ལོ་གསར་སྐབས་ཀྱི་རིག་རྩལ་ལེ་ཚན།
སྤེལ་དུས 2021-02-09
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
མིག་དང་རྣ་བའི་དགའ་སྟོན།།
ཁྱེད་ཀྱི་སྤྱན་དུ་བཤམས་ཡོད།།
ཐུགས་སེམས་སྤྲོ་པོའི་ངང་ནས།།
གཟིགས་མོ་གཟིགས་རོགས་གནང་དང་།།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ངེད་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུས་ནས་《བོད་ཀྱི་ལོ་གསར་མཚན་ཚོགས་》དང་། 《བཀྲ་ཤིས་པའི་ཞོགས་པ།》 《སྤྱི་ལོ་༢༠༢༡ལོ་འཛུམ་གྱིས་བསུ།》 《དཔྱིད་ཀྱི་རྒྱལ་མོའི་གླུ་ཚོགས།》 《སྤྱི་ལོ་༢༠༢༡ལོའི་དམིགས་བསལ་ལེ་ཚན་》སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་མང་དག་ཅིག་བཀོད་སྒྲིག་ཞུས་ཡོད་པས། ལྷན་རྒྱས་ནས་དུས་ཐོག་ཏུ་དགྱེས་གཟིགས་གནང་རྒྱུའི་རེ་བ་ཞུ་རྒྱུ་དང་ཆབས་ཅིག ལྷན་རྒྱས་ལོ་གསར་པའི་ནང་གང་བསམ་ལས་ལ་རེ་བའི་འབྲས་བཟང་སྨིན་པའི་བཀྲ་ཤིས་སྨོན་འདུན་ཡང་ནས་ཡང་དུ་ཞུ་རྒྱུ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།