དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > ༄༅བོད་རབ་རྒྱན་ལྕགས་མོ་གླང་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > རིམས་འགོག་ཤེས་བྱ།

ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2021-02-09 ཡོང་ཁུངས། རྩོམ་པ་པོ།
           ན་ནིང་གི་ཟླ་5ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་ལ་གཞིགས་པ་དང་། སྔོན་འགོག་དང་ཚོད་འཛིན་ལག་ལེན་ནང་གི་སྤྱོད་གོ་ཆོད་པའི་ལས་དོན་སྤེལ་སྟངས་ལ་ཕྱོགས་སྡོམ་ནན་ཏན་དང་བེད་སྤྱོད་ཡག་པོ་བྱེད་པ། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་བ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རིམས་ནད་ཕྱི་ནས་འགོ་རྒྱུ་འགོག་པའི་ལས་དོན་ཡག་པོ་སྒྲུབ་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རིམས་ནད་ནང་དུ་བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཁེ་ལས་ཐོན་སྐྱེད་སླར་གསོ་དང་ཐོན་འབོར་ལོན་པ་དང་། འཚོ་བའི་ཞབས་ཞུའི་ལས་རིགས་ལས་འགོ་བསྐྱར་ཚུགས་དང་ཚོང་གཉེར་སླར་གསོ། སློབ་གྲྭ་བསྐྱར་ཚུགས་དང་སློབ་ཚན་སླར་གསོ་བཅས་ལ་སྐུལ་འདེད་གཏོང་དགོས།
          ཚོགས་འདུའི་ཐོག་བསྟན་དོན། ས་གནས་ཁག་གིས“ལྔ་གཅིག”རིང་མི་སྣ་གཞི་ཁྱོན་ཆེན་པོས་འགྲོ་སྐྱོད་དང་ཁྱབ་ཁོངས་ངེས་ཅན་ནང་འདུ་འཛོམས་བྱེད་པའི་གནས་ཚུལ་འོག་གི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཀྱི་ཕན་འབྲས་ལ་དུས་ཚོད་དམ་འཛིན་གྱིས་དཔྱད་དཔོག་བྱས་ཏེ། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཟ་ཁང་། ཞག་སྡོད། ཚོང་ར་སོགས་སུ་སྔོན་འགོག་དང་ཚོད་འཛིན་ལ་ཕན་པ་ཡོད་ལ། ཁྲོམ་ར་སླར་གསོར་ཡང་ཕན་པ་ཡོད་པའི་བྱ་ཐབས་ནུས་ལྡན་ལ་ཕྱོགས་སྡོམ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་ས་གནས་ལ་འབྲེལ་ཡོད་ཕྱོགས་སྟོན་ཡོངས་བསྒྲགས་བྱེད་རྒྱུར་མཛུབ་ཁྲིད་བྱས་ཏེ་བྱ་ཐབས་ཡག་པོ་སྤྱད་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནད་སྨིན་རང་བཞིན་སྔར་བས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་འཚོ་བའི་ཞབས་ཞུའི་སྒྲིག་བཀོད་དེ་བས་མང་བ་གཉེར་སྐྱོང་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་མིས་འཛད་སྤྱོད་བྱེད་མང་དུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་རྒྱུན་གཏན་གྱི་བགྲོད་ལམ་ཐོག་སླེབས་རྒྱུར་དེ་བས་སྐུལ་འདེད་ནུས་ལྡན་གཏོང་དགོས།
          ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་བའི་སློབ་གྲྭ་འབྲིང་ཆུང་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་པ་དང་སློབ་ཚན་སླར་གསོ་བྱས་པ་དང་སྦྲགས། མཐོ་སློབ་སློབ་མ་ཁག་གཅིག་སློབ་གྲྭར་ལོག་འགོ་ཚུགས་ཡོད། ས་གནས་དང་སློབ་གྲྭའི་འགན་འཁྲི་ནན་དུ་བཏང་ནས་སློབ་གྲྭ་འབྲིང་ཆུང་སློབ་འགོ་ཚུགས་རྗེས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། སློབ་གྲྭའི་འབྲེལ་ཡོད་མི་སྣར་རིམས་འགོག་ཤེས་བྱ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་རྐྱེན་ཅུང་ཞན་པའི་སློབ་གྲྭའི་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་དང་རིམས་འགོག་དངོས་ཟོག་སྤྲོད་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཐོ་སློབ་ཁག་གིས་སློབ་མ་ས་ཁོངས་སྒྲོལ་ནས་སློབ་གྲྭར་ལོག་པ་དང་། གཅིག་སྡུད་ཞག་སྡོད་བྱེད་པ། སློབ་ཁང་དང་ཟ་ཁང་སོགས་སུ་མི་སྣ་འདུ་འཛོམས་ཆེ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་བཟོ་བ་དང་ཞིབ་ཚགས་སུ་གཏོང་བ་དང་། རིམས་འགོག་དངོས་ཟོག་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། སློབ་གྲྭའི་དགེ་རྒན་ལས་བཟོ་དང་སློབ་མའི་བདེ་ཐང་གནས་ཚུལ་བརྟག་དཔྱད་སྙན་ཞུའི་ལམ་ལུགས་སྣ་ཚོགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་བླང་བྱ་གཞིར་བཟུང་ཉིང་སྐྱུར་དང་དུག་སྲིན་འགོག་སྨན་བརྟག་དཔྱད་དང་ལོགས་འཇོག་ལྟ་ཞིབ་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ“སྔ་ཙམ་བཞིའི”ལས་དོན་ཏན་ཏིག་སྒྲུབ་དགོས། ཚན་རིག་དང་མཐུན་ལ་གནད་སྨིན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལ་བརྟེན་ནས་སློབ་འགོ་ཚུགས་པ་དང་སློབ་ཚན་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས།
          ཚོགས་འདུའི་ཐོག་སྟོབས་ཤུགས་སྔར་བས་གཅིག་སྡུད་ཀྱིས་གཙོ་གནད་འགག་སྒྲོལ་བྱས་ཏེ་ཉིང་སྐྱུར་བརྟག་དཔྱད་ཀྱི་ནུས་པ་ཆེ་རུ་མགྱོགས་མྱུར་གཏོང་བ་དང་། ལྷག་དོན་དུ་བརྟག་དཔྱད་ཀྱི་དུས་ཚོད་ཐུང་བ་དང་ཚོད་ལྟ་ཁང་མི་དགོས་པའི་ཉིང་སྐྱུར་མགྱོགས་མྱུར་བརྟག་དཔྱད་བྱེད་ཐུབ་པའི་སྒྲིག་ཆས་ཐོན་སྐྱེད་བྱེད་ནུས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་སྲིད་ཇུས་དང་། ཞིབ་བསྡུར་དང་ཞིབ་མཆན་འགོད་པ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་རིང་གི་གཙོ་གནད་ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པར་མཐུན་སྦྱོར་རོགས་རམ་བྱེད་དགོས། སྒུལ་བདེའི་སྟབས་བསྟུན་ཚོད་ལྟ་ཁང་དུ་ཐོན་སྐྱེད་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ་ཆ་རྐྱེན་འཛོམས་པའི་ཕྱོགས་གསུམ་པའི་བརྟག་དཔྱད་སྒྲིག་གཞི་དེ་བས་མང་བ་ཉིང་སྐྱུར་བརྟག་དཔྱད་ནང་ཞུགས་སུ་འཇུག་དགོས། བརྟག་དཔྱད་བདེ་འཇགས་དང་། མགྱོགས་མྱུར། བློས་འཁེལ་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས། རིམས་ནད་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག་འཕྲལ་དུ་གནད་སྨིན་དོ་དམ་དང་ཚོད་འཛིན་བྱས་ཏེ་དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་ཁ་གསལ་གྱི་སྒོ་ནས་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་ལས། རྫུན་ཞུ་དང་ཆད་ཞུ་གཏན་ནས་བྱེད་མི་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད།