ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > གསར་འགྱུར།

སུའུ་ཉིང་། ཟུངས་ཁྲག་དྲོན་མོས་དམག་མིའི་བླ་སྲོག་བཏོད། དམ་བཅའ་བརྟན་པོས་རྒྱལ་སྲུང་ལས་ལ་གཞོལ།

སྤེལ་དུས 2021-07-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཀྲེང་དབྱང་དབྱང་།

འདི་ནི་སུའུ་ཉིང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས) 
          སུའུ་ཉིང་ནི་1953ལོར་འཁྲུངས་པ་དང་། ཧྲན་ཤིས་ཞའོ་དབྱི་ནས་རེད། 1969ལོའི་ཟླ་2པར་དམག་ལ་ཞུགས། སྐུ་འཚོ་བཞུགས་སྐབས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དེ་སྔའི་དཔུང་སྡེ་65435ཡི་ཚན་མོའུ་ཀྲང་རེད། སུའུ་ཉིང་དམག་ལ་ཞུགས་ནས་ལོ་22སོང་རིང་ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་བློ་དཀར་སེམས་དཀར་དང་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་ལས་གནས་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་བཏོད་ཡོད།
          སུའུ་ཉིང་གིས་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྔ་རྗེས་སུ་ཡིག་འབྲུ་ཁྲི་30ལྷག་ཟིན་པའི་རིག་གཞུང་དཔྱད་རྩོམ70ལྷག་ཙམ་བྲིས་གནང་ཡོད།
          1981ལོ་ནས་1991ལོའི་བར། སུའུ་ཉིང་སྒྱུར་བཅོས་རྣམ་གྲངས་162ཞིབ་བཟོའི་ལས་ལ་ཞུགས་པའི་ཁྲོད་ནས་རྣམ་གྲངས་1ལ་དམག་ཡོངས་ཀྱི་ལད་ཟློས་ཡོ་བྱད་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། རྣམ་གྲངས་6ལ་སྤྱི་ཁྱབ་པུའུ་དང་དམག་ཁུལ་ཁང་ལས་ཁུངས་ཀྱི་ཁས་ལེན་ཐོབ་ནས་ཁྱབ་གདལ་བཏང་ཡོད། རྣམ་གྲངས་1ལ་དམག་ཁུལ་ཁང་གི་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་བཞི་པ་ཐོབ་པ། རྣམ་གྲངས་8དམག་ཁུལ་ཁང་དང་ཚོགས་སྒྲིག་དམག་དཔུང་གིས་ཁྱབ་གདལ་བཏང་ཡོད།
          1991ལོའི་ཟླ་4ཚེས་21ཉིན། སུའུ་ཉིང་གིས་རང་ཉིད་གནས་སའི་མེ་སྒྱོགས་དམག་ཐོན་ཤོག་སྒྲིག་འཛུགས་བྱས་ཏེ་ལག་འབོམ་དབྱུག་པར་དཔྱད་ཞིབ་བྱས། ལམ་འབོམ་དབྱུག་མཁན་ཞིག་གིས་ཤུགས་ཆེ་དྲགས་ནས་ལག་འབོམ་དེ་འཛིང་རགས་ཀྱི་རྒྱབ་ན་ཡོད་པའི་ལྟ་སྲུང་འགྲམ་དུ་ལྷུངས། ཉེན་ཁའི་མཚམས་སུ་སུའུ་ཉིང་གིས“མགྱོགས་པོ་ཉོལ་ཞིག”ཅེས་འབོད་དེ་མཆོངས་ཐེངས་ཤིག་ལ་ལྟ་སྲུང་བ་འབུད་རྒྱག་བཏང་བ་དང་། ལག་འབོམ་སྒྲུགས་ནས་དབྱུག་གྲབས་བྱེད་པའི་སྐབས་སུ་འབར་གས་བྱས། འཐབ་གྲོགས་གཉིས་བསྐྱབས་ཐུབ་ཀྱང་། སུའུ་ཉིང་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་གཟི་བརྗིད་ངང་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་38ལ་སླེབས་ཙམ་རེད།
          1993ལོར་ཀྲུང་དབྱང་དམག་ཨུད་ཀྱིས་སུའུ་ཉིང་ལ“རྒྱལ་སྲུང་དེང་རབས་ཅན་དུ་འགྱུར་རྒྱུར་ལེགས་སྐྱེས་འབུལ་མཁན་དཔེ་བཟང་ལས་བྱེད་པའི”གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱས་པ་དང་། 2009ལོར་སུའུ་ཉིང“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་100”ཡི་གྲས་སུ་བདམས་པ། 2019ལོར“འབད་འཐབ་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་བཅས་རེད། 
རྩོམ་སྒྲིག་པ། རིག་གྲོལ།