ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > པར་རིས་གསར་འགྱུར།

ལེགས་ཆ་དམ་པོར་འཛིན་པའི་ཐབས་ཇུས་བཤམས། གཙང་ཡུལ་གཞིས་རྩེའི་དཔལ་ཡོན་ལྟ་ན་སྡུག

སྤེལ་དུས 2021-07-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

ལྷ་གཞིས་ལྕགས་ལམ་ཐོག་སྐྱོད་བཞིན་པའི་མེ་འཁོར་གཞིས་རྩེ་འབབ་ཚུགས་སུ་འབྱོར་ལ་ཉེ་བ།

རྒྱལ་རྩེ་རྫོང་གི་མུའུ་ཁྲི་ཟིན་པའི་རྨོ་ཞིང་བཅོལ་ཉར་རྨོ་འདེབས་ཀྱི་མཛད་སྒོའི་ཐོག་གི་ཞིང་ལས་འཕྲུལ་ཆས།

གཏིང་སྐྱེས་རྫོང་རི་འོག་གྲོང་རྡལ་གྱི་བུད་མེད་ཀྱིས་གཟབ་མཆོར་སྤྲས་ནས་ཐག་རིང་དུ་ཡོད་པའི་རང་གི་བུ་མོར་བརྙན་ལམ་ནས་གླེང་མོལ་བྱེད་པ།

ས་སྐྱ་རྫོང་གི་ཐོན་ལས་རྟེན་གཞིར་ལྷ་རིས་བས་ཐང་ག་འབྲི་བཞིན་པ།
            བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། གཞིས་རྩེར་ཁལ་མའི་ས་ཚུགས་ལས་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་གཅིག་ཀྱང་མེད། དངོས་ཟོག་ཚང་མ་མིས་སྒལ་པར་འཁུར་བ་དང་ཁལ་མར་བརྟེན་ནས་དབོར་དགོས་ཀྱི་ཡོད། 1951ལོ་ནས་བཟུང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་འོག ལམ་བཟོའི་དཔའ་བོ་ཚོས་འཆི་རྒྱུར་མི་སྐྲག་པར་འབད་འབུངས་སྟོབས་བརྩོན་བྱས་ནས་ལྷ་ས་ནས་གཞིས་རྩེའི་བར་གྱི་གཞུང་ལམ་བཟོས་པས། གཞིས་རྩེ་ས་ཁུལ་ལ“གཞུང་ལམ་གཅིག་ཀྱང་མེད་པའི”ལོ་རྒྱུས་མཇུག་བསྒྲིལ་ཏེ་གཞིས་རྩེའི་ཕུགས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། ཞི་མཐུན། དར་རྒྱས་བཅས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
            ལས་གཏོད་འབད་བརྩོན་དང་འབད་འཐབ་བྱས་ནས་གྲུབ་འབྲས་བཏོད་པ། ད་ཆ་གཞིས་རྩེའི་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་2.57དང་གྲོང་གསེབ་ཀྱི་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་1.52ཟིན་ཞིང་། ཤང་དང་གྲོང་རྡལ་197ཚང་མར་སྣུམ་ནག(ཨར་འདམ)ལམ་བཏིང་བ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ(གྲོང་ལྷན)1404ལ་རླངས་འཁོར་ཤར་གཏོང་ཐུབ་པ་མ་ཟད། མཁའ་ལམ་དང་ལྕགས་ལམ་སྐྱེལ་འདྲེན་ཡང་ཕྱོགས་བཞིར་ཤར་གཏོང་ཐུབ་ཡོད།
            རང་བྱུང་འོབས་ཆེན་བདེ་ལམ་དུ་གྱུར་ནས་ལས་རིགས་ཀུན་དར་རྒྱས་འགྲོ་འགོ་ཚུགས་པ། གློག་ཁང་དང་པོ་དང་། སློབ་གྲྭ་དང་པོ། ཞིང་རྭ་དང་པོ། ཡིག་ཟམ་དང་པོ། བཟོ་གྲྭ་དང་པོ་སོགས་མང་པོ་ཐོན་ནས་ལོ་70ཡི་རིང་ཞི་བས་བཅིངས་འགྲོལ་དང་། ས་མཐོར་གཞུང་ལམ་སྐྲུན་པ། དམངས་གཙོའི་བཅོས་སྒྱུར། མཐའ་སྲུང་སྲ་བརྟན། རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་། སྒྱུར་བཅོས་སྒོ་དབྱེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ཀྱི་རྒྱང་སྐྱོད་ལམ་བུའི་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་གཞིས་རྩེའི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་བཅངས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་འབད་བརྩོན་ལྷོད་མེད་དང་སྙིང་རུས་བརྟན་འཁྱོངས་བྱས་ཏེ་བྱ་གཞག་ཁག་ཕྱོགས་ཚང་མ་ནས་ཡར་རྒྱས་ཡོང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་པ་རེད། 2020ལོར་གཞིས་རྩེ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་322.78ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ཚེ་ལོ་གོང་མ་ལས་8.0%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་39992ཟིན་པ་དེ་ལོ་གོང་མ་ལས་9.7%འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་1380ཟིན་པ་དེ་ལོ་གོང་མ་ལས་13.0%འཕར་ཡོད།
            གཞིས་རྩེར“བོད་ཀྱི་འབྲུ་མཛོད”ཅེས་སྙན་པའི་བ་དན་ཕྱོགས་བཅུར་གཡོ་ཞིང་། གཞིས་རྩེའི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྱང་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་རྩ་བ་དེར་དམ་པོར་དམིགས་ནས་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བས་ལོ་མང་བསྟུད་མར་ལོ་ལེགས་བྱུང་ཞིང་། 2020ལོར་གྲོང་ཁྱེར་དེས་མུའུ་ཁྲི་139.67ལ་ལོ་ཏོག་བཏབ་པར་འབྲུ་རིགས་ཐོན་འབོར་ཏུན་ཁྲི་44.36ཟིན་ཏེ་བོད་ལྗོངས་ཀྱི་ཨང་དང་པོའི་གནས་བབ་བརྟན་པོ་བཟུང་ཡོད།
            ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གཞིས་རྩེས་ཞིང་འབྲོག་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་དང་། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ། དེང་རབས་ཞིང་ལས་ཀྱི་ནས་ཐོན་སྐྱེད་རྟེན་གཞི། མི་ཐབས་གཟན་རྩྭ་དང་མཐོ་གྲང་འབྲོག་ཁུལ་གྱི་དྲོད་ལྡན་ཕྱུགས་ཚང་། ཞིང་ལས་ཚན་རྩལ་ཁྱབ་གདལ་མ་ལག་སོགས་ཀྱི་རྣམ་གྲངས་གཙོ་གནད་ཐོག་ལག་ལེན་བསྟར་བ་རེད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པར་གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་དར་རྒྱས་དེ་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཞིང་འབྲོག་ལས་ཐོན་ལས་ཀྱི་རྨང་གཞིའི་རང་བཞིན་དང་། གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་གསལ་དོད་པོར་བཞག་སྟེ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་སྟོབས་ཆེར་བཏང་བ་དང་། མང་ཚོགས་སྔར་ལས་མང་བ་ཐོན་ལས་དང་། ཕན་ནུས་མཉམ་སྤྱོད། དབུལ་སྒྲོལ་ཕྱུག་འགྱུར་བཅས་ལ་ཞུགས་སུ་བཅུག་ཡོད། གྲོང་ཁྱེར་དེར་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཁེ་ལས་57དང་། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཁེ་ལས་34ཟིན་ནས་ཁྱོན་མ་རྩ་སྒོར་དུང་ཕྱུར་45.33ཟིན་པ་དང་། མི་3842ལས་ཞུགས་ཐུབ་ཡོད། “ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད། རྟེན་གཞི་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་6591བཙུཌ་པ་དང་། རིམ་རྩིས་བྱས་ན་མི་ཁྲི་15ལྷག་ཙམ་གྱི་ལས་ཞུཌ་ཐག་གཅོད་ཐུབ་ཡོད།
            ད་ཆ་གཞིས་རྩེ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་16.96ཚང་མ་གཅིག་ཀྱང་མ་ལུས་པར་དབུལ་སྒྲོལ་བྱུང་བ་དང་། དབུལ་པོར་གྱུར་ཚད་25.27%ནས་དབུལ་པོ་གཅིག་ཀྱང་མེད་པའི་བར་ཆག་པ། རྫོང(ཆུས)དབུལ་པོ་18ཚང་མ་དབུལ་ཞྭ་ཕུད་པ། གྲོང་ཚོ(གྲོང་ལྷན)དབུལ་པོ་1669ཚང་མ་དབུལ་པོའི་གནས་ལས་གྲོལ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་། ཆོད་སེམས། སྙིང་རུས་བཅས་སྔར་བས་ཆེ་རུ་སོང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།