ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > འཐུས་མི་དང་ཨུ་ཡོན།

​▶འཐུས་མི་ལི་ཤུ་གཤེན་རྒྱལ་བསྟན་འཛིན་གྱིས་བྱས་པར་རྗེས་ཐོན་འདུག

སྤེལ་དུས 2022-03-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

         ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་མཆོག་ནི་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པ་དང་། ད་ཆ་ཁོང་གིས་རྔ་པ་ཁུལ་ཆུ་ཆེན་རྫོང་མཚོ་སྟེང་དགོན་པའི་དགོན་བདག་དང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུས་ཚོགས་ཀྱི་ཀྱི་རྒྱུན་ལས་ཨུ་ཡོན། རྔ་བ་ཁུལ་ནང་བསྟན་མཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་སོགས་ཀྱི་འགན་བཞེས་བཞིན་ཡོད།  གཞི་རིམ་ནས་ཐོན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་དང་ལྷག་པར་དུ་ཆོས་ལུགས་མི་སྣ་ཞིག་ཡིན་པའི་ཆ་ནས། གཤེན་རྒྱལ་བསྟན་འཛིན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། འགྲོ་ཀུན་བདེ་འགོད་ཀྱི་བསམ་པའི་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་ཀྱི་ཡོད་ལ། ལོ་མང་རིང་ཁོང་གིས་བོད་འབྲེལ་ས་ཁུལ་གྱི་གོང་འཕེལ་དང་དད་ལྡན་མང་ཚོགས་ཀྱི་བདེ་སྡུག་ཐུགས་སུ་བཅངས་ནས་གཞི་རིམ་དུ་ཟབ་བསྐྱོད་བྱས་པ་དང་། མང་ཚོགས་ཀྱི་དཀའ་གནད་རེ་རེ་བཞིན་ཐག་གཅོད་བྱེད་རོགས་མཛད་ཀྱི་ཡོད། ལྷག་དོན་དུ་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། རིག་གནས་གོང་འཕེལ། མི་རིགས་མཐུན་སྒྲིལ། དཔལ་འབྱོར་དར་སྤེལ་སོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་གྲོས་གཞི་ཁག་གཅིག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་བཏོན་ ནས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་དང་འབུལ་མུས་རེད།
རྩོམ་སྒྲིག་པ། སངས་སྐྱབས།