ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > ཏང་གི་ལོ་རྒྱུས་སྐོར་གྱི་གློག་བརྙན།

《ཆན་ཞུའེ་སེན།》

སྤེལ་དུས 2021-07-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
(གོང་གི་འདྲ་པར་མནན་ནས་གློག་བརྙན་ལ་བལྟ་ཆོག)
          དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་པར། ཅ་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ཆན་ཞུའེ་སེན་ལ་ཨ་མེ་རི་ཁར་དར་བའི་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་གྱིས་རྡུང་རྡེག་ཆེན་པོ་ཐེབས་ཤིང་། ཁོའི་ལག་རྩལ་རྩེ་གྲའི་ཞིབ་འཇུག་ཀྱང་བཙན་གྱིས་མཚམས་འཇོག་ཏུ་བཅུག་པར་མ་ཟད། རྒྱལ་མཚམས་ནས་ཐོན་དགོས་པའི་བཀའ་ཕབ་པ་རེད། ཆན་ཞའེ་སེན་གྱི་བློ་སེམས་མེས་རྒྱལ་ལ་བཅངས་ཤིང་ཕྱིར་མེས་རྒྱལ་ལ་ལོག་འདོད་ཡོད་མོད། འོན་ཀྱང་ཆན་ཞའེ་སེན་གྱི་རིན་ཐང་ཆེན་པོ་རྟོགས་པའི་ཨ་རིའི་ཕྱོགས་ཀྱིས་ཁོ་མེས་རྒྱལ་དུ་ལོག་པར་བཀག་འགོག་སྣ་ཚོགས་བཟོས་པ་དང་། ཐ་ན་གསང་མྱུལ་གྱི་ནག་ཉེས་ཀྱིས་འཛིན་བཟུང་བྱས།  མཐར་ཀྲོའུ་ཨེན་ལའེ་ཡིས་བཀའ་ཕབ་སྟེ་ཨ་རིའི་དམག་འཁྲུག་ཉེས་ཅན་འཕུར་སྐྱོད་པ11དང་ཆན་ཞའེ་སེན་བརྗེས་ཡོང་བ་རེད། ཆན་ཞའེ་སེན་གྱིས་ཚན་ཞིབ་མི་སྣའི་སྣེ་ཁྲིད་དེ་ལད་བཟོའི་ཐབས་ལམ་གྱིས་ད་ཡོད་ཀྱི་ལག་རྩལ་དང་ཆ་རྐྱེན་གཞིར་བཟུང་ནས་རིམ་པ་བཞིན་ཞིབ་འཇུག་དང་འཐུས་ཚང་དུ་བཏང་སྟེ། ཀྲུང་གོའི་མེ་ཤུགས་འཕུར་མདའི་རྨང་གཞི་བཏིང་བ་རེད།
          གློག་བརྙན་གྱི་སྦྲེལ་ཐག  https://www.1905.com/vod/play/580704.shtml?__hz=6e0721b2c6977135&api_source=douban_vodadd