《ཏང་འཛུགས་རླབས་ཆེའི་ལས་དོན》
སྤེལ་དུས 2021-07-01
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
(གོང་གི་འདྲ་པར་མནན་ནས་གློག་བརྙན་ལ་བལྟ་ཆོག)
གློག་བརྙན་འདི་ནི་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ90འཁོར་བར་རྟེན་འབྲེལ་ཞུ་བར་ཕབ་སྐྲུན་བྱས་པའི་སྐྱེས་འབུལ་གྱི་གློག་བརྙན་ཞིག་ཡིན་ཞིང་། འདིས1921ལོའི་སྔ་རྗེས་ཀྱི་བརྗོད་དོན་དམིགས་སུ་བཟུང་སྟེ་ཕབ་སྐྲུན་བྱས་ཡོད། གློག་བརྙན་འདི་ནི1911ལོར་ལྕགས་ཕག་ལོའི་གསར་བརྗེ་བྱུང་མ་ཐག་པ་ནས1921ལོར་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོ་འཚོགས་པའི་བར་གྱི་བསྡོམས་པས་ལོ་ངོ10རིང་ཀྲུང་གོར་བྱུང་བའི་ལོ་རྒྱུས་ཀྱི་དོན་ཆེན་འགངས་ཆེན་རབ་དང་རིམ་པ་དོན་བརྗོད་བྱས་ཡོད་ཅིང་། གཙོ་བོའི་ཆ་ནས་ཀྲུང་ཧྭ་མིན་གོའི་དུས་འགོའི་ཟིང་ཆ་དང་། ལྔ་བཞིའི་ལས་འགུལ། ཀྲུང་གོའི་གུང་ཁྲན་ཏང་འཛུགས་པ་བཅས་ནང་དོན་ཚན་པ་གསུམ་གྱིས་གྲུབ་ཡོད།