ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > གསར་འགྱུར།

བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

སྤེལ་དུས 2021-06-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གྲོང་བདུན་སྡེ་ཁུལ་གྱི་ཞིང་འབྲོག་པ་ཏང་ཡོན་ཚོས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་མཉམ་གཞས་གཏོང་བཞིན་པ།
          ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་ཕྱིར་དྲན་བྱེད་པ། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཏང་གི་རླབས་ཆེན་མཛད་རྗེས་ལ་བསྟོད་གླུ་འབུལ་བ་བཅས་བྱ་ཆེད། ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་སྨོན་འདུན་བཟང་པོ་ཞུས་པ་རེད།
          ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་བྱེད་ལས་བཟོ་ཡོངས་དང་དམངས་གཉེར་དཔལ་འབྱོར་མི་སྣ་280སྒྲིག་འཛུགས་བྱས་ནས། བོད་དམག་ཁུལ་ཁང་གི་ཏང་གི་ལོ་རྒྱུས་དང་དམག་དོན་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་པ་རེད།
          འགྲེམས་ཁང་ནང་ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་ལོ་རྒྱུས་ཀྱི་རིག་དངོས་རེ་རེ་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་དམག་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་ཡར་བརྩོན་བྱེད་པའི་རླབས་ཆེན་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་ཡོད། ཚང་མས། སླད་ཕྱིན་གྱི་ལས་དོན་ཁྲོད་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་ཀྱིས་རང་འཁྲིའི་ལས་འགན་ཧུར་ཐག་བསྒྲུབས་ཏེ། བོད་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
          ཉིན་ཤས་གོང་། ལྷ་ས་གྲོང་ཨུད་རྩ་འཛུགས་པུས་གཙོ་གཉེར་བྱས་པ་དང་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་གཉེར་འགན་འཁུར་བའི་ལྷ་ས་གྲོང་ཁྱེར་གྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཚོས“གླུ་ཞིག་བླངས་ནས་ཏང་ལ་འབུལ་ཞེས་པའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས”ལྷ་སར་གཉེར་བ་རེད། ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་རྒན་གྲས་དང་། སྔོན་ཐོན་མི་སྣའི་འཐུས་མི། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་སོགས་མི་350ལྷག་ཙམ་གྱིས་དགོང་ཚོགས་བལྟས་པ་རེད།
          2021ལོའི་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ(འཁོར་ཤུད་འགྲན་བསྡུར)རབ་དང་རིམ་པ་ཉེ་ཆར་ལྷ་སའི་གྲོང་བྱང་གི་རྟ་རྒྱུག་ཐང་དུ་སྤེལ་བ་རེད།
          ད་ཐེངས་ཀྱི་འགྲན་བསྡུར་ནང་མྱུར་ཚད་འཁོར་ཤུད་དང་རང་མོས་རྣམ་པའི་འཁོར་ཤུད་བཅས་རྣམ་གྲངས་ཆེ་གྲས་གཉིས་དང་ཚོགས་ཆུང་12ཡོད་ཅིང་། ལྗོངས་ཡོངས་ཀྱི་འཁོར་ཤུད་ལ་དགའ་པོ་ཡོད་མཁན་གཞོན་ནུ་ལོ་ཆུང་62འགྲན་བསྡུར་ནང་ཞུགས་པ་དང་འགྲན་བསྡུར་ནང་ཞུགས་མཁན་ལོ་ཆུང་ཤོས་ནི་ལོ་3ལ་སླེབས་ཙམ་ཡིན་པ་རེད།
          འགྲན་རར་བདམས་ཐོན་པ་ཚོས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་བྱང་ཆུབ་པའི་འགྲན་རྩལ་ལ་བརྟེན་ནས་ལྟད་མོ་བ་ཚོར“མྱུར་ཚད་དང་། སྤྲོ་སེམས། དགའ་སྤྲོ”བཅས་ཀྱི་འཁོར་ཤུད་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དེ་ཐོག་ནས་བདམས་ཐོན་པ་ཚོའི་ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།
          ཚེས་23ཉིན། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དུ“ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པའི་བརྗོད་དོན་གཙོ་བོའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་ཞིང་འབྲོག་པའི་རིག་རྩལ་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་གཉེར་བ་རེད།
          གྲོང་རྡལ་དེའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དུ་སྡེ་ཁུལ་5ནས་ཡོང་བའི་ཞིང་འབྲོག་པ་ཏང་ཡོན་70ལྷག་ཙམ་གྱིས་ངོ་མཚར་ཆེ་བའི་ལེ་ཚན་16ནང་སྦྱོང་ཞིབ་ཕྲ་བྱས་པ་དང་། ཚང་མ་མཉམ་དུ་འཛོམས་ནས་དགའ་དགའ་སྤྲོ་སྤྲོའི་ངང་གླུ་ལེན་གར་འཁྲབ་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།