་ཡོན་དང་ལས་བྱེད་པས་གློག་བརྙན་བལྟས་རྗེས་བློ་གྲོས་དང་སྟོབས་ཤུགས་འཕེལ་བ་དང་དུས་རབས་ཀྱི་རླབས་རྒྱུན་ཚོར་ཡོད།
           རྒྱ་ཚ་རྫོང་དང་ཟངས་རི་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་དབྱར་རྩྭ་དགུན་འབུ་རྐོ་སར“ཏང་གི་ལོ་རྒྱུས་བརྗོད་པ་དང་བྱ་བ་དངོས་སྒྲུབ་པའི”དང་བླངས་ཞབས་ཞུའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཏང་ཡོན་དང་ལས་བྱེད་པའི་དད་སེམས་དང་ཆོད་སེམས་བརྟན་དུ་གཏོང་བར་སྔར་བས་ཁྲིད་སྟོན་བྱས་ཏེ་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་བརྟན་དུ་བཏང་བ་རེད།
           མང་ཚོགས་གང་དུ་ཡོད་ན་དང་བླངས་ཞབས་ཞུ་དེ་གར་བསྒྲུབས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྟེན་འབྲེལ་གྱི་རྣམ་པ་ཟབ་མོ་དང་འཚོ་བའི་ཁོར་ཡུག་ཡག་པོ་བཏོད་པ་རེད།
           ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་སྤེལ་བའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་། འོས་འགན་ཤིང་འཛུགས། གཙང་སྦྲ་འཕྲོད་བསྟེན། རིམས་འགོག་གི་རྒྱུན་ཤེས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པར་ལྗང་མདོག་དང་། གཙང་ཞིང་གྲལ་འགྲིག་པ། མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་བཏོད་པ་མ་ཟད། ཞིང་འབྲོག་མང་ཚོགས་ཚོར་གཙང་སྦྲར་དགའ་ཞེན་གྱི་གོམས་གཤིས་ཀྱང་འཇགས་ཡོད་པ་རེད། སྣེ་གདོང་ཆུས་ཀྱིས་རྒྱུན་རྣམ་ཅན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྡེ་ཁུལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།
རྩོམ་སྒྲིག་པ། སྣང་རྡོར།