ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > དཔྱད་གཏམ།

དར་དམར་སྡེ་ཁུལ་གྱི“བདེ་སྐྱིད་ལམ་བུ”

སྤེལ་དུས 2022-03-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          མི་རིགས་མཐུན་སྒྲིལ་སྐོར་གླེང་སྐབས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་དཀར་ལ་བརྗོད་མི་ཚར་བའི་སྐད་ཆ་མང་པོ་ཡོད། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཇི་ལྟར་བྱས་ནས་སྒྲུབ་དགོས་པ་དང་དེས་དེ་གར་འཚོ་བ་སྐྱེལ་མཁན་གྱི་གྲོང་མིར་ཕན་པ་གང་འདོགས་པའི་ཐད། 1990ལོ་ནས་བཟུང་ལོ་རེའི་ཟླ་དགུ་པ“མི་རིགས་མཐུན་སྒྲིལ་གྱི་ཟླ་བར”གཏན་འཁེལ་བྱས་པའི་སྡེ་ཁུལ་དེར་སྐད་ཆ་ཤོད་དབང་ཆེ་ཤོས་ལྡན་པ་ནི་སྨོས་མེད་རེད།
          2020ལོའི་ཟླ་བདུན་པར་སྐལ་བཟང་སྒྲོལ་དཀར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་འཚོགས་པའི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ངོ་འཕྲད་ཚོགས་འདུར་ཞུགས་ནས་ཁོང་གནས་སའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་སྡེ་ཁུལ་གྱི་ལོ་བཅུ་ཕྲག་ཁ་ཤས་རིང་གི་འཕོ་འགྱུར་ཆེན་པོ་བྱུང་ཚུལ་བརྩེ་བ་ཟབ་མོས་གླེང་ཡོད། གསར་འགོད་པས་འཕོ་འགྱུར་བྱུང་ཚུལ་སྐོར་གྱི་གཏམ་རྒྱུད་འདྲི་སྐབས། ཁོང་གིས་མི་རིགས་མཐུན་སྒྲིལ་ཞེས་པའི་ཡིག་འབྲུ་བཞི་པོ་དེ་བརྗོད་ཡོད་པ་རེད།
          ཡིག་འབྲུ་བཞི་ལས་དར་དམར་སྡེ་ཁུལ“རྗེས་ལུས་ཀྱི་གྲོང་ཚོ་དབུལ་པོ”ནས“འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོའི”བར་གྱུར་བའི་ཐབས་མཆོག་དེ་མངོན་ཡོད།
          ལོ་མང་རིང་མི་རིགས་ཁག་གིས་ལག་གདང་དཔུང་སྦྲེལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ཕན་ཚུན་རྒྱབ་སྐྱོར་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་བཅངས་པར་བརྟེན་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཉེ་བའི་ལོ་5ཡི་རིང་། དར་དམར་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་1000ལྷག་ཙམ་ནས་སྒོར་ཁྲི་5000ལྷག་ཙམ་བར་འཕར་བ་དང་། གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ནས་སྒོར་ཁྲི་3ཙམ་བར་འཕར་བ། གྲངས་འཛིན་ཐང་ཆེན་དང་། གསོལ་མགྲོན་ཁང་། ཁེ་ལས་སོགས་ཀྱི་ཐོན་ལས་ཁག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་དགོས་པའི་ལྕག་སྐུལ་གནང་ཡོད། བཀལ་མོལ་དེ་དག་ལས་སྐལ་བཟང་སྒྲོལ་དཀར་གྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”བཏོན་པ་དེའི་ནང་གི་ཨང་དང་པོ་ནི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཞིག་ཏུ་འཛུགས་གཏོད་བྱ་རྒྱུར་འབད་བརྩོན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱེད་དགོས”ཞེས་པ་དེ་ཡིན་ཞིང་།བསམ་ཕྱོགས་དེ་དག་གིས་སྐལ་བཟང་སྒྲོལ་དཀར་གྱིས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོད་སེམས་བརྟན་དུ་ཕྱིན་ཡོད་པ་རེད།
          ཡིད་ཆེས་དང་ཆོད་སེམས་དེ་ལྟ་བུ་བཅངས་པའི་སྐལ་བཟང་སྒྲོལ་དཀར་གྱིས་སྤྲོ་བ་ཆེན་པོའི་ངང་2022ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཚོགས་རར་ཞུགས་པ་མ་ཟད། དེ་གར་ཁོང་གིས་དར་དམར་སྡེ་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བརྟེན་ནས“མི་རིགས་མཐུན་སྒྲིལ་མེ་ཏོག”གི་བཀྲག་མདངས་སྔར་བས་འཚེར་བར་བྱས་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོན།