དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སླེབས་གྲབས་ཡོད་པའི་སྐབས་འདིར།
མི་སྣ་འགྲོ་འོང་དང་འདུ་འཛོམས་ཀྱི་བྱེད་སྒོ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས།
དུས་ཆེན་གཉིས་ཀྱི་རིང་དུ་རིམས་ནད་འགོག་སྲུང་ཚན་རིག་ཁྱབ་གདལ་གྱི་ཕྱོགས་སྟོན་གསར་པ་སླེབས་ཡོད།
ཁྱེད་ཀྱིས་བརྙན་ལམ་ལ་གཟིགས་ནས་ཤེས་རྟོགས་བྱ་རྒྱུ་མཁྱེན།
དུས་ཆེན་གཉིས་ཀྱི་རིང་དུ་ཇི་ལྟར་རིམས་ནད་འགོག་སྲུང་ཡག་པོ་བྱ་དགོས་སམ།
སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་རྒྱུན་འཁྱོངས་བྱོས།
ཕྱི་རོལ་དུ་འགྲོ་རྒྱུ་དང་འདུ་འཛོམས་བྱེད་རྒྱུ་ཉུང་ཙམ་བྱོས།
ཚན་རིག་དང་མཐུན་པར་ཁ་རས་རྒྱག་དགོས།
ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་སྙན་སེང་ཞུས།
དུས་ཆེན་གཉིས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བདེ་ཐང་གི་གསལ་འདེབས་གལ་ཆེན།
ཁ་རས་རྒྱོབ། ལག་པ་མང་དུ་ཁྲུས། ཚོགས་རར་ཉུང་འགྲོ་བྱོས། ཁ་རླུང་རྒྱུ་བར་བརྩོན། གནས་སར་ལོ་གསར་རོལ། དུས་ལྟར་སྨན་བཅོས་བྱོས།
ལུགས་རྙིང་ལོ་གསར་དགའ་བས་བསུ། །
བོད་ཀྱི་ལོ་གསར་སྤྲོ་བས་རོལ། །
ང་ཚོས་མཉམ་དུ་རིམས་འགོག་བྱེད། །