ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཅིག་པའི་ཐོག་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་བཤད་གནང་བ།

སྤེལ་དུས 2021-06-28 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

ཟླ་6ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཅིག་པ་བྱས་ཤིང་། ད་ཐེངས་ཀྱི་མཉམ་སྡེབ་སློབ་སྦྱོང་ལ་ལྟ་སྐོར་དང་གྲོས་བསྡུར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ཡོད། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོར“འོད་སྟོང་འབར་བའི་རླབས་ཆེན་བྱ་གཞག གསར་བརྗེའི་གླེང་གཞི་ངོ་མཚར་ཆེ། པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོ་དང་ཀྲུང་གོ་གུང་ཁྲན་ཏང་གི་དུས་འགོའི་པེ་ཅིང་གི་གསར་བརྗེའི་བྱེད་སྒོའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་བཞིན་པ། 

ཟླ་6ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཅིག་པ་བྱས་ཤིང་། ད་ཐེངས་ཀྱི་མཉམ་སྡེབ་སློབ་སྦྱོང་ལ་ལྟ་སྐོར་དང་གྲོས་བསྡུར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ཡོད། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོརའོད་སྟོང་འབར་བའི་རླབས་ཆེན་བྱ་གཞག གསར་བརྗེའི་གླེང་གཞི་ངོ་མཚར་ཆེ། པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོ་དང་ཀྲུང་གོ་གུང་ཁྲན་ཏང་གི་དུས་འགོའི་པེ་ཅིང་གི་གསར་བརྗེའི་བྱེད་སྒོའི་བརྗོད་དོན་གཙོ་བོའི་འགྲེམས་སྟོནལ་གཟིགས་སྐོར་གནང་བཞིན་པ། 

ཟླ་6ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཅིག་པ་བྱས་ཤིང་། ད་ཐེངས་ཀྱི་མཉམ་སྡེབ་སློབ་སྦྱོང་ལ་ལྟ་སྐོར་དང་གྲོས་བསྡུར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ཡོད། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་ཀྲུང་ནན་ཧའེ་ཧྥེང་ཙེ་ཡོན་དུ་བློ་མཐུན་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པར་གཟིགས་སྐོར་གནང་བཞིན་པ། 

 

          ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ཟླ་6ཚེས་25ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཅིག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། གསར་བརྗེའི་ཐོན་ཁུངས་ནི་རང་རེའི་ཏང་གིས་དཀའ་ཚེགས་ཆེ་ལ་འོད་སྟོང་འཕྲོ་བའི་འབད་འཐབ་ལོ་རྒྱུས་ཀྱི་དཔང་པོ་ཞིག་དང་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད་ལ། གསར་བརྗེའི་ཁྲག་རྒྱུན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་ངོ་བོ་གཅིག་སྡུད་ཐོག་མཚོན་པ་ཞིག་དང་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ཀྱང་རེད། འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་མདུན་ཕྱོགས་ཀྱི་ལམ་བུར་རྒྱང་ལྟ་བྱེད་སྐབས། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ། ཏང་གི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་བརྟེན་ནས་འཐབ་སེམས་ལ་སྐུལ་ལྕག་དང་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ཏང་གི་ལོ་རྒྱུས་ཉམས་མྱོང་དང་ལག་ལེན་ལ་བརྟེན་ནས་བློ་འབྱེད་ཀྱི་བློ་གྲོས་གསར་གཏོད་དང་། ཀུན་སྤྱོད་ལ་ཞུན་བརྡར། སྔ་འཛིན་ཕྱི་གཏོད། གསར་འབྱེད་མདུན་སྐྱོད་བཅས་བྱས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་རང་སྲོག་དོར་ནས་ཐོབ་པའི་གསར་བརྗེའི་ས་གཞི་ཆེ་མོར་སྲུང་སྐྱོང་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ཏེ་གསར་བརྗེའི་སྔོན་བྱོན་ཚོའི་རེ་སྒུག་ཆུད་ཟོས་སུ་མི་གཏོང་བ་དང་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།

          ད་ཐེངས་ཀྱི་མཉམ་སྡེབ་སློབ་སྦྱོང་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། ལྟ་སྐོར་དང་གྲོས་བསྡུར་གཉིས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྤེལ་ཡོད།

          ཚེས་25ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་སྣེ་ཁྲིད་དེ་པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོརའོད་སྟོང་འབར་བའི་རླབས་ཆེན་བྱ་གཞག གསར་བརྗེའི་གླེང་གཞི་ངོ་མཚར་ཆེ——པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོ་དང་ཀྲུང་གོ་གུང་ཁྲན་ཏང་གི་དུས་འགོའི་པེ་ཅིང་གི་གསར་བརྗེའི་བྱེད་སྒོའི་བརྗོད་དོན་གཙོ་བོའི་འགྲེམས་སྟོནལ་གཟིགས་སྐོར་གནང་སྟེ། ལི་ཏ་ཀྲའོ་དང་ཁྲེན་ཏུའུ་ཤིའུ་སོགས་ཀྱིས་གསར་བརྗེའི་བྱེད་སྒོ་སྤེལ་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོར་ཐོག་མར་ཁྱབ་སྤེལ་བཏང་བ། ཀྲུང་གོ་གུང་ཁྲན་ཏང་འཛུགས་རྒྱུའི་སྐོར་ནང་མོལ་དང་གྲབས་གཤོམ་གནང་བ་སོགས་ཀྱི་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་གནང་བ་རེད། འགྲེམས་ཁང་ནང་དུ་བཤམས་པའི་པར་རིས་རེ་རེ་དང་རིག་དངོས་རེ་རེ་ལས་དུས་སྐབས་དེའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ཕེབས་མཚམས་ཡང་ཡང་བཞག་སྟེ་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་ཞིང་། ཁོང་གིས་པེ་ཅིང་སློབ་ཆེན་ནི་རིག་གནས་གསར་པའི་ལས་འགུལ་གྱི་ལྟེ་གནས་དང་ལྔ་བཞིའི་ལས་འགུལ་གྱི་འབྱུང་གནས་ཤིག་དང་། རང་རྒྱལ་དུ་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་ཁྱབ་སྤེལ་གཏོང་སྔ་ཤོས་ཤིག་རེད་ལ། རང་རེའི་ཏང་གིས་པེ་ཅིང་དུ་དུས་འགོའི་གསར་བརྗེའི་བྱེད་སྒོ་སྤེལ་བའི་ལོ་རྒྱུས་ཀྱི་དཔང་པོ་བྱེད་ས་ཞིག་ཀྱང་རེད། ཏང་འཛུགས་པའི་བརྒྱུད་རིམ་ནང་གནས་བབ་གལ་ཆེན་ལྡན་ཡོད། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་བྱས་ཏེ། ལོ་རྒྱུས་ལ་གདེང་འཇོག་གནད་ལ་འཁེལ་བ་བྱས་ཏེ་ལོ་རྒྱུས་སློབ་སྦྱོང་དང་བེད་སྤྱོད་ཡང་དག་བྱེད་དགོས་ཞེས་བསྟན་གནང་བ་རེད།

          ཧྥེང་ཙེ་ཡོན་ནི་བློ་མཐུན་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པ་ཡིན་ཞིང་། དེ་ནི་བློ་མཐུན་མའོ་ཙེ་ཏུང་གིས་1949ལོའི་ཟླ་9ཚེས་21ཉིན་ནས་བཟུང་ལོ་17རིང་ཕྱག་ལས་གནང་ས་དང་འཚོ་བ་སྐྱེལ་ས་ཞིག་རེད། དེ་གར་བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོ་གསར་པ་འཛུགས་པ་དང་འཛུགས་སྐྲུན་བྱེད་པའི་སྲིད་དོན་གལ་ཆེན་པོའི་ཇུས་གཞི་རབ་དང་རིམ་པ་བཀོད་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་སྣེ་ཁྲིད་དེ་དེ་གར་གཟིགས་སྐོར་ལ་ཕེབས་ཏེ། དབྱི་ཉན་ཐང་གི་ཚོམས་ཆེན་གྱི་ས་ཆ་དངོས་ཀྱི་འགྲེམས་སྟོན་ལ་གཟིགས་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་ཧྥེང་ཙེ་ཡོན་དུ་ཕྱག་ལས་གནང་བ་དང་འཚོ་བ་བསྐྱལ་གནང་བའི་བརྙན་ཐུང་ལ་གཟིགས་པ། བློ་མཐུན་མའོ་ཙེ་ཏུང་གིས་དེ་གར་གཙོ་སྐྱོང་གནང་བའི་ཚོགས་འདུ་གལ་ཆེན་དང་། ཐུགས་ཐག་བཅད་གནང་བའི་ཐབས་ཇུས་གལ་ཆེན། མཇལ་འཕྲད་གནང་མྱོང་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་གལ་ཆེན་བཅས་ལ་ཕྱིར་དྲན་གནང་བ། བློ་མཐུན་མའོ་ཙེ་ཏུང་གི་གཞུང་ལས་ཁུལ་དང་། ཚོགས་ཁང་། དཔེ་མཛོད་ཁང་བཅས་ལ་གཟིགས་སྐོར་གནང་བ། བློ་མཐུན་མའོ་ཙེ་ཏུང་གིས་མཆན་འགོད་དང་དག་བཅོས་གནང་མྱོང་བའི་ཡིག་ཆ་གལ་ཆེན་དང་། གཟིགས་མྱོང་བའི་དཔེ་དེབ། མཆོད་མྱོང་བའི་གྱོན་ཆས། བེད་སྤྱོད་གནང་མྱོང་བའི་ཉེར་སྤྱོད་དངོས་པོ་དང་། འཕྲིན་ཡིག ཟིན་བྲིས། འདྲ་པར་སོགས་ལ་ཞིབ་ཕྲ་གཟིགས་གནང་བ། བློ་མཐུན་མའོ་ཙེ་ཏུང་གི་ཁྱད་དུ་འཕགས་པའི་མཛད་རྗེས་དང་བླ་ན་མེད་པའི་སྤྱོད་བཟང་ལ་རྗེས་དྲན་ཞུས་པ་རེད། ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོ་དང་ཧྥེང་ཙེ་ཡོན་གཉིས་པོ་ནི་ཏང་གི་ལོ་རྒྱུས་ཐོག་མཚོན་རྟགས་རང་བཞིན་གྱི་དོན་སྙིང་ལྡན་ཡོད། དེ་ལས་ཀྲུང་གོ་གུང་ཁྲན་ཏང་ཇི་ལྟར་བྱས་ནས་བྱུང་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཇི་ལྟར་བྱས་ནས་བྱུང་བ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད། དེས་ན་ང་ཚོར་གསོན་ཉམས་དོད་ལ་སེམས་འགུལ་ཐེབས་པའི་ཏང་གི་ལོ་རྒྱུས་སློབ་ཚན་ཞིག་ཁྲིད་བྱུང་ཞེས་ནན་བཤད་གནང་བ་རེད།

          གཟིགས་སྐོར་གནང་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་སོགས་ཀྲུང་ནན་ཧའེ་ཡི་ཧོའེ་རེན་ཐང་ཚོམས་ཆེན་དུ་ཕེབས་ནས་བརྗོད་དོན་གཙོ་བོར་དམིགས་ཏེ་སྔར་བས་སློབ་སྦྱོང་གནང་བ་རེད། ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་བསྟན་གནང་དོན། དམར་པོ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཀྲག་མདངས་འཚེར་བའི་གཞི་གདན་གྱི་ཚོན་མདོག་ཡིན། རང་རྒྱལ་གྱི་སྤྱི་ལེ་ངོས་གྲུ་ཁྲི་960ལྷག་ཙམ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་གསར་བརྗེའི་ཐོན་ཁུངས་སྐར་ཚོགས་ལྟར་ཁྱབ་ཡོད་པ་དང་། རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་བརྒྱའི་འབད་འཐབ་ཀྱི་རླབས་ཆེན་ལོ་རྒྱུས་ལམ་བུའི་ཁྲོད་གསར་བརྗེའི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། ལོ་རྒྱུས་ཀྱི་དོན་རྐྱེན་རེ་རེ་དང་། གསར་བརྗེའི་དཔའ་བོ་རེ་རེ། གསར་བརྗེའི་སྙིང་སྟོབས་རེ་རེ། གསར་བརྗེའི་རིག་དངོས་རེ་རེ་བཅས་ཚང་མས་རང་རེའི་ཏང་གིས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་ཐོབ་པའི་གྲུབ་འབྲས་གལ་ཆེན་མཚོན་པ་དང་། རང་རེའི་ཏང་གི་ཕུགས་འདུན་དང་། དོན་གཉེར། བརྩེ་སེམས། འགན་འཁྲི་འཁུར་ཕོད་པ། བློས་གཏོང་དང་ལེགས་སྐྱེས་འབུལ་བ་བཅས་མངོན་ནས་རང་རེའི་ཏང་གི་གསར་བརྗེའི་ཁྲག་རྒྱུན་གཅིག་སྡུད་བྱས་ཡོད།

          ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ངས་ས་གནས་སུ་རྟོག་ཞིབ་བྱེད་པར་སྐྱོད་སྐབས་རང་རེའི་ཏང་གི་ངོས་ནས་བརྗོད་ན་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གསར་བརྗེའི་གནས་མཆོག་དང་། གསར་བརྗེའི་གནས་ཡུལ་རྙིང་པ། གསར་བརྗེའི་ལོ་རྒྱུས་དྲན་གསོ་ཁང་བཅས་ལ་རྟག་ཏུ་ཞལ་མཇལ་ཞུ་བར་འགྲོ་ཡི་ཡོད། གལ་ཆེ་ས་ཚང་མ་སྤྱིར་ན་བསྐྱོད་ཟིན། ས་ཆ་མི་རེ་ངོ་རེར་སླེབས་རིམ་བཞིན་སྤྱིར་བཏང་མིན་པའི་ལོ་ཟླ་རེ་རེ་བཞིན་བསྐྱར་དྲན་བྱེད་པ་དང་ཏང་གིས་བསྐྱོད་མྱོང་བའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱས་པ་ལས། སེམས་འགུལ་ཆེན་པོ་ཐེབས་ལ་བསམ་བློར་ཡང་ཞུན་བརྡར་ཞིག་ཐེབས་ཀྱི་འདུག ག་དུས་ཡིན་རུང་དད་མོས་ཀྱི་སེམས་པ་ཞིག་བཅངས་ནས་བསྐྱོད་པ་དང་མྱོང་ཚོར་ཟབ་མོ་ཞིག་བྱུང་ནས་ལོག་ཡོང་གི་ཡོད།

          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོར་ཁྱབ་སྤེལ་རྒྱ་ཁྱབ་བྱུང་བ་ལས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། མར་ཁེ་སི་རིང་ལུགས་ལས་རང་རེའི་ཏང་ལ་ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡོད་པར་འགྱུར་བ་དང་། འཛམ་གླིང་ཤེས་རྟོགས་དང་འཛམ་གླིང་སྒྱུར་བཀོད་གཏོང་བའི་བསམ་བློའི་མཚོན་ཆ་རྣོན་པོ་ཞིག་ཡོད་པར་གྱུར་ཡོད། ལོ་ངོ་100ཡི་རིང་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མའོ་ཙེ་ཏུང་གི་དགོངས་པ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཏོད་པ་དང་། མཚོན་བྱེད་གསུམགྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་གྲུབ་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་མཛུབ་ཁྲིད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་ནི་རྩ་བའི་ཐོག་ནས་བརྗོད་ན་མར་ཁེ་སི་རིང་ལུགས་འགྲིག་པས་རེད། ང་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བདེན་དོན་གྱི་སྟོབས་ཤུགས་རྟོགས་པ་བྱས་ཏེ་གུང་ཁྲན་ཏང་གི་སྲིད་སྐྱོང་གི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་འོད་ཟེར་གྱིས་ང་ཚོའི་མདུན་སྐྱོད་ལམ་བུ་གསལ་བར་བྱེད་དགོས།

          ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་མཐའ་འཁྱོངས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། གསར་བརྗེའི་ཕུགས་འདུན་གང་ལས་ལྷག ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་གུང་ཁྲན་ཏང་མི་ཁྲི་སྟོང་མང་པོས་ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བར་འཛེམས་མྱོང་མེད། གུང་ཁྲན་རིང་ལུགས་ནི་རང་རེའི་ཏང་གི་ཕུགས་འདུན་ཆེན་པོ་རེད། ཕུགས་འདུན་ཆེན་པོ་འདི་སྒྲུབ་ཆེད་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོསའདུ་ཤེས་བཞིཟབ་ཏུ་གཏོང་བ་དངགདེང་ཚོད་བཞིབརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཀའ་ངལ་ཁྱད་བསད་དང་འབད་འབུངས་མདུན་སྐྱོད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།

          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་མཐའ་འཁྱོངས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ལག་བསྟར་བྱེད་པ་ནི་རང་རེའི་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ནང་ཁྱབ་པའི་དམར་ཐིག་ཅིག་རེད། རྒྱལ་སྲིད་ནི་མི་དམངས་དང་། མི་དམངས་ནི་རྒྱལ་སྲིད་ཡིན། རྒྱལ་སྲིད་སྐྱོང་བ་དང་རྒྱལ་སྲིད་སྲུང་བ་ནི་མི་དམངས་ཀྱི་སེམས་པ་སྲུང་བ་ཞིག་རེད། ཡུན་རིང་སྲིད་སྐྱོང་བའི་རང་རེའི་ཏང་གི་ངོས་ནས་བརྗོད་ན། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་པ་དང་མང་ཚོགས་དང་ཁ་བྲལ་བ་ནི་ཉེན་ཁ་ཆེ་ཤོས་དེ་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱུན་ཆད་མེད་པར་ཚོར་ཤེས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ཡག་པོ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

          ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་མཐའ་འཁྱོངས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་གི་རླབས་ཆེན་གྱི་སྙིང་སྟོབས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ནི་ང་ཚོའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད་ལ། ང་ཚོས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་རེད། དེང་སྐབས་ཀྲུང་གོ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་བསྐྱར་དར་ཡོང་བར་དངོས་པོའི་དཔལ་ཡོན་གྱི་གསོག་འཇོག་བྱ་དགོས་ལ། བསམ་པའི་དཔལ་ཡོན་གྱི་ཚད་གཞི་དེ་བས་གོང་མཐོར་གཏོང་དགོས་པ་མ་ཟད། གསར་བརྗེ་དང་སྲོག་བསྡོས་ཀྱི་སྙིང་སྟོབས་གཏན་ནས་དོར་མི་རུང་བ་དང་། ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། དཀའ་སྤྱད་འབད་འཐབ། ཧུར་བསྲི་གྲོན་ཆུང་བཅས་ཀྱི་སྲོལ་རྒྱུན་གཏན་ནས་དོར་མི་རུང་བ། དགྲ་བོ་སྟོབས་ཆེན་ལ་མི་སྐྲག་པ་དང་། ཉེན་ཁར་མི་སྐྲག་པ། འཐབ་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་བློ་སྟོབས་གཏན་ནས་དོར་མི་རུང་བ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་བརྒྱའི་འབད་འཐབ་ཁྲོད་གྲུབ་པའི་ཏང་གི་རླབས་ཆེན་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ལ་འཚོ་བཅུད་སྦྱིན་ཐུབ་པ་དང་རང་ཉིད་ལ་སྐུལ་ལྕག་ཐུབ་པར་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་བཅངས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། རང་རེའི་ཏང་ནི་ལོ་ངོ་བརྒྱ་ཡི་འགྱུར་ལྡོག་མང་པོ་བརྒྱུད་མྱོང་ཡང་སྔར་བཞིན་ལང་ཚོའི་དཔལ་གྱིས་ཕྱུག་པའི་གནས་ལུགས་ནི་རང་ངོས་སྤྱོད་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་ཆེན་པོ་ལྡན་པ་ལས་བྱུང་བ་ཞིག་རེད། རང་ངོས་གསར་བརྗེའི་སྙིང་སྟོབས་ནི་ཏང་གི་སྲིད་སྐྱོང་ནུས་པའི་འདེགས་སྐྱོར་ཆེན་པོ་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ནམ་ཡང་འབད་འཐབ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ངར་ཤུགས་འགྲིམས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། རང་གཅུན་ནན་པོ་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་མིང་དོན་མཚུངས་པའི་གུང་ཁྲན་ཏང་ཡོན་ཞིག་བཅས་བྱས་ཏེ་དེ་བས་སྟོབས་དང་ལྡན་པའི་ཏང་འཛུགས་སྐྱོང་བྱེད་ཆེད་འབད་བརྩོན་བྱེད་དགོས།

          ཞི་ཅིན་ཕིང་གིས་བློ་གཅིག་སེམས་གཅིག་དང་། བརྩེ་སེམས་ཟབ་མོ། ནུས་ཤུགས་ཡོད་རྒུ་བཅས་ཀྱི་སྒོ་ནས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས། གསར་བརྗེའི་ཐོན་ཁུངས་ལ་ཆེད་དོན་གྱི་བརྟག་དཔྱད་གཏིང་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བརྒྱུད་རིམ་ལྡན་པའི་ངང་ཞིབ་འཇུག་བྱས་ཏེ། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང། གཙོ་རྐང་། གཙོ་རྒྱུན། ངོ་བོ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས། ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་ལ་དར་ཆ་གསལ་སྟོན་གྱི་སྒོ་ནས་ངོ་རྒོལ་དང་བཀག་འགོག་བྱེད་དགོས། རྩེར་སོན་གྱི་འགྲེམས་སྟོན་གཏོད་དགོས་ཤིང་། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། སྒྱུ་རྩལ་གྱི་རང་བཞིན་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། ལོ་རྒྱུས་ཀྱི་དོན་དངོས་བགྲང་བ། མཚོན་པར་བྱེད་ནུས་དང་། ཁྱབ་སྤེལ་གཏོང་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་བཏང་ནས་གསར་བརྗེའི་རིག་གནས་གསོན་ཉམས་དོད་པོས་ཁྱབ་སྤེལ་གཏོང་དགོས། སློབ་གསོའི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་གི་གནད་དོན་གལ་ཆེན་དང་མཚམས་ཚིགས་གལ་ཆེན་ལ་དམིགས་ཏེ། མཚོན་རྟགས་གནས་ཡུལ་གལ་ཆེན་ཁག་གཅིག་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱེད་པ་དང་། ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་ཤོད་པ། གཞོན་ནུ་ལོ་ཆུང་གི་གོ་རྟོགས་ཀྱི་ཁྱད་ཆོས་དང་འཚམ་པའི་སློབ་གསོའི་བྱེད་སྒོ་འཆར་འགོད་བྱེད་པ། ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ཀྱི་རྟེན་གཞི་བསྐྲུན་ནས་ཁོང་ཚོར་ཆུང་དུས་ནས་སེམས་ནང་གསར་བརྗེའི་ཕུགས་འདུན་གྱི་རྩ་བ་ཚུགས་པར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་བ་རེད།

 རྩོམ་སྒྲིག་པ། རིག་གྲོལ།