ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > པར་རིས་གསར་འགྱུར།

དེ་རིང་སྔ་དྲོ་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས……

སྤེལ་དུས 2021-07-02 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཟླ་7ཚེས་1ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། བོད་ལྗོངས་ཀྱི་ས་ཁུལ་དང་སྡེ་ཚན་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བརྙན་འཕྲིན་དང་། དྲ་རྒྱ། ཁ་པར་སོགས་ཀྱི་ལམ་ནས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་གནང་བ་ཉན་རྗེས། ཚང་མས་གཅིག་རྗེས་གཉིས་མཐུད་ངང་རང་རེའི་མེས་རྒྱལ་འདི་ཉིད་སྔར་བས་དར་ཞིང་རྒྱས་པ་ལས་སྤོབས་པ་ཧ་ཅང་ཆེན་པོ་སྐྱེས་བྱུང་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྲུབ་ངེས་ཡིན་པའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང་། རང་རེའི་ཏང་འདི་ཉིད་རླབས་ཆེན་གྱི་ཏང་ཞིག་རེད་ལ། མི་དམངས་ཀྱི་བདེ་སྐྱིད་དོན་དུ་གཉེར་མཁན་གྱི་ཏང་ཞིག་དེ་བས་རེད་ཅེས་མགྲིན་གཅིག་ཏུ་བཤད།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་མང་ཚོགས་ཀྱིས་རང་ཁྱིམ་དུ་ཁ་པར་ནས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

སྔ་དྲོའི་ཆུ་ཚོད་8པར་བཅིངས་འགྲོལ་ཐང་ཆེན་དུ་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་200ལྷག་ཙམ་འཛོམས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སྡེ་ཁུལ་ཁྲོམ་གཞུང་དོན་གཅོད་ཁྲུའི་ལས་དོན་མི་སྣས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

བོད་ལྗོངས་མེ་ཟོན་ལྷ་ས་ཉིང་ལག་རུ་ཁག་གི་རོགས་སྐྱོབ་མི་སྣས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

ཀྲུང་གོ་འཛུགས་སྐྲུན་ཅུས་དང་པོ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འཛུགས་སྐྲུན་པས་ཨར་པོ་རྒྱག་ཡུལ་དུ་ཁ་པར་ནས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

གོར་མོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

བོད་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་དཔོན་དམག་ཚོས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།
རྩོམ་སྒྲིག་པ། བདེ་སྒྲོལ།