ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > གསར་འགྱུར།

མཉམ་དུ་འབད་འཐབ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད།

སྤེལ་དུས 2022-03-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
          “རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས། མི་རིགས་ཁག་མཐུན་སྒྲིལ་ཞི་མཐུན་བྱུང་ན་རྒྱལ་ཁབ་དར་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་ཐུབ། དེ་ལས་ལྡོག་ན་རྒྱལ་ཁབ་ཉམས་རྒུད་དུ་འགྲོ་བ་དང་། སྤྱི་ཚོགས་ཟང་ཟིང་ཆགས་པ། མི་དམངས་ལ་ཆག་སྒོ་འཕྲད་ངེས་རེད”ཅེས་ཟླ་3ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།
          ལྷ་ས་གྲོང་ཁྱེར་ཉི་སྐྱིད་གླིང་ཁུལ་ཆུང་གི་གྲོང་མི་དབྱངས་སྐྱིད་སྒྲོལ་དཀར་ཆུང་དུས་ནས་ལྷ་སར་འཚོ་བ་བསྐྱལ་བས། ལོ་མང་རིང་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འགྲིམ་འགྲུལ་འཕོ་འགྱུར་མིག་མཐོང་ལག་ཟིན་བྱུང་ཡོད། ཁོང་སྡོད་སའི་ཁུལ་ཆུང་དུ་བོད་རིགས་དང་རྒྱ་རིགས། ད་དུང་གྲངས་ཉུང་མི་རིགས་གཞན་དག་གང་ཡིན་རུང་ཚང་མ་འཆམ་མཐུན་མཉམ་གནས་དང་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད། ཁོང་གིས། ང་ཚོས་དེ་བས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁག་གི་མང་ཚོགས་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ། ཐུན་མོང་ཐོག་ང་ཚོའི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་ང་ཚོའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས”ཞེས་བཤད།
          རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིའི་གྲོང་ཁུལ་གློག་འདོན་ཞབས་ཞུ་ལྟེ་གནས་ཀྱི་ལས་ཡུལ་དངོས་ཀྱི་རྩད་ཞིབ་པ་ངག་དབང་རྣམ་རྒྱལ་ལས་ཀར་ཞུགས་པ་ནས་བཟུང་། ལས་གནས་ལ་གཞི་ཚུགས་ནས་མི་རིགས་ཁག་གི་མང་ཚོགས་ལ་རིགས་ཁག་གི་གློག་སྤྱོད་པ་དང་གློག་འཁྲིད་པའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། གློག་གཏོང་ཞབས་ཞུའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། གློག་ཤུགས་ཀྱི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ལ་ལྟ་བར་སྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་གློག་སྤྱོད་པའི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་བརྟན་དུ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཞིང་། ཁོང་གིས་སླད་ཕྱིན་གྱི་ལས་ཀར་རང་འཁྲིའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། “མི་དམངས་ཀྱི་གློག་ལས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི”ཁེ་ལས་ཀྱི་དམིགས་ཡུལ་ལག་ལེན་ཧུར་ཐག་བསྟར་བ། “འགན་འཁྲི་ཆེན་པོ་གསུམ”ལག་ལེན་བསྟར་བ། དམངས་འཚོའི་ཞབས་ཞུ་རིང་མི་རིགས་མཐུན་སྒྲིལ་དོན་འཁྱོལ་ཐུབ་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་ཀྱི་ཡིན་ཞེས་བཤད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པར། མིག་མཐོང་ལག་ཟིན་གྱི་ལས་དོན་སྒྲུབ་དགོས་ལ། “སྐད་གྲགས་མེད་པའི”ལས་དོན་ཡང་འབོར་ཆེན་སྒྲུབ་དགོས་པའི་ནན་བཤད་གནང་ཡོད། དེར་བརྟེན། བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཝང་ཧྲའོ་མིང་གིས། “དགེ་རྒན་ཞིག་གི་ངོས་ནས་ངས་ཏང་གི་སློབ་གསོའི་མཛད་ཕྱོགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་གཞི་ལོན་པའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་ཀྱི་ཡིན”ཞེས་བཤད།
          “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ཚང་མ་ང་ཚོ་མཐའ་མཚམས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱི་སེམས་ལ་ཟུག་བྱུང་། ང་ཚོས་ཀྱང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དམ་པོར་དམིགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། བསམ་བློ་དང་བྱ་སྤྱོད་ད་ཐེངས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་གལ་ཆེན་རང་རྟོགས་ངང་ཕྲག་ཏུ་འཁུར་ནས། ཐུན་མོང་འབྱོར་ཕྱུག་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་མགྱོགས་སུ་གཏོང་གི་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་སྐྱེམས་སྟོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མཆོག་དོན་གྲུབ་ཀྱིས་བཤད། 
རྩོམ་སྒྲིག་པ། བདེ་སྒྲོན།