ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > གསར་འགྱུར།

ཏང་ནང་གི་མཚན་སྙན་མཐོ་ཤོས་ལས་བོད་ལྗོངས་ཀྱི་འོས་མི་ནི་་་་་་

སྤེལ་དུས 2021-07-01 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

          ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་དེ་ཟླ6པའི་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་ཞིང་། སྐབས་དེར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐེངས་དང་པོར་གནང་རྒྱུ་ཡིན་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད།

          “བདུན་གཅིག་བྱས་རྗེས་གཟེངས་རྟགས”ནི་ཏང་ནང་གི་མཚན་སྙན་མཐོ་ཤོས་ཡིན་ཞིང་། བབ་ཆགས་དང་གཟབ་ནན་ཇུས་འགོད་ཀྱི་འདུ་ཤེས་གཙོ་བོར་འཛིན་པ་དང་། དམར་པོ་དང་། སེར་པོ། དཀར་པོ་བཅས་ཚོས་གཞི་གཙོ་བོར་འཛིན་པ། གྲང་གནོན་གྱི་ཐབས་ཀྱིས་བཟོས་ཤིང་། མེ་ཏོག་གི་ཕྲ་ཡིས་བརྒྱན་པ། ཚོན་མདངས་བཀྲ་བའི་དར་སྐུད་ཀྱི་འཐག་པ་སོགས་ཀྱི་བཟོ་རྩལ་སྤྱད་དེ་བཟོས་པ་རེད། རྟགས་མའི་དབྱིབས་ཚུགས་ལ་ཏང་རྟགས་དང་། སྐར་མ་རྩེ་ལྔ། དར་ཆ། མཛད་རྗེས་རྡོ་རིང་དང་འོད་ཟེར། མེ་ཏོག་ཉི་དགའ། རི་ཀླུང་ཆེན་པོ། ཆུ་བོ་ཆེན་པོ། ཡིད་བཞིན་ཆུ་འཛིན་སོགས་ཀྱི་གཞི་རྒྱུ་སྤྱད་ཅིང་། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་ཐོབ་པའི་བྱ་དགའི་རྟགས་མ་དང་མི་འདྲ་བའི་གཟེངས་ཐག་དང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ལ་འཐག་དངོས་ཀྱི་ཞགས་རྒྱན་སྤྱད་པ་དང་། མེ་ཏོག་ཉི་དགའ་དང་། འོད་ཟེར། སྐར་འོད་སོགས་ཀྱི་གཞི་རྒྱུ་སྤྱད་ཡོད་ཅིང་། དེའི་མཚོན་དོན་ནི་ཏང་གི་བྱམས་སྐྱོང་འོག་ཏུ་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱིས་བློ་གཅིག་སེམས་གཅིག་གིས་ཏང་ལ་སེམས་ཕྱོགས་པ་དང་མི་དམངས་ལ་ཞབས་འདེགས་ཞུས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་མདུན་དུ་བསྐྱོད་རྒྱུར་སྐུལ་མ་བཏང་བ་རེད།

          ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཤིན་ཧྭ་དྲ་བས་བྱ་དགའ་སྤྲོད་བའི་མཛད་སྒོ་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་ཡིན་ལ། མི་དམངས་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ་དང་། མི་དམངས་ཉིན་རེའི་ཚགས་པར་གྱི་མཁོ་མཁན་ཕྱོགས་དང་། ཤིན་ཧྭ་གསར་འགྱུར་ཁང་གི་མཁོ་མཁན་ཕྱོགས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་མཁོ་མཁན་ཕྱོགས་་སོགས་སྨྱན་སྦྱོར་ལས་སྟེགས་གསར་པར་དུས་མཉམ་དུ་བརྒྱུད་གཏོང་བྱ་རྒྱུ་རེད།

“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཀྱི་འོས་མི29ཡོད། 

          ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་ལོ་ཡིན་པས། ཏང་ཀྲུང་དབྱང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོག་མར་བདམས་ཏེ་སྤྲོད་རྒྱུ་ཡིན་ལ། ཏང་དང་མི་དམངས་ལ་ཕུལ་དུ་བྱུང་བའི་ལེགས་སྐྱེས་འབུལ་བ་དང་རྩ་ཆེའི་བསམ་པའི་རྒྱུ་ནོར་གཏོད་མཁན་ཏང་ཡོན་ཁག་གཅིག་ལ་གཟེངས་བསྟོད་གཟབ་རྒྱས་བྱ་རྒྱུ་གཏན་འབེབས་གནང་བ་རེད།

རྩོམ་སྒྲིག་པ། རིག་གྲོལ།