དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > ༄༅བོད་རབ་རྒྱན་ལྕགས་མོ་གླང་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > པར་རིས་གསར་འགྱུར།

ལོ་གསར་གྱི་ཤོག་སྦག་ཉོས་ན། ས་ཆ་འདི་དག་ལ་ཕེབས་དང་།

ལྷ་ས་གྲོང་ཁྱེར་དུ་ཤོག་སྦག་དུས་ཐུང་སིལ་ཚོང་ས་ཚིགས28བཙུགས་པ།

སྤེལ་དུས 2021-02-05 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཟླ1ཚེས28ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕྲལ་སྡོམ་དོ་དམ་ཅུས་ཀྱིས2021ལོའི་ཤོག་སྦག(དུས་ཐུང)སིལ་ཚོང་གི་གསོ་སྦྱོང་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཁྲེང་ཀོན་ཆུས་འཕྲལ་སྡོམ་དོ་དམ་ཅུས་དང་ལྷ་ས་གྲོང་ཁྱེར་ཤོག་སྦག་མཐུན་ཚོགས་ཀྱིས《ཤོག་སྦག་གི་དམིགས་ཚད་འགན་འཁྲིའི་ཡེ་གེར》མིང་རྟགས་བཀོད་པ་རེད།

          གསར་འགོད་པས་ཤེས་རྟོགས་བྱུང་བར། འདི་ལོ་ཁྲེང་ཀོན་ཆུས་ཀྱིས་ཤོག་སྦག་སིལ་ཚོང་བྱེད་ས་28ལ་ཞིབ་བཤེར་ཆོག་མཆན་སྤྲད་ཡོད་པ་དང་། རྒྱ་ཆེའི་གྲོང་མི་ཚོར་ཤོག་སྦག་འཚོང་བའི་དུས་ཡུན་ནི་2021ལོའི་ཟླ་1ཚེས་28ཉིན་ནས་ཟླ་2ཚེས་16ཉིན་བར་རེད།
          དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཤོག་སྦག་ཁྲོམ་རའི་བདེ་འཇགས་འགན་ལེན་བྱ་ཆེད། ཁྲེང་ཀོན་ཆུས་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ཤོག་སྦག་ཚོང་དུད་ཀྱིས་གྲོང་ཁུལ་རྙིང་པར་ཤོག་སྦག་འཚོང་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།

    འདི་ལོ་ཁྲེང་ཀོན་ཆུས་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ཞིབ་བཤེར་བྱས་ཤིང་། ཚད་གཞི་ལོན་པའི་ཤོག་སྦག་སིལ་ཚོང་ཁང་28ཡོད་པ་དེ་དག་ནི། བརྒྱད་གཅིག་ལམ་དང་། པེ་ཅིང་ནུབ་ལམ། ཉང་བྲན་བྱང་ལམ། ཚེས་གསུམ་ཐང་ལམ། འདམ་ར་ལམ། སེ་ར་བྱང་ལམ། གྲྭ་བཞི་ལམ། འདམ་ར་ཤར་ལམ། གཙང་རལ་ལམ། རྔ་ཆེན་ཤར་ལམ་སོགས་ཀྱི་ལམ་དུམ་དུ་ཡོད་པ་རེད། ཚོགས་འདུའི་ཐོག་ཁྲེང་ཀོན་ཆུས་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ཞིབ་བཤེར་ཆ་རྐྱེན་དང་མཐུན་པའི་ཤོག་སྦག་སིལ་ཚོང་ཁང་28ལ་ཡིག་རྒྱུགས་བཏང་སྟེ་ལས་སྒྲུབ་མི་སྣའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་གཉེར་སྐྱོང་དོ་དམ་ནུས་པ་ཆེ་རུ་བཏང་བ་རེད།

    ཡིག་རྒྱུགས་ལོན་རྗེས《ཤོག་སྦག(དུས་ཐུང)སིལ་ཚོང་གི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར》སྤྲོད་རྒྱུ་དང་། ཕྱིར་ཚོང་གི་དུས་ཡུན་ནི་2021ལོའི་ཟླ་1ཚེས་28ཉིན་ནས་ཟླ་2ཚེས་16ཉིན་བར་རེད། དུས་ཚོད་ཐིམ་རྗེས་ཚོང་གཉེར་གྱི་ཐོབ་ཐང་མེད་པར་བཟོས་ཏེ《ཤོག་སྦག(དུས་ཐུང)སིལ་ཚོང་གི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར》བསྡུ་རྒྱུ་དང་ཤོག་སྦག་ལྷག་མ་རྣམས་ལྷ་ས་གྲོང་ཁྱེར་ཤོག་སྦག་མཐུན་ཚོགས་ཀྱིས་གཅིག་གྱུར་ཐོག་བསྡུ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།