ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བསྟན་འཛིན་དོན་གྲུབ་ལགས།

སྤེལ་དུས 2022-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
——བོད་ལྗོངས་མཐོ་བརྩོན་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་བསྟན་འཛིན་དོན་གྲུབ་ལགས་ཀྱི་སྐོར་བཀོད་པ།

བསྟན་འཛིན་དོན་གྲུབ་ལགས(གཡོན)ཀྱིས་ལས་རོགས་དང་ལས་སྒོར་གྲོས་བསྡུར་གནང་བཞིན་པ།
          ཐོན་སྐྱེད་ཀྱི་བསྡོམས་རྩིས་པ་དང་།  མཛོད་ཁང་གི་བདག་གཉེར་པ།  ཨར་འདམ་ཐོན་སྐྱེད་པ། ཐོན་སྐྱེད་རྒྱུ་ཆ་བཀོལ་སྤྱོད་པ་སོགས་འཐབ་ས་མདུན་མའི་ལས་བཟོ་བ་དཀྱུས་མ་ཞིག་ནས་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་དང་གྲུབ་རྫས་བཟོ་སྐྲུན་འཁོར་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་ཁུར་པའི་བར་དུ། བསྟན་འཛིན་དོན་གྲུབ་ལགས་ཀྱིས་གསར་འབྱེད་གསར་གཏོད་གནང་ནས། བོད་ལྗོངས་མཐོ་བརྩོན་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིར་ལོ་མང་བསྟུད་མར་དཔལ་འབྱོར་གྱི་ཕན་འབྲས་དང་ལས་བཟོ་བར་ཡོང་འབབ་ཡོང་ཆེད་སྐུ་ལས་ཚད་མེད་བསྐྱོན་ཡོད།
         གྲུབ་རྫས་བཟོ་སྐྲུན་འཁོར་ཁང་ནི་ཨར་འདམ་ཐོན་སྐྱེད་སྤུས་ཚད་ལ་འགན་ལེན་ཡོང་བར་བྱེད་པའི་ཆེས་མཐའ་མའི་འགག་སྒོ་ལྟ་བུ་རེད། གྲུབ་རྫས་བཟོ་སྐྲུན་འཁོར་ཁང་གི་འགན་བཞེས་ཚུན། བསྟན་འཛིན་དོན་གྲུབ་ལགས་ཀྱི་སྣེ་ཁྲིད་འོག་ཏུ། ཐོན་སྐྱེད་བཟོ་རྩལ་དང་དེ་བཞིན་སྒྲིག་ཆས་ལག་རྩལ་སྒྱུར་བཀོད་ཁག་མང་པོ་ལེགས་སྒྲུབ་བྱས་པས།  ཀུང་སིའི་སྒྲིག་ཆས་འཁོར་སྐྱོད་བྱེད་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད་པ་དང་། ཀུང་སིའི་སྒྲིག་ཆས་པུའི་འགོ་འཛིན་ཀྲུའུ་ཅེ་ཡིས། ཛ་དྲག་གི་ཐོན་སྐྱེད་ལས་འགན་ཡིན་ནའང་འདྲ། ཡང་ན་ཉེན་སེལ་མྱུར་བཟོ་གང་ཞིག་ཡིན་རུང་། ཁོང་གིས་ཏང་ཡོན་འཕྲལ་རྒོལ་རུ་ཁག་གི་སྣེ་ཁྲིད་ནས་གདོང་མཆོང་གནང་གི་ཡོད། ཁོང་ནི་ང་ཚོའི་བྱ་གཞག་གི་སྣེ་ཁྲིད་པ་རེད་ཅེས་བརྗོད།
         2015ལོར།  བསྟན་འཛིན་དོན་གྲུབ་ལགས་ཀྱིས་འཐག་བྱེད་འཕྲུལ་ཆས་རྐྱང་པའི་མ་ལག་འཁོར་སྐྱོད་བྱེད་ཚད100%ཡི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པས།  ལོ་དེར་ཀུང་སིར་སྒྲིག་ཆས་ཉམས་གསོའི་རིན་པ་སྒོར་ཁྲི100ལྷག་ཙམ་གྲོན་ཆུང་བྱས།
  2017ལོར།  བསྟན་འཛིན་དོན་གྲུབ་ལགས་ཀྱིས་འཁོར་ཁང་ནང་རྡུལ་ལངས་པ་དང་རྡུལ་འཁྱིལ་བའི་གནས་ཚུལ་ཡོད་པ་ཤེས།  ཁོང་གིས། “ཐལ་རྡུལ་གྱིས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོ་བར་མ་ཟད།  ད་དུང་བཟོ་པ་ཚོས་ཆེད་མངགས་ཐལ་རྡུལ་ཕྱགས་དགོས་པས། དེས་དུས་ཚོད་དང་ངལ་ནུས་འཕྲོ་བརླག་ཏུ་འགྲོ་བའི་ཁར། སྒྲིག་ཆས་ལ་སྐྱོན་ཤོར་ཚད་ཀྱང་མང་དུ་འགྲོ་སྲིད་སྙམ། ཁོང་གིས་འཕྲལ་མར་བཟོ་པ་ཚོའི་སྣེ་ཁྲིད་དེ་ལག་རྩལ་གསར་འབྱེད་ཀྱི་ཇུས་གཞིར་གྲོས་བསྡུར་གནང་ནས། འཁོར་ཁང་ནང་བསྟུད་མར་ལས་ཀ་ཉིན20ལྷག་ཙམ་གནང་ཞིང་། དེས་འཁོར་ཁང་ནང་རྡུལ་ལངས་པ་དང་རྡུལ་འཁྱིལ་བའི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད།  ད་དུང་གློག་ལའང་གྲོན་ཆུང་བྱས།
         2018ལོ་ནས་བཟུང་།  བསྟན་འཛིན་དོན་གྲུབ་ལགས་ཀྱིས་གྲུབ་རྫས་བཟོ་སྐྲུན་འཁོར་ཁང་གི་སྒྲིག་ཆས་དང་བཟོ་རྩལ་མ་ལག་ལ་ལག་རྩལ་གྱི་སྒྱུར་བཅོས་རབ་དང་རིམ་པ་གནང་བས།  སྒྲིག་ཆས་ནས་དབུགས་ཤོར་བ་དང་ཆུ་འཛག་པ་སོགས་ཀྱི་སྐྱོན་ཉུང་དུ་ཕྱིན་པར་མ་ཟད།  ལས་བཟོ་བའི་ངལ་རྩོལ་བྱེད་ཚད་ཉུང་དུ་ཕྱིན་པ་དང་།  འཕྲུལ་འཁོར་གྱི་མ་ལག་ལ་སྐྱོན་ཤོར་ཚད་ཉུང་དུ་སོང་ལ། འཁོར་སྐྱོད་བྱེད་ཚད་མང་དུ་ཕྱིན་ཡོད།
         2020ལོའི་ཟླ6པར།  འཁོར་སྐྱོད་བྱེད་ཚད98%ཟིན་རྒྱུ་འགན་ལེན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཀུང་སིས་ཨར་འདམ་ཏུན་ཁྲི40ཐོན་སྐྱེད་བྱས་ནས། བཟོ་གྲྭ་བཙུགས་ཚུན་གྱི་ཟླ་ཧྲིལ་པོར་ཨར་འདམ་ཐོན་སྐྱེད་བྱེད་ཚད་མང་ཤོས་ཀྱི་ཟིན་ཐོ་བཏོད།
         བསྟན་འཛིན་དོན་གྲུབ་ལགས་ཀྱིས་རྒྱུན་དུ། ག་བཏང་གོ་ཆོད་ཀྱི་འཁོར་ཁང་གི་དོ་དམ་ལམ་ལུགས་ནི་འགྲན་རྩོད་ཀྱི་དགོས་མཁོ་ཡིན་པར་མ་ཟད། ཀུང་སིའི་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོའང་རེད་ཅེས་གསུངས། བསྟན་འཛིན་དོན་གྲུབ་ལགས་ཀྱིས་སྔ་རྗེས་སུ《གྲུབ་རྫས་བཟོ་སྐྲུན་འཁོར་ཁང་གི་ལས་གནས་ལམ་ལུགས》སོགས་ནང་ཁུལ་གྱི་ལམ་ལུགས་ལ་བཟོ་བཅོས་བསྐྱོན་ནས། ལྕག་སྐུལ་རྒྱག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་།  ནང་ཁུལ་གྱི་ལས་རྗེས་དཔྱད་དཔོག་ལག་བསྟར་བྱེད་པ།  ལས་གནས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། ལས་མི་ཚོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་བར་བྱས་པས།  “དོན་དག་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་། དོན་དག་ཚང་མ་དོན་འཁྱོལ་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱུང་།
         བསྟན་འཛིན་དོན་གྲུབ་ལགས་ཀྱིས། ང་ཚོ་ནམ་ཡང་བདེ་འཇགས་ཐོན་སྐྱེད་བྱེད་པའི་ལམ་དུ་ཡོད། དེ་ལ་ད་ལྟ་འབད་བརྩོན་བྱེད་རྒྱུ་ལས་མཚམས་འཇོག་ཐབས་མེད། ང་ཚོས་ནང་ཁུལ་དུ་ཉིན་ལྟར་བདེ་འཇགས་ཚོགས་འདུ་རེ་འཚོག་ནས། འཛིན་གྲྭ་སོ་སོའི་མི་སྣར་སྐར་མ5རིང་གི་ལས་ཞུགས་གོང་གི་སློབ་གསོ་བརྒྱབ་ནས། ལས་བཟོ་བ་ཚོས་རང་གི་ལས་གནས་ཐོག་གི་བདེ་འཇགས་རྒྱུན་ཤེས་ཁ་གསལ་ཁོང་དུ་ཆུད་པར་བྱེད་པ་དང་། མངོན་མེད་རྐྱེན་ངན་ཕྲད་ཚེ་དུས་ཐོག་ཏུ་ལེགས་སྒྲིག་ཐུབ་པ་བྱེད་བཞིན་ཡོད་ཅེས་གསུངས། བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། ཀུང་སིའི་གྲུབ་རྫས་འཁོར་ཁང་དུ་བདེ་འཇགས་ཐོན་སྐྱེད་བྱེད་རིང་ལོ6བསྟུད་མར་དོན་རྐྱེན་གཅིག་ཀྱང་བྱུང་མེད།
  2021ལོར་བསྟན་འཛིན་དོན་གྲུབ་ལགས་ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་ཐོབ་པ་དང་།  ད་ལོའི་ཟླ6པར་ཁོང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས།  མིག་སྔར་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཡིན་པའི་བསྟན་འཛིན་དོན་གྲུབ་ལགས་ཀྱིས་ཀུང་སིའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཐད་ཐུགས་བསམ་བཞེས་བཞིན་མཆིས།  ཁོང་གིས།  ཕྱིས་འབྱུང་གི་ལས་ཀའི་ཁྲོད་དུ།  ང་ཚོས་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་ལ་དམ་པོར་དམིགས་ནས།  ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་རྒྱུ་ཡིན་ཞེས་གསུངས།
རྩོམ་སྒྲིག་པ། སངས་སྐྱབས།