2021ལོའི་དཔྱིད་གསར་དུས་ཆེན་མཚན་ཚོཊ་ཀྱི་པར་དབང་གསལ་བསྒྲགས།
སྤེལ་དུས 2021-02-09
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་2པའི་ཚེས་8ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ལོ་2021ལོའི་དཔྱིད་གསར་དུས་ཆེན་མཉམ་སྤྲོའི་མཚན་ཚོགས་ཀྱི་པར་དབང་ཐད་གསལ་བསྒྲགས་སྤེལ་ཡོད།
གསལ་བསྒྲགས་ནང་། ལྕགས་གླང་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ལོ་2021ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཚ་ཚ་འུར་འུར་ངང་གྲ་སྒྲིག་བྱེད་བཞིན་ཡོད། སྤྱི་ཁྱབ་ལས་ཁུངས་ནི་སྤྱི་ལོ་2021ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སྒྲིག་བཟོ་གཏོང་སྤེལ་བྱེད་མཁན་དང་། དེ་བཞིན་ལོ་རེའི་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ལེ་ཚན་བརྩམས་ཆོས་ཀྱི་བདག་པོ་ཡིན་པས། འཛམ་གླིང་གི་ཁྱབ་ཁོངས་སུ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དེ་ཚོང་ལས་དང་ཚོང་ལས་མིན་པའི་ཐོག་ནས་འབྲེལ་ཡོད་ལས་ཁུངས་ཀྱིས་བེད་སྤྱོད་བྱ་རྒྱུར་ཆོག་མཆན་སྤྲོད་དབང་ལྡན་ཡོད་ཅེས་འཁོད་ཡོད།
སྤྱི་ཁྱབ་ལས་ཁུངས་ཀྱི་དབང་ཆ་དངོས་སུ་མ་ཐོབ་ཚེ། ལས་ཁུངས་གང་རུང་ཞིག་གིས་རླུང་འཕྲིན་བརྙན་འཕྲིན་དང་། དྲ་བ། སྒུལ་བདེའི་འཕྲིན་གཏོང་དྲ་བ། IPTV དྲ་སྦྲེལ་བརྙན་འཕྲིན། སྒུལ་བདེའི་སྨྱན་སྦྱོར་བརྙན་འཕྲིན། རིགས་ཁག་གི་བཀོལ་སྤྱོད་མཉེན་ཆས། དེ་མིན་གྱི་བརྒྱུད་གཏོང་སྟེགས་བུ་བརྒྱུད། ལེ་ཚན་ཐད་གཏོང་དང་། དུས་འགྱངས་གཏོང་སྤེལ། དམིགས་འཛུགས་གཏོང་སྤེལ། རེས་མོས་གཏོང་སྤེལ། ཡོངས་བསྒྲགས་གཏོང་སྤེལ་སོགས་བྱ་ཐབས་སྤྱད་དེ་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ལོ་2021ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དང་ལོ་རེའི་དཔྱིད་གསར་དུས་ཆེན་གྱི་ལེ་ཚན་བེད་སྤྱོད་བྱ་མི་ཆོག་ལ། འདྲ་བཟོ་དང་རྩོམ་སྒྲིག སུབ་བཅོས། བཟོ་བཅོས། སྒྲ་སྦྱོར། ཡིག་སྒྱུར་སོགས་བྱ་ཐབས་གང་རུང་བརྒྱུད་གོང་དུ་བརྗོད་པའི་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལེ་ཚན་གསར་སྤེལ་དང་བེད་སྤྱོད་བྱ་ཆོག་གི་མེད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།