ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > མི་དམངས་འཐུས་ཚོགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་བརྙན་ལམ་ཚོགས་འདུ་འཚོགས་པ།

སྤེལ་དུས 2021-03-10 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཚེས་8ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་བརྙན་ལམ་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པ་རེད། ཨུ་ཡོན་12ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད། ཚོགས་འདུས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་སུ་ཚོགས་ར་གཙོ་བོ་བཙུགས་པ་དང་ཨུ་ཡོན་གྱི་བཞུགས་གནས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་ཚོགས་འདུར་ཕེབས་ནས་གཏམ་བཤད་གསན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དྲ་ཐོག་ནས་ཚོགས་འདུར་ཞུགས་པ་རེད།
        ཨུ་ཡོན་ལུའི་ཧུང་པིང་གིས་གཏམ་བཤད་གནང་སྐབས། དམངས་དོན་ཁྲིམས་གཞུང་ཁྱིམ་ཚང་ཀུན་ལ་ཁྱབ་པར་བྱེད་དགོས་པ་དང་། སྲིད་གྲོས་ཨུ་ཡོན་ཁྲོད་ཀྱི་བཅའ་ཁྲིམས་ལས་དོན་པས་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་སྔོན་ཐོན་པ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་ཚའོ་ཝེ་ཤིང་གིས་དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས་ངེས་པར་དུ་ས་ཞིང་གི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་ནུས་ཆེའི་ངང་སྤྱོད་པའི་ལམ་བུ་གསར་པའི་ཐོག་བསྐྱོད་དེ་ས་ཞིང་སྦར་མཐིལ་ཙམ་ལའང་གཅེས་སྤྲས་དང་ལུགས་མཐུན་བེད་སྤྱོད་བྱེད་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་ལིའུ་ཝེ་ཡིས་གཏམ་བཤད་གནང་སྐབས། འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་ཕྱོགས་གཅིག་ནས་གྲོང་མིའི་ཡོང་འབབ་མང་དུ་དང་བརྟན་དུ་གཏོང་བ་དང་།
        ཕྱོགས་གཞན་ཞིག་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་མཱ་ཡིའུ་ལི་ཡིས་གཏམ་བཤད་གནང་སྐབས། ཨའོ་མོན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལེགས་ཆ་ཡག་པོ་འདོན་སྤེལ་བྱས་ནས་དཔལ་འབྱོར་འཚམ་འཕྲོད་སྣ་མང་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཨའོ་མོན་གྱི་རྒྱལ་སྤྱིའི་འགྲོ་འོང་གི་ལེགས་ཆ་སྤྱད་དེ་རྒྱལ་སྤྱིའི་འཁོར་རྒྱུག་ཁྲོད་འབྲེལ་ཟམ་གྱི་ནུས་པ་ཐོན་རྒྱུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་ཝང་ལུའུ་ཡིས་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས།“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལ་ནུས་རྒྱུའི་གྲུབ་ཆ་ཕྱོགས་སྒྱུར་གཙོ་གནད་དུ་བྱས་ཏེ་དྭངས་གཙང་དང་ཐཱན་ཉུང་གི་ནུས་རྒྱུའི་མ་ལག་གཏོད་དགོས་པ་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་ཀན་ལིང་གིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། གྲངས་གཞི་ཆེ་མོའི་ཚན་ཚན་ཕྲེང་འབྲེལ་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་། གྲངས་གཞིའི་བཙན་འགག་བཏོར་ནས་གསང་དོན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲངས་གཞིའི་བདེ་འཇགས་འགན་ལེན་བྱེད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་སུན་དབྱི་པེའོ་ཡིས་གཏམ་བཤད་གནང་སྐབས། རྒྱལ་སྤྱིའི་ཚོང་དོན་དེ་ཉིད་སྲོལ་རྒྱུན་ཚོང་དོན་དང་གོ་ལ་ཧྲིལ་པོའི་རིན་གོང་འཁོར་འབྲེལ་གྱི་ཚོང་དོན་ནས་གྲངས་གཞིའི་ཚོང་དོན་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས། གྲངས་གཞིའི་ཚོང་དོན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་ནང་ཧུར་ཐག་ཞུགས་པ་དང་བཟོ་བ་དང་། གྲངས་གཞིའི་ཐོན་ལས་ཀྱི་ཁྲོམ་རའི་འཇུག་འཐུས་ཚད་གཞི་དམའ་རུ་བཏང་ནས་རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་ཧོ་གཡོད་ཀྱིས་དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། རང་བརྟེན་གསར་གཏོད་ལ་དེ་བས་མཐོང་ཆེན་བྱས་ཏེ་ཚན་རྩལ་གསར་གཏོད་དང་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་སོགས་གཙོ་གནད་ཀྱི་ཚན་རྩལ་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ“0ནས་1བར”གྱི་ཚད་བརྒལ་དེ་བས་མང་བ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་ཅིང་ཀྲུའུ་ཡིས་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། དམངས་གཉེར་ཁེ་ལས་ཀྱིས་ཐོག་མའི་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་སྟོབས་གསར་དམག་དཔུང་གི་ནུས་པ་བཏོན་ཏེ་ཕུལ་བྱུང་གི་དམངས་གཉེར་ཁེ་ལས་སྔར་ལས་མང་བས་འགག་རྩའི་ཁྱབ་ཁོངས་ཀྱི་ལག་རྩལ་འགག་སྒྲོལ་གྱི་ལས་འགན་འཁུར་བར་རྒྱབ་སྐྱོར་བྱས་ཏེ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་བྱེད་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་ཐའོ་ཁའེ་ཡོན་གྱིས་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། དྲ་རྒྱའི་ཁོར་ཡུག་གཙང་མ་བཟོས་ཏེ་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཕྱོགས་གསུམ་གཞི་གཅིག་གི་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་རྒྱབ་སྐྱོར་གྱི་མ་ལག་བཙུགས་ནས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་ཐུན་མོང་ཐོག་དོ་ཁུར་བྱས་ཏེ་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་ཝུའུ་ཁྲང་ཏེ་ཡིས་གཏམ་བཤད་གནང་སྐབས། རིག་དཔལ་དར་བའི་སྲིད་གྲོས་ལ་བརྟེན་ནས་རིག་དཔལ་དར་བའི་སྤྱི་ཚོགས་འཛུགས་སྐྱོང་ལ་གཞོགས་འདེགས་བྱས་ཏེ་མི་རིགས་ཀྱི་རིག་གནས་ཀྱི་གདེང་ཚོད་དང་བསམ་པའི་སྟོབས་ཤུགས་ཆེ་རུ་བཏང་ནས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་རང་འགན་གཞན་ལ་མི་དཀྲི་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
        ཨུ་ཡོན་དབྱང་དབྱང་གིས་ལུས་རྩལ་པ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་བདེ་འཇགས་ལྡན་པའི་སྒོ་ནས་རིམས་འགོག་ལས་དོན་ཡག་པོ་སྒྲུབ་སྟེ་ནུས་ཤུགས་ཡོད་རྒུས་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་ནས་ཀྲུང་གོའི་གྲུབ་འབྲས་ངོམས་སྟོན་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་དགོས་ཞེས་གསུངས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།