ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག 2022 > ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

དོན་གྲུབ་ཕུན་ཚོགས། གངས་ལྗོངས་ཀྱི་བདེ་འཇཊ་བརྟན་སྲུང་བྱེད་མཁན།

སྤེལ་དུས 2022-10-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          ཐེངས་འདིའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་བཟང་ཞེས་པའི་ནང་ས་མཐོའི་མི་དམངས་ཀྱི་བདེ་འཇགས་སྲུང་མཁན། ཡུན་ནན་ཞིང་ཆེན་འཇོལ་རྫོང་གཡག་རྭ་མངག་གཏོང་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི། འགོ་འཛིན་དོན་གྲུབ་ཕུན་ཚོགས་ཀྱིས་ལོ་བཅུའི་རིང་གངས་ལྗོངས་ས་མཐོའི་བདེ་འཇགས་སྲུང་བའི་གཏམ་རྒྱུད་དེ་ཞུ་གི་ཡིན།  
          2010ལོའི་ཟླ་3པར། དོན་གྲུབ་ཕུན་ཚོགས་ཀྱིས་རྡོག་ཁྲེས་ཁྱེར་ནས་ས་བབ་མཐོ་ཚད་སྨི་3100ཟིན་པའི་འཇོལ་རྫོང་གཡག་རྭ་མངག་གཏོང་ཁང་དུ་སླེབས་པ་དང་།  ལོ་10ལྷག་གི་རིང་ཁོང་གིས་ལྷག་བསམ་ཟོལ་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་། མི་དམངས་ཀྱི་བདེ་སྐྱིད་འགན་ལེན་བཅས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་སྤྱི་བདེས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་འགྱུར་མེད་དམ་བཅའ་དེ་ལག་ལེན་བསྟར་བཞིན་ཡོད།

དོན་གྲུབ་ཕུན་ཚོགས་(གཡས)ཀྱིས་ལས་རོགས་དང་ལས་ཀ་སྤེལ་རེས་བྱེད་བཞིན་པ།
          རྣམ་པ་སྣ་མང་བརྒྱུད་ནས་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཉེན་རྟོག་པས་སྐོར་གཡེང་དང་གྲོང་སྡེར་འགྲོ་སྐྱོད་ཀྱིས་མི་རིགས་ཀྱི་སྐད་བརྡའི་ཐོག་ནས་མངའ་ཁོངས་ནང་གི་མང་ཚོགས་ལ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། ཏང་ཡོན་མི་དམངས་ཉེན་རྟོག་པས་རང་འགུལ་ངང་ཐོབ་ཐང་གསལ་སྟོན་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཉེན་རྟོག་ལས་དོན་མང་ཚོགས་ཀྱི་སེམས་ནང་ལ་ཟུག་པ་བྱེད་ཅེས་ཏང་འཛུགས་སྐྱོང་གིས་རུ་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རུ་ཁག་འཛུགས་སྐྱོང་གིས་ལས་དོན་ལ་སྐུལ་འདེད་གཏོང་བ་དེ་ནི་དོན་གྲུབ་ཕུན་ཚོགས་ཀྱིས་ཁོངས་གཏོགས་ཁུལ་དུ་ཞི་མཐུན་བརྟན་ལྷིང་ཡོང་ཆེད་འཚོལ་ཞིབ་བྱས་པའི་ལས་ཀའི་བྱེད་ཐབས་ཤིག་རེད།
          སྲ་ཞིང་བརྟན་ལ་སྟོབས་དང་ལྡན་པའི་འཐབ་འཛིང་གི་བཙན་རྫོང་ཞིག་བསྐྲུན་ཆེད། དོན་གྲུབ་ཕུན་ཚོགས་ཀྱིས་ཏང་དར་དམར་པོའི་དད་སེམས་བརྟན་སྲུང་བྱས་ཏེ། འཐབ་ས་དང་པོའི་བཙན་རྫོང་སྟོབས་ཆེར་གཏོང་རྒྱུ་དང་འཐབ་ས་དང་པོའི་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱ་རྒྱུ། འཐབ་ས་དང་པོར་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ནན་གསུམ་དྲང་གསུམ་གྱི་ཆེད་དོན་སློབ་གསོ་དང་གཉིས་སྦྱོང་གཅིག་སྒྲུབ་ཅེས་པའི་སློབ་སྦྱོང་སློབ་གསོ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་ཉེན་རྟོག་པས་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་བསམ་པའི་རྨང་གཞི་བརྟན་དུ་གཏོང་རྒྱུ།  བསམ་བློའི་ཁ་ཕྱོགས་བརྟན་པོར་བཟུང་རྒྱུ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཏང་རྟགས་དེ་གཞི་རིམ་གྱི་འཐབ་ས་དང་པོར་བཀྲགས་མདངས་འཚེར་བ་དང་ཏང་དར་དེ་གངས་རིའི་སྟེང་ལྷབ་ལྷུབ་ཏུ་གཡོ་རུ་བཅུག་ཡོད།
          ལོ་ལྟར་གྱི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སླེབས་སྐབས། དོན་གྲུབ་ཕུན་ཚོགས་ཀྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5029ཟིན་པའི་གངས་རིའི་ཐོག་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གངས་རིའི་ཐོག་བཅའ་སྡོད་བྱེད་པ་དང་། ཉིན་ལྟར་སྐོར་ཞིབ་ལས་རེས་བྱས་ནས་མི་དམངས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་ཀྱི་ཡོད། ལུའོ་རིན་ཞིབ་བཤེར་ས་ཚིགས་ནི་གཡག་རྭ་ཤང་ནས་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་དང་སི་ཁྲོན་ཞིང་ཆེན་སྡེ་རོང་རྫོང་དུ་འགྲོ་སའི་ལམ་མདོ་ཡིན་པ་དང་། ཕྱོགས་བཞིར་གཡང་གཟར་གྲོག་རོང་ཡིན་ཞིང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་མོད། འོན་ཀྱང་དེ་གའི་མི་དམངས་ཉེན་རྟོག་པས་ཆུ་ཚོད་24ཡི་ནང་ལས་རེས་བྱེད་ཀྱི་ཡོད།  སྒར་སར་གློག་མེད་པའི་དུས་སུ། དོན་གྲུབ་ཕུན་ཚོགས་ཀྱིས་ཚང་མ་ཐབ་ཀའི་འགྲམ་དུ་སྐོང་ནས་ཏང་གི་སློབ་ཚན་ཁྲིད་པ་དང་བསམ་བློའི་སྐོར་གླེང་གི་ཡོད། ཁོང་གིས། ང་ཚོའི་འདི་རུ་གནས་ཚུལ་རྙོག་འཛིང་ཆེ་ཞིང་། དཀའ་ངལ་དང་འགལ་བ་མཉམ་དུ་འདྲེས་པའི་ས་ཆ་ཡིན་ཞིག་ཡིན་པས། ངེས་པར་དུ་རྟ་ཐོག་མངག་གཏོང་ཁང་གི་དར་ཆ་བསྒྲེངས་ནས་དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་དར་སྤེལ་གཏོང་དགོས་ཞེས་གསུངས།
          གཡག་རྭ་ཤང་རྒྱ་རི་སྒང་གྲོང་ཚོའི་གྲོང་མི་ནོར་བུ་ཡིས། ཁོང་གིས་ང་ཚོ་ནང་མིར་བརྩིས་ནས་ཕྱོགས་གང་ཅིའི་ཐད་ནས་ང་ཚོར་བསམ་བློ་གཏོང་གི་ཡོད། ལོ་10ལྷག་གི་གོང་ངའི་རྐང་པ་གཉིས་ལ་རྨས་སྐྱོན་ཕོག་རྗེས་ལས་ཀ་ལྕི་མོ་ལས་མི་ཐུབ་པས། བཟའ་ཟླ་གཅིག་པུས་ཁྱིམ་ཚང་སྐྱོང་དགོས་བྱུང་། དོན་གྲུབ་ཕུན་ཚོགས་ཀྱིས་གནས་ཚུལ་འདི་ཤེས་རྗེས་དུས་ཐོག་ཏུ་ཞལ་འདེབས་རྒྱག་རྒྱུ་སྒྲིག་འཛུགས་བྱས་ནས་ང་ཚོའི་དཀའ་གནད་སེལ་རོགས་བྱས་པ་མ་ཟད། ཞིང་ལས་བྲེལ་བའི་སྐབས་སུ་ད་དུང་མི་དམངས་ཉེན་རྟོག་པ་ཁྲིད་དེ་ངའི་ཁྱིམ་དུ་ལས་ཀ་བྱེད་རོགས་ལ་ཡོང་གི་ཡོད།  དུས་རྒྱུན་དཀའ་ངལ་གང་ཞིག་འཕྲད་ཀྱང་ཁ་པར་བརྒྱབ་ཚེ་མངག་གཏོང་ཁང་གི་ཉེན་རྟོག་པ་འཕྲལ་མར་ཡོང་ནས་རོགས་རམ་བྱེད་ཀྱི་ཡོད་ཅེས་གསུངས།
          སུའི་ཁྱིམ་ཚང་ལ་མི་གྲངས་གསར་སྣོན་བྱུང་བ་དང་སུའི་ཁྱིམ་ཚང་གིས་ཁང་པ་གསར་པ་རྒྱག་པ་སོགས་མང་ཚོགས་ཀྱི་ཁྱིམ་ནང་འགྱུར་ལྡོག་ཕྲན་བུ་གང་འདྲ་བྱུང་བ་ཚང་མ་དོན་གྲུབ་ཕུན་ཚོགས་ཀྱི་སེམས་ནང་གསལ་པོ་ཡོད། གཡག་རྭ་མངག་གཏོང་ཁང་གིས་འཛུམ་མདངས་གཅིག་གིས་མང་ཚོགས་བསུ་བ་དང་སྐུ་ཁམས་བཟང་ཞེས་པའི་འཚམས་འདྲི་ཞུ་ཚིག་གཅིག་གིས་མང་ཚོགས་ལ་འཚམས་འདྲི་ཞུ་བ། ཇ་ཚ་པོ་ཕོར་བ་གང་གིས་མང་ཚོགས་ལ་དྲོ་སྐྱིད་སྟེར་བ། མང་ཚོགས་བློ་ཡིད་ཚིམ་པའི་ལན་གཅིག་འདེབས་པ་ཞེས་པའི་གཅིག་ཅེས་པ་བཞི་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སྒོ་ཁར་བྱེད་པ། རྩོད་གཞི་འདུམ་འགྲིག་མྱུར་དུ་སྒོ་ཁར་བྱེད་པ། བདེ་འཇགས་གྱོད་གཞི་སྒོ་ཁར་འདྲི་རྩད་བྱེད་པ། ཐེམ་ཐོ་ཐོ་འགོད་སྒོ་ཁར་བྱེད་པ། རོགས་ཁྲིད་མི་སྣ་རྒྱུན་དུ་སྒོ་ཁར་ཡོང་བ། བརྐུས་དངོས་ཕྱིར་སློག་སྒོ་ཁར་སྐྱེལ་བར་ཡོང་བ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སྒོ་ཁར་ཡོང་ནས་སེལ་རོགས་བྱེད་པ་སོགས་སྒོ་ཁར་ཡོང་བ་བརྒྱད་ཅེས་པའི་ལས་ཀའི་ལམ་ལུགས་བཙུགས་ནས་གཡག་རྭའི་རྣམ་པའི་གཞི་རིམ་སྤྱི་ཚོགས་དོ་དམ་བྱེད་སྟངས་ཤིག་ཆགས་པ་བྱས་ཡོད།
          གཡག་རྭ་ཤང་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་གནས་བབ་རྙོག་འཛིང་ཆེ་བའི་ས་ཆ་ཞིག་ཡིན་པས། དོན་གྲུབ་ཕུན་ཚོགས་ཀྱིས་མང་ཚོགས་ནས་མཉམ་འགོག་མཉམ་བཅོས་བྱེད་པའི་མ་ལག་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ།  ཏང་ཡོན་དང་ཆ་འཕྲིན་པ། བདེ་སྐྱོང་ཧུར་བརྩོན་མི་སྣ་སོགས་ལས་གྲུབ་པའི་མི་200ལྷག་གི་དཔུང་རྟགས་དམར་པོའི་རུ་ཁག་ཅེས་པ་བཙུགས་ནས་ལངས་གཟུགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་གནས་བབ་གསར་པ་ཞིག་བཏོད་ཡོད་པས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་བྱེད་པའི་དཔུང་ཁག་ཁྱོན་ཡོངས་ལ་ཁྱབ་ཐུབ་ཡོད་པ་རེད།  

          དོན་གྲུབ་ཕུན་ཚོགས་ཀྱིས། གོམ་སྟབས་རེ་རེར་བརྟེན་ནས་ས་གཞི་ཆེན་མོ་འཇལ་བ་དང་རྔུལ་ཆུ་ཐིགས་པ་རེ་རེས་ཉེན་རྟགས་གཙང་མར་ཕྱིས་ཏེ། མི་སེར་གྱི་བདེ་འཇགས་ཚོར་སེམས་སྔར་བས་ཆེ་རུ་གཏོང་བ་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་བ། ཐོབ་ཚོར་སྔར་བས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ནི་ང་རང་གཞི་རིམ་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ལོ་མང་རིང་གི་འགྱུར་བ་མེད་པའི་དོན་གཉེར་བྱེད་ཕྱོགས་ཤིག་ཡིན། ངས་ལྷག་བསམ་རྣམ་དག་ངང་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དངོས་དོན་སྒྲུབ་རྒྱུ་ཡིན་ལ། མང་ཚོགས་ཀྱི་གདོང་ལ་ཕྱུང་བའི་འཛུམ་མདངས་སྔར་བས་རྒྱས་སུ་བཅུག་སྟེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།