ཀུའུ་ཐེན་དམག་དུང་།
སྤེལ་དུས 2021-06-28
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
(གོང་གི་འདྲ་པར་མནན་ནས་གློག་བརྙན་ལ་བལྟ་ཆོག)
《ཀུའུ་ཐེན་དམག་དུང་།》ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་གློག་བརྙན་ཞིག་ཡིན་ཏེ། གློག་བརྙན་དེའི་ནང་ཟོལ་མེད་ཀྱི་སྒྱུ་རྩལ་དང་གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ནས་དམར་དམག་གི་དམག་དུང་འབུད་མཁན་ཆུང་ཆུང་ཞིག་གི་མཐོང་སྣེ་ནས་དམར་དམག་ནི་ཅིང་ཀང་ཧྲན་དུ་མཐའ་སྐོར་པ་ནས་ཧྥུ་ཅན་ནུབ་རྒྱུད་དུ་སྐྱོད་པའི་བར་དང་། ན་གཞོན་གསར་བརྗེའི་གཙོ་འཛིན་གྱིས་ན་གཞོན་དམར་དམག་སྣེ་ཁྲིད་དེ། དཀའ་སྡུག་ཁྲོད་བདེན་དོན་འཚོལ་ཞིབ་བྱས་ནས་ཀྲུང་གོའི་གསར་བརྗེར་གྲུབ་འབྲས་ཐོབ་པའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཤིག་བཀོད་ཡོད།