དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > ༄༅བོད་རབ་རྒྱན་ལྕགས་མོ་གླང་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > པར་རིས་གསར་འགྱུར།

ལྷ་སའི་མཐའ་མཚམས་འགྲོ་འོང་གི་མཐའ་སྲུང་ཞིབ་བཤེར་ས་ཚིགས་དང་བཅའ་སྡོད་མང་ཚོགས་ཀྱིས་མཉམ་གཅིག་ཏུ་ལོ་གསར་བསུ་བ།

སྤེལ་དུས 2021-02-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལུགས་རྙིང་གི་ལྕགས་མོ་གླང་ལོ་དང་། བོད་རབ་རྒྱན་ལྕགས་མོ་གླང་ལོ་ཚེས་ལ་ཉེ་དུས། ལྷ་སའི་ཁྱིམ་ཚང་སོ་སོས་ལོ་གསར་གྱི་ཆ་ཡིག་སྦྱར་བ་དང་། ལྒང་ཞུ་འགེལ་བ། དར་ལྕོག་བརྗེ་བ། ཁ་ཟས་བཙོ་བ་སོགས་ཀྱི་ལས་ལ་བྲེལ་ནས་ཕྱོགས་གང་སར་དགའ་སྤྲོ་དང་དགོད་སྒྲས་ཁེངས་ཡོད། 
         ཁྱིམ་ཚང་ཁྲི་སྟོང་མང་པོ་ལྷན་འཛོམས་བྱུང་བའི་རྒྱབ་ཕྱོགས་སུ་ནམ་ཡང་མི་འགའ་ཤས་ཤིག་གིས་སྤྱིར་བཏང་གི་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་དེ། ལྷ་སའི་མཐའ་མཚམས་འགྲོ་འོང་གི་མཐའ་སྲུང་ཞིབ་བཤེར་ས་ཚིགས(གཤམ་དུ་ལྷ་སའི་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཞེས་བསྡུ་རྒྱུ)ཀྱིས་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་བྱས་ནས་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་དང་། རོགས་སྐྱོར་བྱ་ཡུལ་དང་ལྷན་གཅིག་ཏུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བསུས་པ་རེད།
མི་དམངས་ཉེན་རྟོག་པས་བཅའ་སྡོད་བྱ་ཡུལ་གྱི་ཚོང་དུད་དུ་དཔྱིད་གསར་གྱི་ཆ་ཡིག་བསྐྱལ་བའི་རྣམ་པ།
         ཟླ2པའི་ཚེས7ཉིན། ལྷ་སའི་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡིག་གཟུགས་ཆེད་མཁས་མཐུན་ཚོགས་གདན་འདྲེན་ཞུས་ནས་མཉམ་གཅིག་ཏུ“སེམས་ཡིག་གཅིག་མཐུན། མེས་རྒྱལ་ལགས་ལོ་གསར་བཟང”ཞེས་པའི་བཀྲ་ཤིས་སྨོན་འདུན་དུད་ཁྱིམ་སྟོང་ཕྲག་མང་པོར་བསྐྱལ་བའི་བྱ་འགུལ་སྤེལ་བ་རེད། ཡིག་གཟུགས་ཆེད་མཁས་པ་བཞིས་སྨྱུ་གུའི་སོར་རྩེས་རྒྱ་བོད་ཡིག་གི་དཔྱིད་གསར་ཆ་ཡིག་བྲིས་ཏེ། སྣག་ཚའི་དྲི་བསུང་འཐུལ་བའི་དཔྱིད་གསར་ཆ་ཡིག་ཏུ་བགྲང་ལས་འདས་པའི་བཀྲ་ཤིས་སྨོན་འདུན་གྱིས་ཁེངས་ཡོད། དེ་རྗེས། མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་སྐལ་བཟང་མེ་ཏོག་བུད་མེད་ལས་སྒྲུབ་རུ་ཁག་གི་མི་དམངས་ཉེན་རྟོག་པས་བཅའ་སྡོད་ཚོང་དུད་ལ“བསོད་ནམས”དང་དཔྱིད་གསར་ཆ་ཡིག་བསྐྱལ་བ་རེད། བཅའ་སྡོད་བྱ་ཡུལ་ཀྱི་སྒོ་རྩིས་ཚོང་ཁང་ཞིག་ཏུ་ཚོང་དུད་ཨ་ཅེ་ཀྲང་གིས་དགའ་སྤྲོ་ཆེན་པོའི་ངང་མི་དམངས་ཉེན་རྟོག་པ་དང་མཉམ་གཅིག་ཏུ་དཔྱིད་གསར་ཆ་ཡིག་སྦྱར་ཞོར་འཛུམ་དམུལ་དམུལ་གྱིས ུཁྱེད་ཚོས་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་བསྐྱལ་ཡོང་བར་ཐུགས་རྗེ་ཆེ་ཞུ། ད་ལོ་ཕ་ཡུལ་དུ་ལོ་གསར་བར་འགྲོ་མ་ཐུབ་ཀྱང་། ཁྱེད་ཚོའི་ལྟ་སྐྱོང་དང་འདུག་རོགས་ཡོད་པས། ང་ཚོ་དགའ་སྤྲོ་ཆེན་པོ་སྐྱེས་བྱུང”ཞེས་བཤད།
མི་དམངས་ཉེན་རྟོག་པ་དང་རྒན་བཀུར་ཁང་གི་རྒད་པོས་མཉམ་གཅིག་ཏུ་བོད་ཡིག་གི་དཔྱིད་གསར་ཆ་ཡིག་སྦྱར་བཞིན་པ།
         ཟླ2པའི་ཚེས8ཉིན་གྱི་སྔ་དྲོའི་ངལ་གསོའི་བར་མཚམས་སུ། ལས་སྒྲུབ་རུ་ཁག་གཉིས་པའི་རུ་གཙོ་གཞོན་པ་ཡེ་ཤེས་དབང་མོ་དང་ལས་གྲོགས་ཚོས་སླ་ང་ལས་ཕྱིར་བླངས་མ་ཐག་པའི་ཁ་ཟས་དང་སྔ་མོ་ནས་གྲ་སྒྲིག་བྱས་ཟིན་པའི་ལོ་གསར་གྱི་ལེགས་སྐྱེས་འཁྱེར་ནས་གུང་དཀར་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་རྒན་རྒོན་ཚོར་འཚམས་འདྲི་བྱེད་དུ་ཡོང་ཞིང་། བུད་མེད་ཉེན་རྟོག་པ་ཚོ་རྒན་རྒོན་རྣམས་ལ་ལྟ་རུ་ཡོང་བས་ཁོ་ཚོ་དགའ་སྤྲོ་ཆེན་པོ་སྐྱེས། བུད་མེད་ཉེན་རྟོག་པ་ཟླ་བ་སྒྲོལ་མ་དང་བུའུ་མུའུ་རུང་གིས་ཡིག་གཟུགས་ཆེད་མཁས་པས་བྲིས་པའི་དཔྱིད་གསར་ཆ་ཡིག་སྒོ་ཆེན་གྱི་སྟེང་དུ་སྦྱར་བར་མ་ཟད། ད་རུང་ཨ་མ་རྒན་མོ་བསྟན་འཛིན་ལྷ་མོ་དང་མཉམ་དུ་བསོད་ནམས་ཀྱི་ཡི་གེ་བྲིས་ཡོད་པའི་ལྒང་ཞུ་དམར་པོའང་བཀལ་བ་རེད། བུད་མེད་ཉེན་རྟོག་པ་དབྱང་མིང་ཅིས་ཨ་མ་རྒན་མོ་ཚེ་རིང་ལྷ་མོའི་སྐྲ་ཤད་ཞོར་དུ་བཤད་རྒྱུར། ཤརོགས་སྐྱོར་མཉམ་སྐྲུན་བྱས་པ་ནས་བཟུང་། ང་ཚོས་རྒན་རྒོན་ཚོའི་ཟས་གོས་འགྲོ་འདུག་ལ་སེམས་ཁྲལ་བྱེད་བཞིན་ཡོད་ཅིང་། ངས་བསྟུད་མར་ལོ་བཞིའི་རིང་རྒན་རྒོན་ཚོ་དང་མཉམ་དུ་ལོ་གསར་རོལ་པ་ཡིན། ཧ་ཅང་དྲོད་ཁོལ་ལྡན་ཞིང་དགའ་སྤྲོ་ཆེན་པོ་སྐྱེས”ཞེས་བཤད།
         ཟླ2པའི་ཚེས9ཉིན་གྱི་སྔ་དྲོར། མི་དམངས་ཉེན་རྟོག་པ་རྣམས་ཀྱིས་ལོ་གསར་གྱི་ལེགས་སྐྱེས་འཁྱེར་ནས་རོགས་སྐྱོར་བྱིས་པ་བསོད་ནམས་ཚེ་རིང་གི་ཁྱིམ་དུ་ཡོང་ཞིང་། རཨ་ཕ་ཉེན་རྟོག་པ”བསྟན་འཛིན་འཇིགས་མེད་ཀྱིས་ཕྱིར་བླངས་པའི་བྱིས་པའི་རིག་ནུས་ཆུ་ཚོད་མཐོང་སྟེ། བསོད་ནམས་ཚེ་རིང་གི་མིག་མདངས་ཀྱང་གསལ་ལེར་གྱུར། མ་གཞི་བསྟན་འཛིན་འཇིགས་མེད་དང་བསོད་ནམས་ཚེ་རིང་གཉིས་ཀྱིས་གལ་ཏེ་བསོད་ནམས་ཚེ་རིང་གིས་མཇུག་རྒྱུགས་ཀྱི་སྐར་འབྲས་ཡོངས་སྐར་མ90ཡན་བླངས་ཚེ། ནམ་རྒྱུན་ཡིད་ལ་འཁོར་བཞིན་པའི་ལག་རྟགས་ཐོབ་ཐུབ་པའི་དུས་ཆད་ཅིག་བྱས་ཡོད་ཅིང་།  བསོད་ནམས་ཚེ་རིང་གིས་ལག་ནང་གི་རིག་ནུས་ཆུ་ཚོད་ལ་ལྟ་བཞིན་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།
         བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་བསྟུན་ནས་ལྷ་སའི་མཐའ་མཚམས་ཞིབ་བཤེར་ཚིགས་ཀྱི་མི་དམངས་ཉེན་རྟོག་ལས་བཟོ་པ་ཡོངས་ཀྱིས་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་དབར་གྱི་ཉེན་རྟོག་པ་དང་མི་དམངས་བར་གྱི་བརྩེ་སེམས་ཆུ་དང་ཉ་མོ་ནང་བཞིན་སྔར་བས་གཏིང་ཇེ་ཟབ་ཏུ་བཏང་བར་མ་ཟད།  ས་བབ་མཐོ་ཤོས་ཀྱི་རྒྱལ་སྒོ་སྲུང་བའི་ཡིད་ཆེས་ཀྱང་སྔར་བས་ཇེ་བརྟན་དུ་བཏང་བ་རེད།