ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > འཐུས་མི་དང་ཨུ་ཡོན།

འཐུས་མི་དང་ཨུ་ཡོན་ཚོས་དུས་ཆེན་འདི་འཛུཊ་རྒྱུའི་གྲོས་འགོ་བཏོན་འདུག

སྤེལ་དུས 2022-03-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
འཐུས་མི་དང་ཨུ་ཡོན་ཚོས་ཀྲུང་གོའི་ཁོར་ཡུག་གཙང་སྦྲ་བའི་དུས་ཆེན་འཛུགས་རྒྱུའི་གྲོས་འགོ་བཏོན།

       མཛེས་སྡུག་ཀྲུང་གོ་སྐྲུན་པའི་བརྒྱུད་རིམ་ཁྲོད་དཀའ་བ་མཐའ་དག་ཁྱད་དུ་བསད་དེ་མེས་རྒྱལ་ལ་བྱས་རྗེས་འཇོག་མཁན་ནི་ཁོར་ཡུག་གཙང་སྦྲ་བ་ཚོ་རེད། ཁོང་ཚོས་གྲོང་ཁྱེར་གྱི་རྒྱུན་ལྡན་འཁོར་སྐྱོད་ཀྱི་འགན་སྲུང་ཐད་སྟོབས་ཤུགས་གལ་ཆེན་ཞིག་འབུལ་བཞིན་ཡོད། ད་ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཀྲང་ཅིན་ཧའེ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སུན་ཏེ་ཧུང་གཉིས་ཀྱིས་མ་གྲོས་གཅིག་མཐུན་ངང་ཁོར་སྲུང་བ་ཚོར་དོ་ཁུར་བྱས་ནས་ཀྲུང་གོའི་ཁོར་སྲུང་བའི་དུས་ཆེན་ཞིག་འཛུགས་རྒྱུའི་གྲོས་འགོ་བཏོན།
       འཐུས་མི་ཀྲང་ཅིན་ཧའེ་ནི་ཧྲན་ཏུང་ཏུང་དབྱིང་གྲོང་ཁྱེར་བརླན་སའི་གྲོང་ཁྱེར་འཛུགས་སྐྲུན་སྐུལ་འདེད་ལྟེ་གནས་ཀྱི་ལས་བཟོ་ཞིག་ཡིན་ལ། ལོ་མང་པོའི་རིང་ལས་ཡུལ་དང་པོ་བརྟན་སྲུང་བྱས་ཡོད་པས་ཁོང་གིས་ཁོར་ཡུག་གཙང་སྦྲ་བས་དུས་ཡུན་རིང་པོའི་ནང་ངལ་རྩོལ་བྱས་ཀྱང་ཡོང་འབབ་དམའ་བ་དང་། ལས་ཀའི་ཁོར་ཡུག་ཞན་པ། སྤྱི་ཚོགས་ཀྱི་གོ་གནས་དམའ་བ་སོགས་ཀྱི་དཀའ་ངལ་གསལ་བོར་ཤེས་ཡོད། མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བྱུང་བ་དེས་མཁར་གྲོང་གི་འཚོ་སྡོད་ཁོར་ཡུག་དང་། འཚོ་བའི་སྤུས་ཚད། བསམ་པའི་དཔལ་ཡོན་བཅས་ཀྱི་འཛུགས་སྐྱོང་ཐད་གསར་བརྗེ་བྱེད་པའི་ཚད་གཞི་དང་བླང་བྱ་བཏོན། ཁོར་ཡུག་གཙང་སྦྲ་བ་ནི་དམངས་འཚོ་ལེགས་བཅོས་དང་མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་ཇེ་བཟང་གཏོང་བའི་བློས་འགེལ་ཆོག་པའི་འགན་ལེན་པ་དེ་ཡིན། ཁོང་གིས་ལོ་རེའི་སྤྱི་ཟླ་10ཚེས་26ཉིན་ནི་ཀྲུང་གོའི་ཁོར་ཡུག་གཙང་སྦྲ་བའི་དུས་ཆེན་ལ་གཏན་འཁེལ་བྱས་ནས་ཁོར་ཡུག་གཙང་སྦྲ་བའི་ཁྲིམས་མཐུན་ཁེ་དབང་སྔར་བས་འགན་ལེན་བྱེད་པ་དང་། ཁོར་ཡུག་གཙང་སྦྲ་བའི་སྤྱི་ཚོགས་གོ་གནས་ཇེ་མཐོར་གཏོང་བ། ཁོར་ཡུག་གཙང་སྦྲ་བར་གཅེས་སྐྱོང་དང་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བསྐྲུན་དགོས་པའི་གྲོས་གཞི་བཏོན།
       སྔོན་ཆད་བཟོ་པའི་ཉིན་རེའི་ཚགས་པར་ཁང་གི་འགོ་ཁྲིད་བྱེད་མྱོང་མཁན་གྱི་ཨུ་ཡོན་སུན་ཏེ་ཧུང་གིས་ཀྱང་དེར་མཚུངས་ཀྱི་གྲོས་གཞི་བཏོན། སྤྱི་ལོ་1995ལོར་ཨུ་ཡོན་སུན་ཏེ་ཧུང་གིས་གསར་རྩོམ་བྱས་ཤིང་གསར་འགྱུར་སྟེང་སྤེལ་བའི་དུས་རབས་ཀྱི་གཏམ་རྒྱུད་འཚོལ་བ་ཞེས་པར་ཀུན་གྱི་ཚུར་སྣང་དྲག་པོ་ཐོབ་སྟེ་སློབ་འབྲིང་གི་སྐད་ཡིག་སློབ་དེབ་ནང་བདམས། ལོ་མང་པོའི་རིང་ཁོང་གིས་རྒྱ་ཆེའི་ཁོར་ཡུག་གཙང་སྦྲ་བར་དོ་ཁུར་བྱས་ཏེ་ཁོང་གིས་ས་གནས་སོ་སོས་མཐོང་ཆེན་དང་འབད་བརྩོན་འོག་མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཚན16གིས་ཁོར་ཡུག་གཙང་སྦྲ་བའི་དུས་ཆེན་བཙུགས་ཡོད་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གཞན་དག་གི་ས་ཁུལ་རིམ་པའི་གྲོང་ཁྱེར་42དང་། རྫོང་རིམ་པའི་གྲོང་ཁྱེར་55 རྫོང་106བཅས་ཀྱིས་ཁོར་ཡུག་གཙང་སྦྲ་བའི་དུས་ཆེན་བཀོད་སྒྲིག་བྱས་ཡོད། ས་གནས་ཁག་གིས་དུས་ཆེན་དེ་ཆེས་མཛེས་པའི་ཁོར་སྲུང་བར་འོས་སྦྱོར་དྲིལ་བསྒྲགས་བྱ་རྒྱུར་ཟུང་འབྲེལ་བྱས་པ་དང་།  ཁོར་ཡུག་གཙང་སྦྲའི་ལས་རིགས་ཀྱི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་དང་ཟུང་འབྲེལ་བྱས་ནས་ཁོར་ཡུག་གཙང་སྦྲ་བ་དྲིལ་བསྒྲགས་དང་ཁོར་ཡུག་གཙང་སྦྲ་བར་གཅེས་སྐྱོང་བྱེད་པའི་སྤུས་རྟགས་གལ་ཆེན་འཛུགས་ཡོད་མོད། འོན་ཀྱང་དུས་ཚོད་གཏན་འབེབས་མ་བྱས་པའི་དབང་གིས་ཕན་ནུས་ལ་ཚོད་འཛིན་ཐེབས་ཀྱིན་ཡོད་པ་ཁོང་གིས་ཚོར་ཡོད།
       ཨུ་ཡོན་སུན་ཏེ་ཧུང་གིས་རྒྱལ་ཡོངས་ཁྱབ་ཁོངས་ནས་ཁོར་ཡུག་གཙང་སྦྲ་བའི་དུས་ཆེན་བཙུགས་ཏེ་ཁོར་སྲུང་བར་བརྩི་འཇོག་དང་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་ཁྲོད་སྔར་ལས་ཆེ་བའི་སྟོབས་ཤུགས་ཞུགས་རྒྱུར་སྐུལ་སློང་བྱེད་དགོས་པའི་གྲོས་གཞི་བཏོན།
       འཐུས་མི་ཀྲང་ཅིན་ཧའེ་ཡིས་འབྲེལ་ཡོད་སྡེ་ཚན་གྱིས་ཁོར་ཡུག་གཙང་སྦྲའི་འགྲོ་གྲོན་གཏོང་ཤུགས་ཇེ་ཆེར་བཏང་ནས་ལས་རིགས་འདིའི་འཕྲུལ་ཆས་ལས་སྒྲུབ་ཆུ་ཚད་ཇེ་མཐོར་གཏོང་པ་དང་། ཁོར་ཡུག་གཙང་སྦྲ་བའི་ལས་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། རྒྱལ་ཡོངས་ཀྱི་ཁོར་ཡུག་གཙང་སྦྲ་བ་ཁྲི་300ལྷག་གི་ངལ་རྩོལ་སྤྲོ་སེམས་སློང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུར་འབོད་སྐུལ་བཏང་། 
རྩོམ་སྒྲིག་པ། སངས་སྐྱབས།