བོད་ལྗོངས་ཀྱི་འཐུས་མི་སྒྲོན་དཀར་གྱིས་བླ་མེད་རྒྱལ་ཁོངས་་་
སྤེལ་དུས 2022-10-19
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ། ལྷ་སྒྲོན་མཚོ་ཡིས་བསྒྱུར།
གཡས་ཕྱོགས་ཀྱི་པར་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྒྲོན་དཀར་གྱིས་བོད་ལྗོངས་འཐུས་མི་ཚོགས་པའི་ཁྲོད་གྲོས་གཞི་འདོན་བཞིན་པའི་ཚུལ་ཡིན། གཡས་ཕྱོགས་ཀྱི་པར་ནི་སྒྲོན་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་སྒྲོན་དཀར་གྱིས་བླ་མེད་རྒྱལ་ཁོངས་མུ་མཐུད་དུ་སྲུང་དགོས་ཟེར། ཡུལ་སྨད་ཤང་ནི་མེས་རྒྱལ་གྱི་ལྷོ་ནུབ་ཀྱི་མཐའ་མཚམས་སུ་གནས་ཤིང་། དུས་རབས60པའི་དུས་ཡུན་རིང་པོ་ཞིག་ལ། ཕ་སངས་རྒྱས་ཆོས་དཔལ་དང་བུ་མོ་སྒྲོན་དཀར། གཡང་འཛོམས་གཅེན་གཅུང་ཁྱིམ་མི་གང་བོར་མི་རྣམས་ཀྱིས“མི་གསུམ་གྱི་ཤང”ཞེས་འབོད་བཞིན་ཡོད། ཁོང་ཚོས་ནམ་ཡང“ཁྱིམ་གཞིས་ནི་ཡུལ་སྨད་དང་། རྒྱལ་ཁོངས་ནི་ཀྲུང་གོ་ཡིན། ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བ་ནི་འགན་འཁྲི་ཡིན”ཞེས་པའི་དད་སེམས་ཡིད་ལ་བརྟན་པོར་བཅངས་ཏེ། དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་གྱི་མངའ་ཁོངས་སྲུང་བར་བརྟེན་ནས། རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དུས་རབས་ཀྱི་བསྟོད་གླུ་ཞིག་བརྩམས་ཡོད། །
རྩོམ་སྒྲིག་པ། བསྟན་ཆོས།