ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག 2022 > ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཚོགས་ཆེན་གྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་གངས་ལྗོངས་ས་མཐོར་དོན་འཁྱོལ་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

སྤེལ་དུས 2022-10-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རྣམས་ཚེས་25ཉིན་མཉམ་དུ་གནམ་གྲུར་བཞུགས་ནས་ལྷ་སར་ཕྱིར་ལོག་གནང་བཞིན་པ།
         ཟིལ་རླབས་དགུང་འཕྱུར་རྒྱང་ལམ་གསར་པའི་ཐོག གྲུ་གཡོར་བསྒྲེངས་ནས་སླར་ཡང་རྡོག་ཐོན་བྱེད། ཚོགས་ཆེན་གྱི་ལས་འགན་ཁག་ཐུགས་གྲ་ལེགས་འགྲིག་བྱུང་རྗེས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རྣམས་ཚེས་25ཉིན་མཉམ་དུ་གནམ་གྲུར་བཞུགས་ནས་ལྷ་སར་ཕྱིར་ལོག་གནང་བ་རེད།
         ཚོགས་ཆེན་འཚོག་རིང་། བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་ཡོངས་ཀྱིས་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་སྣེ་ཁྲིད་འོག ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས། འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་སྒྲིག་ཁྲིམས་ཁག་ནན་སྲུང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)བཅས་སློབ་སྦྱོང་དང་གྲོས་བསྡུར་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལོ་རྒྱུས་ཀྱི་དུས་སྐབས་ཀྱི་དཔང་པོ་དང་བསམ་བློའི་ཉམས་འགྱུར་བཟང་པོ་མཚོན་པར་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།