དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > ༄༅བོད་རབ་རྒྱན་ལྕགས་མོ་གླང་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > པར་རིས་གསར་འགྱུར།

ལྷ་སའི་ཁྲོམ་གཞུང་གང་སར་ལོ་གསར་གྱི་རྣམ་པ་ཟབ།

སྤེལ་དུས 2021-02-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           འདི་ལོ་ལྷ་ས་གྲོང་ཁྱེར་གྱི་ལོ་གསར་མཁོ་ཆས་ཁྲོམ་རས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་མཁོ་སྤྲོད་འགན་ལེན་བྱས་པ་དང་དུས་མཚུངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཡང་ལྷོད་གཡེང་སྤུ་ཙམ་བཏང་མེད།
          “ད་ཆ་ང་ཚོ་ནང་མི་ཚང་མར་ཕྱི་ལ་འགྲོ་དུས་ཁ་རས་རྒྱག་པའི་གོམས་གཤིས་འཇགས་ཡོད། དེ་ལྟར་བྱས་ན་གཙང་སྦྲ་ལྡན་ལ་བདེ་འཇགས་ཀྱང་འདུག”ཅེས་གྲོང་མི་བཀྲ་ཤིས་དབང་ཕྱུག་གིས་དགོད་བཞིན་བཤད།
           འཁྲུག་ཆ་དོད་པའི་བར་སྐོར་ཚོང་གྲོང་དུ་སྐྱོད་སྐབས་ཕྱེ་མར་འབོ་དང་། ཚོན་མདོག་རྣམ་པར་བཀྲ་བའི་ལོ་གསར་མེ་ཏོག མར་རྒྱན་རྩེ་སྒྲོ་སོགས་ལོ་གསར་གྱི་མཁོ་ཆས་གང་དགོས་ཅི་འདོད་ཉོ་རྒྱུ་ཡོད།
           རྒྱ་ཆེའི་གྲོང་མི་རྣམས་ལོ་གསར་གྱི་མཁོ་ཆས་ཉོ་བར་སྟབས་བདེ་ཡོང་ཆེད། ལྷ་ས་བར་སྐོར་ཚོང་གྲོང་གིས་ཚོང་དུད་ལ་ཁྲོམ་བཀྱག་300རིན་མེད་ངང་མཁོ་འདོན་བྱས་ནས་ལོ་གསར་མཁོ་ཆས་ཉོ་བའི་དུས་ཚོད་གནམ་གང་གི་སྔ་དྲོ་བར་ནར་འགྱངས་བྱས་ཡོད།
           འདི་ལོ་སྲོལ་རྒྱུན་གྱི་ལོ་གསར་མཁོ་ཆས་བར་སྐོར་ཚོང་གྲོང་དུ་ཡོད་པ་ཕུད། ལྷ་སའི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ཏུའང་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་བྱས་ཡོད།

འདི་ནི་ལོ་གསར་ལ་མེད་དུ་མི་རུང་བའི་ལྒང་བཞུ་དམར་པོ་ཡིན་པ།

འདི་ནི་ལྷ་སའི་གྲོང་མིས་བར་སྐོར་ཚོང་གྲོང་ནས་དཔྱིད་གསར་ཆ་ཡིག་ཉོ་བཞིན་པ།

འདི་ནི་ལོ་གསར་མཁོ་ཆས་ཁྲོམ་རའི་ཐོག་གི་ཁ་ཟས་ཡིན་པ།

འདི་ནི་ལོ་གསར་མཁོ་ཆས་ཁྲོམ་རའི་ཐོག་གི་ལོ་གསར་མེ་ཏོག་ཡིན་པ།

འདི་ནི་ལོ་གསར་མཁོ་ཆས་ཁྲོམ་རའི་ཐོག་གི་ཤིང་ཕོར་ཡིན་པ།

འདི་ནི་ལོ་གསར་མཁོ་ཆས་ཁྲོམ་རའི་ཐོག་གི་ལ་ལ་ཡིན་པ།

འདི་ནི་གྲོང་མིས་ཤམ་བུ་ཉོ་བཞིན་པ།

འདི་ནི་སྒོ་རྩིས་ཚོང་ཁང་ནང་གི་ལོ་གསར་མཁོ་ཆས་ཆེད་ཚོང་ཁུལ་ཡིན་པ།

འདི་ནི་བར་སྐོར་ཚོང་གྲོང་གི་སྣ་མང་ཕུན་སུམ་ཚོགས་པའི་ལོ་གསར་མཁོ་ཆས་ཡིན་པ།
རྩོམ་སྒྲིག་པ། སྣང་རྡོར།