ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས།

སྤེལ་དུས 2021-07-07 ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ། རྩོམ་པ་པོ།

          ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཆེད།  བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་མཉམ་གཞས་གཏོང་བ།  སྙན་ངག་གྱེར་འདོན།  ཞབས་བྲོ་འཁྲབ་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས།  ལོ་ངོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།  འབད་འབུངས་ཡར་བརྩོན་ངང་འོད་སྟོང་འཕྲོ་བའི་ལོ་རྒྱུས་གཏོད་པའི་ལམ་བུར་ཕྱིར་དྲན་བྱས་པ་དང་རླབས་ཆེན་མེས་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་མྱོང་རོལ་ཐུབ་པ་བྱས་ཡོད།།
རྩོམ་སྒྲིག་པ། བདེ་སྒྲོལ།