ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > པར་རིས་གསར་འགྱུར།

ལྷ་སས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་གླུ་དབྱངས་མཉམ་ལེན་མཚན་ཚོགས་ཆེ་གྲས་གཉེར།

སྤེལ་དུས 2021-07-07 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།
          ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100 འཁོར་བར་རྟེན་འབྲེལ་ཞུ་ཆེད།  ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཟླ་དྲུག་པའི་ཚེས26 ཉིན།  ལོ་ངོ་བརྒྱ་ཡི་རིང་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱུན་འཁྱོངས་ལྷོད་མེད་བྱས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐུན་མོང་ཐོག་མྱོང་ཚོར་དང་།  ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱས་པའི་སྤོབས་ཉམས་ཆེན་པོ་བཅས་ཐུན་མོང་ཐོག་མཚོན་པར་བྱེད་པའི་གླུ་དབྱངས་མཉམ་ལེན་མཚན་ཚོགས་ཆེ་གྲས།  ༼ ལོ་ངོ་བརྒྱའི་རྒྱང་སྐྱོད་ལམ་བུར་འོད་སྟོང་འཕྲོ ༽ཞེས་པ་གཟབ་རྒྱས་ངང་གཉེར་བ་རེད།  བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝུའུ་དབྱིང་ཇེ་དང་བློ་བཟང་རྒྱལ་མཚན།  ཆེ་དགྲ་ལྷ།  ཀྲོང་ཡན།  ཡན་ཅིན་ཧའེ་སོགས་གཟིགས་མོར་ཕེབས་ཡོད།

          གླུ་དབྱངས་སྙན་མོ་ཏང་ལ་འབུལ་ཞེས་པའི་མཉམ་གཞས་ཆེན་པོའི་ཁྲོད་མཚན་ཚོགས་འགོ་ཚུགས་ཤིང་།  ཁེར་གཞས་དང་མཉམ་གཞས།  གླུ་གར།  རོལ་དབྱངས།  སྙན་ངག་གྱེར་འདོན་སོགས་རྣམ་པ་སྣ་ཚོགས་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་དང་འཕེལ་རྒྱས་ཕྱིན་པའི་རླབས་ཆེན་གྱི་ལོ་རྒྱུས་ཕྱིར་དྲན་བྱས་ཡོད་པ་མ་ཟད།  དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན།  བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་རབས་གསར་པ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཅས་དུས་སྐབས་མི་འདྲ་བ་བཞིའི་རིང་གི་དུས་མཚམས་མི་འདྲ་བའི་དོན་ཆེན་གལ་ཆེན་རྣམས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བསྐྱར་དུ་མངོན་པར་བྱས་ཡོད་པ་དང་།  ཀྲུང་གོའི་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་རྒྱང་སྐྱོད་ལམ་བུ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
          མཚན་ཚོགས་ཧྲིལ་པོས་ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།  དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་རིང་འཕེལ་རྒྱས་ཕྱིན་པ་ལྟ་བུའི་མི་ཡུལ་གྱི་ངོ་མཚར་བཏོད་པར་བསྟོད་གླུ་བླངས་པ་དང་།  ཏང་གི་མཁས་མཛངས་འགོ་ཁྲིད་དང་ལེན་མཐའ་གཅིག་ཏུ་ཞུ་རྒྱུའི་ཆོད་སེམས་ཀྱང་མངོན་ཡོད།  མཇུག་ཏུ་ཚོགས་ར་ཡོངས་སུ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅེས་པའི་གླུ་གཞས་ཀྱི་སྒྲའི་ཁྲོད་མཚན་ཚོགས་ཀྱི་མཐོ་རླབས་འཕྱུར་ཡོད།།
རྩོམ་སྒྲིག་པ། བདེ་སྒྲོལ།