དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > ༄༅བོད་རབ་རྒྱན་ལྕགས་མོ་གླང་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

ལོ་གསར་སྐབས་སུ་གནམ་གྲུའི་སྤ་སེ་རིན་མེད་ངང་ཕྱིར་སློག་བྱེད་ཆོག

སྤེལ་དུས 2021-02-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དྲ་ཚིགས་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱིས་ལུགས་མཐུན་གོ་རིམ་ལྡན་པའི་ངང་ནས་མང་ཚོགས་ལ་ས་ཆ་རང་དུ་ལོ་གསར་རོལ་དགོས་པའི་འབོད་སྐུལ་དང་ལེན་དང་། མི་རྣམས་ཀྱི་འགྲོ་འོང་ཇེ་ཉུང་དུ་བཏང་ནས་རིམས་ནད་ཁྱབ་མཆེད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཆེད། ཟླ་དང་པོའི་ཚེས26ཉིན་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་བརྡ་སྦྱོར་བཏང་སྟེ་ཟླ་དང་པོའི་ཚེས27ཉིན་གྱི་ཆུ་ཚོད0པ་ནས་བཟུང་། ཟླ་དང་པོའི་ཚེས28ཉིན་ནས་ཟླ3པའི་ཚེས8ཉིན་བར་གྱི་དཔྱིད་གསར་དུས་ཆེན་གྱི་རིང་ལ་གནམ་གྲུའི་སྤ་སེ་ཉོ་མཁན་ཚོའི་སྤ་སེ་རིན་མེད་ངང་ཕྱིར་སློག་གམ་ཡང་ན་ཉུང་མཐར་ཡང་ཐེངས་གཅིག་ལ་དུས་ཚོད་བསྒྱུར་ཆོག་ཅེས་ཁ་གསལ་བཟོས་ཡོད།
          ཞིབ་ཕྲའི་ཕྱིར་སློག་གམ་སྒྱུར་བཅོས་བྱེད་པའི་སྒྲིག་སྲོལ་ནི་འདི་ལྟ་སྟེ།
          གཅིག གནམ་གྲུར་སྡོད་པའི་དུས་ཚོད་ནི་ཟླ་དང་པོའི་ཚེས28ཉིན་ནས་ཟླ2པའི་ཚེས3ཉིན་བར་གྱི་འགྲུལ་པ་ཡིན་ཞིང་། ཟླ་དང་པོའི་ཚེས27ཉིན་གྱི་དུས་ཚོད0པ་ནས་བཟུང་སྟེ་གནམ་གྲུ་མ་འཕུར་གོང་བར་སྤ་སེ་ཕྱིར་སློག་གམ་ཡང་ན་དུས་ཚོད་བསྒྱུར་བའི་རེ་འདུན་ཞུ་ཆོག་པ།
          གཉིས། གནམ་གྲུར་སྡོད་པའི་དུས་ཚོད་ནི་ཟླ2པའི་ཚེས4ཉིན་ནས་ཟླ3པའི་ཚེས8ཉིན་བར་གྱི་འགྲུལ་པ་ཡིན་ཞིང་། ཟླ་དང་པོའི་ཚེས27ཉིན་གྱི་ཆུ་ཚོད0པ་ནས་བཟུང་སྟེ་གནམ་གྲུ་མ་འཕུར་གོང་གི་ཉིན་བདུན་གྱི་བར་སྤ་སེ་ཕྱིར་སློག་གམ་ཡང་ན་དུས་ཚོད་བསྒྱུར་བའི་རེ་འདུན་ཞུ་ཆོག་པ།
          གསུམ། ཟླ་དང་པོའི་ཚེས27ཉིན་གྱི་ཆུ་ཚོད0པའི་གོང་ལ་སྤ་སེ་ཕྱིར་སློག་གམ་ཡང་ན་དུས་ཚོད་བསྒྱུར་བའི་རེ་ཞུ་བྱས་ཟིན་པའི་འགྲུལ་པས་སྲིད་ཇུས་འདིར་སྤྱོད་གོ་མི་ཆོད།
          དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རེ་འདུན་ལྟར་ན། མཁའ་འགྲུལ་ཀུང་སི་ཁག་གིས་བརྡ་སྦྱོར་གྱི་བླང་བྱ་གཞིར་བཟུང་སྟེ། ཞིབ་ཕྲའི་ལག་བསྟར་ཞིབ་སྲོལ་བཟོ་ཆོག
          ཟླ་དང་པོའི་ཚེས2ཉིན། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས《རིམས་ནད་རྒྱུན་རྣམ་ཅན་དུ་འགྱུར་བའི་སྔོན་འགོག་ཚོད་འཛིན་གྱི་དུས་བབ་འོག་འགྲུལ་པའི་སྤ་སེ་ཕྱིར་སློག་གམ་སྒྱུར་བཅོས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་སྦྱོར》བཏང་སྟེ། རྒྱལ་ནང་དུ་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་པའི་ས་ཁུལ་ལ་དམིགས་ཏེ་མཁའ་འགྲུལ་ཀུང་སི་ཁག་གིས་འགྲུལ་པའི་སྤ་སེ་རིན་མེད་ངང་ཕྱིར་སློག་གམ་སྒྱུར་བཅོས་བྱེད་པའི་ཇུས་གཞི་དུས་ཐོག་ཏུ་བཟོས་ནས། ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཆ་འཕྲིན་གསལ་བཤད་དང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། བརྡ་སྦྱོར་བཏང་རྗེས་རྒྱལ་ནང་གི་མཁའ་འགྲུལ་ཀུང་སི་ཁག་གིས་དུས་ཐོག་ཏུ་ཞིབ་ཕྲའི་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་ཤིང་། ཟླ་དང་པོའི་ཚེས25ཉིན་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་བཏང་བའི་བརྡ་སྦྱོར་གྱི་དམིགས་ཡུལ་ནི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྤེལ་བའི《མི་དམངས་མང་ཚོགས་ཀྱིས་ས་གནས་ས་ཐོག་ཏུ་ལོ་གསར་རོལ་བའི་ཞབས་ཞུ་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་སྦྱོར》དང་ལེན་ཞུས་ཏེ། རིན་མེད་ངང་སྤ་སེ་ཕྱིར་སློག་གམ་སྒྱུར་བཅོས་བྱེད་པའི་སྲིད་ཇུས་ཀྱི་སྤྱོད་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་ལོ་གསར་གྱི་གུང་གསེང་རིང་གི་དགོས་ངེས་མིན་པའི་འགྲུལ་སྐྱོད་ཇེ་ཉུང་དུ་གཏོང་བའི་འབོད་སྐུལ་དོན་འཁྱོལ་བྱ་རྒྱུ་དེ་རེད།
          གསར་འགྱུར་གྱི་ནང་དོན་དེ་ལས་ཞིབ་པ་གཤམ་གསལ།
          ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་སྤ་སེ་སྔོན་འཚོང་བྱེད་ཡུན་ཉིན15རིང་ལེགས་སྒྲིག་བྱས་ནས་མེ་འཁོར་མ་བཏང་གོང་གི་ཉིན8དང་དེ་བཞིན་དེ་ཡན་གྱི་སྤ་སེ་ཕྱིར་སློག་ལ་རིན་པ་མི་དགོས།
          ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྐད་འཕྲིན་སྤྱི་རྟགས་སུ་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་ཁག་གི་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ། སྤ་སེ་བསྐྱར་ཉོ་དང་ཕྱིར་སློག་བྱས་པ་ལས་འགྲུལ་པར་སྟབས་མི་བདེ་བའི་གནས་ཚུལ་མི་ཐོན་པ་བྱ་ཆེད། 2021ལོའི་ཟླ2པའི་ཚེས12ཉིན(ལུགས་རྙིང་གི་ཟླ་དང་པོའི་ཚེས་གཅིག)ནས་བཟུང་མེ་འཁོར་གྱི་སྤ་སེ་བཙོང་འགོ་རྩོམ་རྒྱུ་ཡིན་ལ་ལྕགས་ལམ་གྱི་སྤ་སེ་འཚོང་ཡུན་ཉིན15རིང་ཡིན་པ་སྟེ། ཟླ་དང་པོའི་ཚེས29ཉིན་ནས2021ལོའི་ཟླ2པའི་ཚེས12ཉིན(ལུགས་རྙིང་གི་ཟླ་དང་པོའི་ཚེས་གཅིག)བར་བཙོང་རྒྱུ་ཡིན་ཞིང་། ཟླ་དང་པོའི་ཚེས14ཉིན་ནས་ཟླ་དང་པོའི་ཚེས28ཉིན་བར་ཟླ2ཚེས11ཉིན(ལོ་གསར་གནམ་གང)དང་དེའི་གོང་གི་མེ་འཁོར་གྱི་སྤ་སེ་མ་གཏོགས་བཙོང་རྒྱུ་མིན་པ་རེད།
          ཟླ་དང་པོའི་ཚེས29ཉིན་ནས་བཟུང་། འགྲུལ་པས་གཅིག་གྱུར་གྱི་སྤེ་སེ་བཙོང་འགོ་རྩོམ་པའི་དུས་ཚོད་ནང་དྲ་ཚིགས12306དང་། ལྕགས་ལམ12306གི་ལག་ཁྱེར་ཁ་པར་གྱིApp། ཁ་པར། རང་འགུལ་སྤ་སེ་འཚོང་ཆས། མེ་འཁོར་འབབ་ཚུགས་ཀྱི་སྒེའུ་ཁུང་། ཚབ་ཚོང་སྟེགས་བུ་བཅས་ལ་བརྟེན་ནས་སྤ་སེ་ཉོ་ཆོག་པ་དང་། སྤེ་སེ་བཙོང་འགོ་རྩོམ་པའི་ཞིབ་ཕྲའི་དུས་ཚོད་ནི་དྲ་ཚིགས12306ནས་འདྲི་རྩད་བྱས་ཆོག
          ཟླ་དང་པོའི་ཚེས14ཉིན་ནས་བཟུང་། འགྲུལ་པས་འགྲོ་སྐྱོད་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་སྤ་སེ་ཕྱིར་སློག་བྱེད་དགོས་ཚེ། སྤ་སེ་ཕྱིར་སློག་གི་གྲོན་དངུལ་མི་བསྡུ་བའི་དུས་ཚོད་ནི་དེ་སྔའི་གཏན་འབེབས་ལྟར་མེ་འཁོར་མ་བཏང་གོང་གི་ཉིན15ཡན་གྱི་བསྡུར་ཚད་དེ་མེ་འཁོར་མ་བཏང་གོང་གི་ཉིན8ཡན(ཉིན་དེར་ཚུད་པ)དུ་བསྒྱུར་བ་དང་། ཉིན7དང་དེའི་ནང་ཚུན་དུ་སྤ་སེ་ཕྱིར་སློག་བྱས་ཚེ་སྔར་བཞིན་ཆུ་ཚོད48ཡན་དང་། ཆུ་ཚོད48ནས24བར། ཆུ་ཚོད24ནང་ཚུན་དུ་སྐས་རིམ་བཞིན་སྤ་སེ་ཕྱིར་སློག་གི་གྲོན་བསྡུའི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ། སྤ་སེ་སྒྱུར་བ་དང་འབབ་ཚུགས་ཀྱི་ལས་སྒོ་སྒྱུར་སྐབས་སྔར་བཞིན་སྤ་སེ་སྒྱུར་གླ་མི་བསྡུ་བ་དང་། གནས་ཚུལ་གཞན་དག་སྔར་བཞིན་ཐོག་མའི་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།
          གལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱིས་འགྲུལ་པ་ཕྱིར་སྐྱོད་སྐབས་སྤ་སེ་ཕྱིར་སློག་གི་འགྲོ་ལུགས་གཉེར་རྒྱུར་ཤུགས་རྐྱེན་ཐེབས་ཚེ། ལྕགས་ལམ་སྡེ་ཚན་གྱིས་དེ་མཚུངས་ཀྱི་སྤ་སེ་ཕྱིར་སློག་བྱ་ཐབས་དུས་ཐོག་ཏུ་སྤྱི་བསྒྲགས་བྱ་རྒྱུ་ཡིན།

རྩོམ་སྒྲིག་པ། སྣང་རྡོར།