“དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་པོ་སྲུང་མཁན་ལ་གསོ་སྦྱོང་བྱེད་པའི”ཆེད་དོན་ལས་དོན་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
ལྗོངས་ནང་ཁུལ་གྱི་རིགས་ཁག་གི་ཁེ་ལས་དང་ལས་གནས་བརྟན་པོ་སྲུང་མཁན་གླ་པ་རྣམས་ལ།
མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་། ཁེ་ལས་ཀྱི་ཐོན་སྐྱེད་གོ་རིམ་ལྡན་པ། ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བཅས་ཀྱི་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཟླ་2ཚེས་1ཉིན་ནས་ཟླ་3ཚེས་31ཉིན་བར་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང“དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་པོ་སྲུང་མཁན་ལ་གསོ་སྦྱོང་བྱེད་པའི”ཆེད་དོན་ལས་དོན་སྤེལ་ནས་རྒྱ་ཆེའི་ཁེ་ལས་དང་ལས་གནས་བརྟན་པོ་སྲུང་མཁན་ངལ་རྩོལ་པར་རྩལ་ནུས་གསོ་སྦྱོང་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད། རིགས་ཁག་གི་ཁེ་ལས་དང་ལས་གནས་བརྟན་པོ་སྲུང་མཁན་གྱི་ལས་མི་བྱེད་སྒོར་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པས། འབྲེལ་ཡོད་ཀྱི་དོན་ཚན་དམིགས་སུ་བཀར་ནས་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
བོད་ལྗོངས་ཀྱི་རིགས་ཁག་གི་ཁེ་ལས་ཀྱིས་ལས་གནས་ཐོག་མ་བསྐྱོད་གོང་གི་གསོ་སྦྱོང་དང་། ལས་གནས་ཀྱི་རྩལ་ནུས་མཐོར་གཏོང་གསོ་སྦྱོང་། ལས་ཀས་སྦྱོང་བརྡར་གྱི་ཚབ་བྱེད་པ་སོགས་ཀྱི་གསོ་སྦྱོང་གི་བྱེད་སྒོ་རང་བརྟེན་ངང་སྤེལ་ཆོག
གསོ་སྦྱོང་བྱ་ཡུལ། རང་ལྗོངས་ཀྱི་ཁྱབ་ཁོངས་ནང་ཐོ་འགོད་བྱས་པའི་རིགས་ཁག་གི་ཁེ་ལས།
དྲ་ཕྱིའི་མིང་ཐོ་འགོད་ཡུལ། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི།
དྲ་ཐོག་གི་མིང་ཐོ་འགོད་ཡུལ། བོད་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་ཐོག་ཚོམས་ཆེན(དྲ་ཚུགས།218.206.180.132)
གསོ་སྦྱོང་གི་རྣམ་གྲངས།
1.ལས་གནས་ཐོག་མ་བསྐྱོད་གོང་གི་གསོ་སྦྱོང་། ཁེ་ལས་ཀྱི་གསར་དུ་བསྡུས་པའི་ལས་མི་ཚང་མས་ལས་གནས་ཐོག་མ་བསྐྱོད་གོང་གི་གསོ་སྦྱོང་གི་འདུན་ཞུ་བྱེད་ཆོག གསོ་སྦྱོང་མཇུག་འགྲིལ་རྗེས་གསོ་སྦྱོང་གི་ལས་ཀའི་རིགས་དང་། ཚད་ལོན་པའི་མི་གྲངས་ལ་གཞིགས་ནས་དེ་མཚུངས་ཀྱི་གསོ་སྦྱོང་ཁ་གསབ་སྤྲོད་རྒྱུ།
2.ལས་གནས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་། ཁེ་ལས་ཀྱི་ལས་ཐོག་ལས་མི་ཚང་མས་ལས་ཐོག་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་གི་འདུན་ཞུ་བྱེད་ཆོག གསོ་སྦྱོང་མཇུག་འགྲིལ་རྗེས་གསོ་སྦྱོང་ཚད་ལོན་པའི་མི་གྲངས་ལ་གཞིགས་ནས་དེ་མཚུངས་ཀྱི་གསོ་སྦྱོང་ཁ་གསབ་སྤྲོད་རྒྱུ་དང་ཁ་གསབ་ཀྱི་ཚད་གཞི་དམའ་ཤོས་མི་རེར་སྒོར་1500ཡིན།
3.ལས་ཀས་སྦྱོང་བརྡར་གྱི་ཚབ་བྱེད་པ། 2021ལོར་ཁེ་ལས་ཀྱི་གསར་དུ་བསྡུས་པའི་ལས་མིས་ལས་ཀས་སྦྱོང་བརྡར་གྱི་ཚབ་བྱེད་པའི་གསོ་སྦྱོང་གི་འདུན་ཞུ་བྱེད་ཆོག གསོ་སྦྱོང་ཚད་ལོན་རྗེས་མི་རེར་ཟླ་རེར་ཁ་གསབ་སྒོར་2000ལེན་ཆོག་པ་དང་། ཁ་གསབ་སྤྲོད་པའི་དུས་ཚོད་ཟླ་བ་དྲུག་ནས་བརྒལ་མི་ཆོག
བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས།
2021ལོའི་ཟླ་2ཚེས་7ཉིན།