ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

གཟིགས་དང་། བོད་ལྗོངས་ཀྱི་འཐུས་མིའི་ཉམས་བཟང་ལ་གཟིགས་དང་།

སྤེལ་དུས 2022-10-16 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  2022ལོའི་ཟླ10ཚེས16ཉིན། ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འགོ་ཚུགས་པ་དང་། བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཏང་ཡོན་ཁྲི43དང་མི་རིགས་ཁག་གི་མི་དམངས་ཁྲི360ལྷག་ཙམ་གྱི་མངགས་བཅོལ་ཟབ་མོ་ཐུགས་ལ་བཅངས་ཏེ། སྤྲོ་སེམས་རབ་ཏུ་འཕེལ་བའི་སྒོ་ནས་འགོ་ཚུགས་ཚོགས་ཆེན་ལ་ཞུགས་ཤིང་། ཁོང་རྣམ་པའི་སྙིང་སྟོབས་ལྷག་པར་འཕེལ་ཞིང་གོམ་སྟབས་ཤིན་ཏུ་བརྟན།

  ཆུ་ཚོད་བཅུ་པ་ཏག་ཏག་ལ་ཚོགས་འདུ་འགོ་ཚུགས་པ་དང་། ཚང་མས་ཡར་བཞེངས་ནས་སྐད་གཟེངས་མཐོན་པོས་རྒྱལ་གླུ་བླངས་པས། རྔམ་བརྗིད་ལྡན་པའི་འགྱུར་ཁུག་ཚོགས་ར་ཡོངས་སུ་གྲགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་གནང་བ་རེད།

  འགོ་ཚུགས་ཚོགས་འདུ་གྲོལ་རྗེས། བོད་ལྗོངས་ཀྱི་འཐུས་མི་རྣམས་ཚོགས་ར་ནས་དོན་ཞིང་། ཚང་མར་སེམས་འགུལ་ཆེན་པོ་ཐེབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།