ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བཟོས་འདུག
སྤེལ་དུས 2021-02-09
ཡོང་ཁུངས།
རྩོམ་པ་པོ།
ཟླ་༩ཚེས་༥ཉིན་ནས་ཚེས་༩བར་པེ་ཅིང་དུ་འཚོགས་པའི་༢༠༢༠ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་སྤེལ་རེས་ཚོགས་འདུའི་སྟེང་། གདན་ཞུས་ལྟར་སྤྱི་པའི་འཕྲོད་བསྟེན་རིམས་འགོག་ཆེད་དོན་འགྲེམས་ཁུལ་དུ་འགྲེམས་སྟོན་ནང་ཞུགས་པའི་རྒྱལ་ཁབ་སྨན་ཚོགས་དང་ཀྲུང་གོའི་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིས་ཞིབ་འཇུག་དང་ལེན་བྱས་པའི་རིམས་འགོག་སྨན་ཁབ་གསར་པ་གཉིས་བཏོན་ཡོད་པ་དེས་ཚོགས་ར་དེར་འདུས་པའི་མི་ཡོངས་ཀྱིས་དོ་ཁུར་བྱེད་ས་གཙོ་བོར་གྱུར།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་ནང་ཞུགས་པའི་རིམས་འགོག་སྨན་ཁབ་གསར་པ་གཉིས་མིག་སྔར་དུས་ཐེངས་IIIཔའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་དུས་མཚམས་སུ་སླེབས་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། པ་ལིན། ཕེ་རུ། མོ་རོ་ཁོ། ཨ་ཀེན་ཐིན་སོགས་རྒྱལ་ཁབ་དང་ས་ཁུལ་དུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། ཚོགས་ཆུང་ནང་ཞུགས་ཏེ་འགོག་ཁབ་བརྒྱབ་པའི་མི་ཁྲི་༥དང་། མ་དཔེ་སྟོན་མཁན་གྱི་མི་ཚོགས་རྒྱལ་ཁབ་༡༡༥ལ་ཁྱབ་པ་དང་ཕྱོགས་ཡོངས་ཀྱི་འཕེལ་རིམ་ཆ་སྙོམས་ཀྱི་འཛམ་གླིང་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ཡོད་པ་རེད།
དུས་མཚུངས་སུ། ཀྲུང་གོའི་སྐྱེ་དངོས་ཀྱིས་པེ་ཅིང་དང་ཝུའུ་ཧན་གྱི་སྐྱེ་དངོས་གྲུབ་རྫས་ཞིབ་འཇུག་སུའོ་གཉིས་སུ་སོ་སོར་རིམ་པ་མཐོ་བའི་སྐྱེ་དངོས་བདེ་འཇགས་ཐོན་སྐྱེད་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། རིམས་འགོག་སྨན་ཁབ་ཐོན་སྐྱེད་འཁོར་ཁང་གཉིས་ཀྱི་ལོའི་ཐོན་ནུས་བསྡོམས་འབོར་དུང་ཕྱུར་༣ཟིན་ཡོད་པ་རེད། གཞན་ཡང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཧུའུ་པེ་སྲུང་སྐྱོང་དམག་འཐབ་དང་། ཝུའུ་ཧན་སྲུང་སྐྱོང་དམག་འཐབ། དེ་བཞིན་པེ་ཅིང་གི་གསར་ཐོན་བྱེད་ས། ཤིན་ཅང་ཝུའུ་ལུའུ་མུའུ་ཆི་སོགས་ཀྱི་ཐོལ་བྱུང་རིམས་ནད་ཐོན་ཉེན་ཆེ་བའི་ནད་པར་ནད་བཅོས་བྱེད་པའི་བརྒྱུད་རིམ་ནང་ནུས་པ་གལ་ཆེན་ཐོན་པའི་ཀྲུང་གོའི་སྐྱེ་དངོས་ཀྱི་དམིགས་བསལ་རང་བཞིན་གྱི་རིམས་ཐར་ཟླུམ་སྤྲི་ཡང་གྱོན་ཆས་ཉོ་ཚོང་ཚོགས་འདུའི་ཐོག་ཐོག་མར་ཡོངས་བསྒྲགས་བྱས་པ་རེད། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མང་པོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཀྲུང་གོའི་སྐྱེ་དངོས་ཚན་རྩལ་གྱི་རིམས་ནད་འགོག་པའི་གྲུབ་འབྲས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།