པེ་ཅིང་གི་གསར་བརྗེའི་ས་ཁྲ། ཁྲེན་ཏུའུ་ཞིའུ་ཡི་བཞུགས་གནས་རྙིང་པ།
སྤེལ་དུས 2021-07-02
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
(གོང་གི་འདྲ་པར་མནན་ནས་གློག་བརྙན་ལ་བལྟ་ཆོག)
པེ་ཅིང་གི་ཁྲེན་ཏུའུ་ཞིའུ་ཡི་བཞུགས་གནས་རྙིང་པ་དེ་པེ་ཅིང་གྲོང་ཁྱེར་ཤར་ཁུལ་གྱི་ཅན་ཀན་སྲང་ལམ་གྱི་ར་སྐོར་ཨང20པར་གནས། 1917ལོར་ཁྲེན་ཏུའུ་ཞིའུ་ཧྲང་ཧའེ་ནས་པེ་ཅིང་སློབ་གྲྭ་ཆེན་མོར་དགེ་རྒན་ལ་ཕེབས་སྐབས་དེ་གར་བཞུགས་པ་དང་། 《གཞོན་ནུ་གསར་པ》ཡི་རྩོམ་སྒྲིག་པུའུ་ཡང་གནས་འདིར་སྤོས་པ་རེད། 2001ལོའི་ཟླ3པར་བཞུགས་གནས་དེ་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས།