ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > འཐུས་མི་དང་ཨུ་ཡོན།

▶ཨུ་ཡོན་བློ་གྲོས་རྒྱ་མཚོ་ལགས་ཀྱི་འགན་སྒྲུབ་ཉིན་ཐོ།

སྤེལ་དུས 2022-03-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

          བློ་གྲོས་རྒྱ་མཚོ་ལགས་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ས་སྐྱ་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཡིན། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་གཟིགས་མཐོང་ཆེན་པོའི་འོག་ས་སྐྱ་དགོན་གྱིས་དཔེ་མཚོན་བྱས་པའི་བོད་ཀྱི་དགོན་སྡེ་ཁག་གི་རིག་དངོས་སྲུང་སྐྱོབ་ཐད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་ཡོད།  གོང་རིམ་གྱི་སྲིད་ཇུས་བཟང་པོའི་འོག་ཁོང་གིས་དགོན་སྡེའི་གནའ་ཤེས་དེང་མཁྱེན་གྱི་དགེ་འདུན་པ་སྒྲིག་འཛུགས་གནང་ནས་དཔེ་རྙིང་ལེགས་སྒྲིག་བཤེར་འབེབས་དང་ཕྱོགས་སྒྲིག་དཀར་ཆག་བཀོད་གནང་བ་མ་ཟད།  དགོན་པའི་ནང་གློག་རྡུལ་དཔེ་མཛོད་ཁང་བཙུགས་ནས་རྩ་ཆེའི་དཔེ་རྙིང་སྲུང་སྐྱོང་དང་མྱུར་སྐྱོབ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
          བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཉེ་བའི་ལོ་ཤས་རིང་ས་སྐྱ་དགོན་འདི་ཉིད་འཛམ་གླིང་གི་རིག་གནས་ཤུལ་བཞག་ནང་རེ་ཞུ་གནང་བཞིན་ཡོད། འདི་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ཁོང་གིས་མུ་མཐུད་ས་སྐྱ་དགོན་པའི་ཆོས་སྡེ་བྱང་མའི་ལོ་རྒྱུས་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི་ཞིག་གྲ་སྒྲིག་གནང་འདུག
རྩོམ་སྒྲིག་པ། སངས་སྐྱབས།