ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

འཐུས་མི་ཡཱ་ཤཱ། མེས་རྒྱལ་གྱི་མཐའ་མཚམས་སྲུང་མཁན།

སྤེལ་དུས 2022-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཞང་གནས་ཡུལ་གྲོང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་གནས་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་སྒྲིག་བཤེར་ཨུ་ཡོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡཱ་ཤཱ་ཡི་སྐོར་གླེང་སྐབས་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད།ལོ་མང་རིང་ཡཱ་ཤཱ་ཡིས་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་གྱི་མཐའ་མཚམས་སུ་གཞིས་ཚུགས་ནས་གུང་ཁྲན་ཏང་ཡོན་ཞིག་གི་གཟི་བརྗིད་ལྡན་པའི་ལས་འགན་ལེགས་པར་སྒྲུབ་བཞིན་ཡོད་ཅིང་།  དེ་ཡང་ལྷོ་པ་མི་དམངས་ཀྱི་སྣེ་ཁྲིད་ནས་མཐའ་དར་ཕྱུག་འགྱུར་དང་རྒྱལ་སྲུང་ཁྱིམ་སྲུང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས“ངས་མེས་རྒྱལ་གྱི་ཆེད་དུ་མཐའ་མཚམས་སྲུང་།  མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི”ཐོག་མའི་བསམ་འདུན་མཚོན་པར་བྱས་ཏེ།  སྤྱིར་བཏང་གང་ཞིག་རླབས་ཆེ་བའི་དུས་རབས་གསར་པའི་ལྷོ་པའི་བསྟོད་གླུ་ཞིག་བརྩམས་ཡོད།  
         ཏང་གི་སྲིད་ཇུས་བཟང་པོ་བརྒྱུད་བསྒྲགས་བྱེད་མཁན།
         1983ལོར་སྐྱེས་པའི་ཡཱ་ཤཱ་ནི2009ལོར་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་།  2021ལོའི་ཟླ2པར།  གནས་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་སྒྲིག་བཤེར་ཨུ་ཡོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས།  
         གནས་ཡུལ་གྲོང་ཚོར་ལྷོ་པ་རིགས་དང་།  བོད་རིགས།  མོན་པ་རིགས།  རྒྱ་རིགས།  ཧུའེ་རིགས་བཅས་མི་རིགས་ཁག5འཚོ་བ་སྐྱེལ་གྱི་ཡོད་ཅིང་།  གྲངས་ཉུང་མི་རིགས་ཀྱི་བུད་མེད་ལས་བྱེད་པ་ཞིག་གི་ངོས་ནས།  ཡཱ་ཤཱ་ཡིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཚད་གཞིར་བཟུང་ནས་།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་སྒྲོག་འགྲེལ་ཐེངས60ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་།  དེ་དང་ཆབས་ཅིག་ཁོང་གིས་ད་དུང་ཏང་ཡོན་ཚོའི་སྣེ་ཁྲིད་དེ།  ཏང་གི་ལམ་ཕྱོགས་མཛད་ཕྱོགས་དང་།  ཞིང་སྐྱོར་ཞིང་ཕན་གྱི་སྲིད་ཇུས།  སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོའི་མཐའ་སྲུང་མཐའ་བརྟན་གྱི་སྔོན་ཐོན་བྱས་རྗེས་སོགས་སྒྲོག་འགྲེལ་བྱས་ནས།  ཏང་གི་གསུང་སྒྲ་གྲོང་མི་ཚང་མར་བརྒྱུད་བསྒྲགས་བྱས་ཡོད།  
         ཁོང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།གྲོང་ཚོར་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་བྱེད་པའི་སྤྲོ་སེམས་རིམ་བཞིན་འཕེལ་ཞིང་།  ད་ཆ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི100%ཡིས་རྒྱལ་ཁབ་ཀྱི་སྤྱི་སྐད་ཤེས་པ་དང་།  ཏང་ཡོན་དང་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་སྤྱི་སྐད་ཤེས་ཚད་75%ཟིན་གྱི་ཡོད།  “ད་ཆ་ཡུལ་མི་ཚོས་གསར་འགྱུར་སོགས་ལྟ་དུས་སྐད་སྒྱུར་དགོས་ཀྱི་མི་འདུག”ཅེས་ཡག་ཤར་གྱིས་དགའ་སྤྲོའི་ངང་བརྗོད།  
         ཡུལ་མི་ཕྱུག་པོའི་ལམ་དུ་འཁྲིད་མཁན།
         མང་ཚོགས་ཀྱི“སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་ནས་དབུལ་པོ་ལས་རྦད་དེ་སྒྲོལ་ཆེད།  ཁོང་གིས“ཡུལ་སྐོར་+རྟེན་གཞི”ཡི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས།  ཀརྨ་ཞིང་རའི་ཉིང་ཁྲིའི་སྔོ་བསང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིའི་ལག་རྩལ་མི་སྣ་གདན་དྲངས་ཏེ།  གནས་ཡུལ་གྲོང་ཚོར་འབྲི་ཏ་ས་འཛིན་གྱི་འདེབས་རྩལ་ལ་མཛུབ་ཁྲིད་བྱེད་དུ་བཅུག་པ་དང་།  གྲོང་ཚོ་ཡོངས་ཀྱི་བུད་མེད་ཚོའི་སྣེ་ཁྲིད་དེ་དྲོད་ཁང་དུ་འབྲི་ཏ་ས་འཛིན་བཏབ་པ་རེད།  
         2021ལོའི་ལོ་མཇུག་བར།  གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི680ལྷག་ཙམ་ཟིན་ནས།  མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི3.08ཟིན་ཡོད།  “ལོ་འདི་དག་རིང་ལྷོ་པ་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  དགའ་འོས་པའི་གྲུབ་འབྲས་འདི་དག་ནི་ཏང་ཀྲུང་དབྱང་གིས་མཐའ་མཚམས་མི་རིགས་ས་ཁུལ་ལ་དམིགས་བསལ་ཐུགས་ཁུར་གནང་བ་ལས་བྱུང་བ་ཞིག་རེད”ཅེས་ཡཱ་ཤཱ་ཡིས་དགའ་སྤྲོའི་ངང་བཤད། 
          མེས་རྒྱལ་གྱི་མཐའ་མཚམས་བརྟན་པོར་སྲུང་མཁན།
         མིག་སྔར།ཡཱ་ཤཱ་ཡིས་བསམ་བློ་གཏོང་ས་མང་ཤོས་ནི་ཕྲག་ཏུ་འཁུར་བའི་མཐའ་སྲུང་མཐའ་བརྟན་གྱི་འགན་འཁྲི་རེད།  ཁོང་གིས“མཐའ་མཚམས་ཀྱི་དོན་དག་ཚང་མ་དོན་ཆེན་རེད”ཅེས་བཤད།  
         ཡཱ་ཤཱ་ཡིས་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བའི་འོས་འགན་ལེགས་པར་བསྒྲུབས་ནས་ལོ25སོང་ཞིང་།  ད་ཆ་ཡཱ་ཤཱ་ཡི་སྣེ་ཁྲིད་འོག་གྲོང་ཚོའི་ཏང་ཡོན་མང་ཚོགས་དེ་བས་མང་བ་མཐའ་སྲུང་མཐའ་བརྟན་གྱི་ལས་ལ་ཞུགས་ཏེ།  ཆར་རླུང་དྲག་པོའི་ཁྲོད་དུ་ལ་བརྒྱབ་ཀླུང་བརྒལ་དང་ཆུ་རྒྱུན་དྲག་པོ་བསྒྲལ་བ་དང་།  རྒྱལ་ཁབ་ཀྱི་ས་ཆ་གོམ་པས་འཇལ་ཏེ།  བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ས་ཆ་སྲུང་གི་ཡོད།  ད་ལྟའི་ལྷོ་པ་མང་ཚོགས་ཚང་མས་སོ་སོ་རང་ཉིད་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་པོར་སྲུང་མཁན་དུ་བརྩིས་ནས།  རི་སྐོར་དང་མཐའ་སྲུང་གི་འགན་འཁྲི་རང་འགུལ་ངང་འཁུར་བཞིན་ཡོད།  
         ཡཱ་ཤཱ་མཚོན་བྱེད་དུ་བྱས་པའི་ལྷོ་པ་རིགས་ཀྱི་མི་དམངས་ཚོས་སྐལ་བཟང་མེ་ཏོག་དང་འདྲ་བར་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གཞིས་ཚུགས་ཏེ།མཐའ་མཚམས་སུ“སྒུལ་བདེའི་མཚམས་རྡོ”ཞིག་བཙུགས་པ་དང་།  ཐོག་མཐའ་བར་གསུམ་དུ་ཏང་དར་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་བཞིན་ཡོད།  
རྩོམ་སྒྲིག་པ། སངས་སྐྱབས།