ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > གསར་འགྱུར།

རང་འགན་ལེགས་པར་བསྒྲུབས་ནས་ལྗང་མདོག་གློག་ཤུགས་མཁོ་འདོན་བྱེད་དགོས།

སྤེལ་དུས 2022-03-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་འཐུས་མི་ཚོགས་པར“ལྗང་མདོག་ཕྱོགས་སྒྱུར་ནི་བརྒྱུད་རིམ་ཞིག་ཡིན་པ་ལས་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པའི་བྱ་བ་ཞིག་མ་རེད། སྔོན་འཛུགས་རྗེས་གཏོར་བྱེད་པ་ལས་མ་བཙུགས་གོང་ནས་གཏོར་མི་རུང”ཞེས་བཏོན་གནང་བ་དེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མིག་དམར་རྒོད་སྐྱེས་ལ་སེམས་འགུལ་ཆེན་པོ་ཐེབས། གང་ལགས་ཤེ་ན། ཁོང་གིས་འདི་ལོའི་ཚོགས་འདུ་གཉིས་རིང་གི་དོ་ཁུར་བྱ་ཡུལ་གཙོ་བོ་ནི་རང་རྒྱལ་གྱི་འབྱུང་འགྱུར་ལོ་བཅུའི་རིང་གི་གློག་ཤུགས་བདེ་འཇགས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་ཡིན་པས་རེད།
  མིག་དམར་རྒོད་སྐྱེས་ཀྱིས་ས་མཐོའི་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་རྒྱུར་སླར་ཡང་དོ་ཁུར་གནང་ཞིང་། 2021ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་མིག་དམར་རྒོད་སྐྱེས་ཀྱིས“ནུས་རྒྱུ་གསར་པ་འཕེལ་རྒྱས་དང་མ་ལག་སྙོམས་སྒྲིག་གི་ནུས་པ་འཛུགས་སྐྱོང་ལ་སྤྱི་འདོམས་བྱ་རྒྱུའི”གྲོས་འགོ་བཏོན་གནང་བར་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་བརྡ་ལན་དང་བསམ་འཆར་ཡང་མགྱོགས་མྱུར་འབྱོར་ཡོད། སླད་ཕྱིན་ནུས་རྒྱུ་གྲོན་ཆུང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་གློག་ཤུགས་འཛད་སྤྱོད་དེ་ལེགས་བསྡུས་ཞིབ་གཉེར་དང་ནུས་ཆེའི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་རྡོ་སོལ་དང་གློག་གི་དྭངས་གཙང་ནུས་ཆེའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མ་ལག་སྙོམས་སྒྲིག་གི་ནུས་པ་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མ་སྐྱོན་བྲལ་དང་རྒྱུན་མཐུད་ཆོག་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། གློག་ནུས་ཚབ་བྱེད་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་བ། ནུས་རྒྱུ་ཕྱི་ཕྱོགས་སུ་བརྟེན་ཚད་ཆུང་དུ་གཏོང་བ་བཅས་བྱེད་དགོས་ཞེས་པའི་མིག་དམར་རྒོད་སྐྱེས་ཀྱི་གྲོས་འགོ་འདི“ལོ་ལྔ་ཚན་བཅུ་བཞི་པའི”གློག་ཤུགས་འཆར་འགོད་བཟོ་བའི་ཁྲོད་དང་ལེན་ཧུར་ཐག་བྱས་ཡོད།