ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > གསར་འགྱུར།

ཡང་བསྐྱར་ཏང་ལ་གླུ་ཞིག་ལེན།

གྲོ་མོ་རྫོང་གྲོ་མོ་སྟོད་ཤང་གིས།

སྤེལ་དུས 2021-07-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། རྩོམ་པ་པོ།
          ཉེ་ཆར། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་གདོང་དཀར་དགོན་དང་དམག་དཔོན་ཀྲང་ཅིང་ཝུའུ་ཡི་བརྐོས་བརྙན་མདུན་དུ་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་སྒང་དགུ་གྲོང་ཚོ་དང་། རུན་སྤུངས་སྒང་གྲོང་ཚོ། དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱི་གུང་ཁྲན་ཏང་ཡོན་ལྔ་བཅུ་ལྷག་ཙམ་གྱིས་ཆར་སིམ་ལ་མ་འཛེམ་པར་དེ་གར་འཛོམས་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཁོང་ཚོས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་གདོང་དཀར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་དང་སྐད་གསང་མཐོན་པོས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་བླངས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་པ་རེད།
          ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། གྲོ་མོ་རྫོང་གྲོ་མོ་སྟོད་ཤང་གིས་ད་ཐེངས་ཀྱི“ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་བློ་ལ་བརྟན་པོར་ངེས་པ་དང་། རང་འགུལ་ངང་བྱས་རྗེས་བཞག་ནས་སླར་ཡང་འོད་སྟོང་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་ཞུགས་མཁན་ཏང་ཡོན་ཚོས་བླ་ན་མེད་པའི་གུས་བཀུར་གྱི་བསམ་པ་བཅངས་ནས་གསར་བརྗེའི་རྗེས་ཤུལ་འཚོལ་བ་དང་། དམག་དཔོན་ཀྲང་ཅིང་ཝུའུ་ཡི་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་ཟབ་མོ་ཞུ་བ། གསར་བརྗེའི་སྔོན་བྱོན་པ་ཚོས་བསྐྱོད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱར་དྲན་བྱེད་པ། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་ལེན་བཅས་བྱས་ཡོད།
          འདི་ལོ་ལོ་67ལ་སླེབས་པའི་མིག་དམར་ལྷ་མོ་ནི་སྒང་དགུ་གྲོང་ཚོའི་ཏང་ཡོན་རྒན་གྲས་ཤིག་ཡིན། བོད་ལྗོངས་གསར་རྙིང་བསྡུར་བའི་འགྲེམས་པང་མདུན་དུ་རྒན་མོ་ཁོང་གོམ་པ་སྤོ་མཚམས་བཞག་ཅིང་། ཁོང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས། གུང་ཁྲན་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད་ཅེས་བཤད། 2011ལོར་གྲོ་མོར་ས་ཡོམ་བརྒྱབ་རྗེས་ཁོང་ད་ཆའི་གསུམ་སྒང་གྲོང་ཚོར་སྤོས་པ་དང་ཐོག་སོ་ཉིས་ལྡན་གྱི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། ཁོང་གི་ཚ་མོ་ཡང་ཁྱིམ་གྱི་སྒོ་རྩ་ནས་བུ་བཅོལ་ཁང་དུ་འགྲོ་རྒྱུ་བྱུང་ཡོད། ད་ཆ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ལ་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་ཡོད།
          གྲོ་མོ་སྟོད་ཤང་རུན་སྤུངས་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ནོར་ལྡན་གྱིས་གྲོང་ཚོའི་ཏང་ཡོན་19ཡི་སྣེ་ཁྲིད་དེ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་རེད། ང་རང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པས་ངེས་པར་དུ་རང་ཉིད་ཀྱི་འགན་འཁྲི་དང་འོས་འགན་ཧུར་ཐག་བསྒྲུབས་ཏེ་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕ་ཡུལ་སྔར་བས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན་ཞེས”བཤད།
རྩོམ་སྒྲིག་པ། རིག་གྲོལ།