ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་བོད་ལྗོངས་ཀྱི་འཐུས་མིས་ནན་ཏན་ངང་ཚོགས་ཞུགས་གྲ་སྒྲིག་གནང་བ།

སྤེལ་དུས 2022-10-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་ཁག་གཅིག་གིས་སྤེལ་རེས་གྲོས་བསྡུར་གནང་བཞིན་པ།

          ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་པེ་ཅིང་དུ་འབྱོར་རྗེས། ཚོགས་ཞུགས་དཔྱད་ཡིག་སློབ་སྦྱོང་གཏིང་ཟབ་དང་། བསམ་འཆར་དང་གྲོས་འགོ་འཐུས་སྒོ་ཚང་དུ་གཏོང་བ། གཏམ་བཤད་གནད་བསྡུས་ལེགས་སྒྲིག དགོངས་འཆར་སྤེལ་རེས་དང་གྲོས་བསྡུར། ཚོགས་ཞུགས་གྲ་སྒྲིག་ཞིབ་ཚགས་བཅས་གནང་སྟེ་འགན་འཁྲི་ཡག་པོ་བསྒྲུབས་ནས་མངཌ་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་བཞིན་ཡོད།

          ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་30ཙམ་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་ཚེ་རིང་ལྷ་མོས་གྲངས་གཞི་བཙལ་ནས་རང་ཉིད་ཀྱི་གཏམ་བཤད་དཔྱད་ཡིག་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། སློབ་གསོའི་འཐབ་ཕྱོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཁོང་གིས་སློབ་གསོའི་སྐོར་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ལོ་དེ་དག་རིང་ང་ཚོའི་སློབ་གྲྭར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སློབ་གཉེར་ཆ་རྐྱེན་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ངམ་ཡང་ན་ཕྲུ་གུའི་རང་ངོས་འཚར་ལོངས་དང་འགྱུར་ལྡོག་བཅས་གང་ཡིན་རུང་། ཚང་མར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཡར་རྒྱས་ཆེན་པོ་བྱུང་ཡོད། དེ་ནི་བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པའི་མཚོན་ཚུལ་ཞིག་རེད། ངས་དབང་སྐྱོན་གེགས་འཕྲད་བྱིས་པའི་ལས་ཞུགས་དང་། ལས་གཏོད། སློབ་འཕར་སོགས་ཀྱི་འབྲེལ་ཡོད་གྲོས་འགོ་ཚོགས་འདུར་བཏོན་ནས་མི་དེ་བས་མང་བས་དབང་སྐྱོན་གེགས་འཕྲད་བྱིས་པར་དོ་ཁུར་དང་དམིགས་བསལ་སློབ་གསོར་དོ་ཁུར་བྱ་རྒྱུའི་རེ་བ་བཅངས་ཡོདཅེས་གསུངས་པ་རེད།

          ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་གནས་ཡུལ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡ་ཤ་ཡི་བཞུགས་གནས་ཚེ་རིང་ལྷ་མོའི་འགྲམ་དུ་ཡོད། ཁོང་གིས་ཚོགས་ཆེན་ལ་ཞུགས་སྐབས་གྱོན་རྒྱུའི་ལྷོ་པ་མི་རིགས་ཀྱི་རྒྱན་གོས་གྲ་སྒྲིག་གནང་བཞིན་ཡོད། ཁོང་གིསན་ནིང་ང་ཚོའི་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད། དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད། ངས་གྲོང་གསེབ་དར་རྒྱས་ཐད་ཀྱི་སྲིད་ཇུས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ད་ཐེངས་གཞི་རིམ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དམངས་འཚོའི་གནད་དོན་ཚོགས་འདུར་བཏོན་ནས་ཏང་གི་འཐུས་མིའི་འགན་འཁྲི་ཡག་པོ་བསྒྲུབ་རྒྱུ་ཡིནཞེས་གསུངས་པ་རེད།

          འཇང་མི་རིགས་གྲོང་ཚོའི་རྒུན་འབྲུམ་དེ་རིང་བསྡུས་ཚར་རམ། ང་ཚོགས་འདུར་འགྲོ་གྲབས་ཡོད་པས་བཀའ་མངག་གནང་རྒྱུ་ཡོད་དམབཟོ་གྲྭའི་ནང་ང་ཚོ་ཡོད་པས་ཁྱེད་རང་ཐུགས་བློ་བདེ་པོས་ཚོགས་འདུར་ཞུགས་རོགསཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་ལས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆོས་མཚོས་ཀུང་སིའི་ལས་རོགས་ཚོའི་ས་ནས་འདི་ལོའི་ཕ་ཡུལ་གྱི་རྒུན་འབྲུམ་ཐོན་འབབ་མཁྱེན་རྟོགས་གནང་བ་དང་ཚང་མའི་དོ་ཁུར་བྱེད་ས་དང་གྲོས་འགོ་ནན་ཏན་ངང་འདྲི་རྩད་གནང་བ་རེད། སློབ་གྲྭ་ཆེ་མོ་བ་དེ་བས་མང་བ་ཕ་ཡུལ་དུ་ལོག་ནས་ལས་ཞུགས་དང་ལས་གཏོད་བྱས་ཏེ་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། ཕུགས་བསམ་མངོན་འགྱུར་བྱེད་པ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པ་བཅས་བྱེད་རྒྱུའི་རེ་བ་བཅངས་ཡོདཅེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་གཞོན་ནུའི་འཐུས་མི་ཞིག་གི་ངོས་ནས་ཁོང་གིས་ཕྲག་ཐོག་ཏུ་འགན་འཁྲི་ལྕི་པོ་འཁུར་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།