ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > དཔྱད་གཏམ།

བཟོ་ལས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད། གྲངས་འཛིན་གྱི་རྒྱུགས་ལན་གསར་པ་ཕུལ།

སྤེལ་དུས 2022-10-17 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་བཟོ་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་སྲིད་ཇུས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་པ་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བཟོ་ལས་རྙིང་ཚབ་གསར་བརྗེ་བྱེད་མགྱོགས་སུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། 2021ལོར་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་189.9ཟིན་པ་དེ་2012ལོའི་ལྡབ་3.3ཡིན་པ་དང་། 2014ལོར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལོ་རྒྱུས་ཐོག་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་151.7ཟིན་པ། 2018ལོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་100ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད། བོད་ལྗོངས་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ལྗོངས་དམིགས་བསལ་ཁྱད་ཆོས་ལྡན་པའི་བཟོ་ལས་དང་ཆ་འཕྲིན་ཅན་གསར་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།

          ལྗང་མདོག་འཕེལ་རྒྱས་ཀྱིས་སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་པ།

          ལོ་བཅུའི་རིང་བོད་ལྗོངས་བཟོ་ལས་དང་དཔལ་འབྱོར་སྤུས་ཚད་མཐོ་བ་དང་། ལྗང་མདོག་ཅན། གསར་གཏོད་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ནུས་རྒྱུ་གཙང་མ་དང་། གཏེར་ཁ་སྔོག་འདོན། ཨར་སྐྲུན་རྒྱུ་ཆ། བོད་ལྗོངས་གསོ་བ་རིག་པ། རང་བྱུང་འཐུང་ཆུ། ཞིང་འབྲོག་ཐོན་རྫས་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། མཐོ་གསར་ལག་རྩལ་བཅས་ཀྱིས་གཙོ་བོ་བྱས་པའི་ཁྱད་ལྡན་བཟོ་ལས་ཐོན་ལས་མ་ལག་རིམ་བཞིན་བཙུགས་ཡོད། ཐོན་ལས་དེ་དག་ཐོན་པ་ནས་བཟུང་ལྗང་མདོག་འཕེལ་རྒྱས་ཀྱི་ནང་དོན་ལྡན་ཡོད། ལོ་བཅུའི་རིང་བཀོད་སྒྲིག་དང་འཕེལ་རྒྱས་བཏང་བ་བརྒྱུད་ལྗང་མདོག་དེ་ཐོན་ལས་དེ་དག་གི་བཀྲག་མདངས་འཚེར་བའིམིང་བྱངདུ་གྱུར་ནས་སྲོལ་རྒྱུན་ཐོན་ལས་ཀྱང་དེའི་རྐྱེན་པས་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།

          —— འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་དང་གཏེར་འདོན་ལས་རིགས་ཀྱི་སྤུས་ཚད་དང་ནུས་པ་མཐོར་གཏོང་དང་གསར་གཏོད་འཕེལ་རྒྱས་བཏང་བ།

          —— རང་བྱུང་འཐུང་ཆུའི་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་ཕྱིན་པ།

          —— ཞིང་འབྲོག་ཐོན་རྫས་ལས་སྣོན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

          ལྗང་མདོག་འཕེལ་རྒྱས་ནི་འབོད་ཚིག་ཅིག་མིན་པར། ལོ་བཅུའི་ནང་རང་ལྗོངས་སུ་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་7དང་། རྒྱལ་ཁབ་རིམ་པའི་ལྗང་མདོག་ཐོན་རྫས་1 རྒྱལ་ཁབ་ཀྱི་ལྗང་མདོག་གྲངས་གཞིའི་ལྟེ་གནས་1 རྒྱལ་ཁབ་ཀྱི་གཙོ་གནད་ནུས་རྒྱུ་སྤྱོད་པའི་ལས་རིགས་ཀྱི་ནུས་རྒྱུའིསྣེ་ཁྲིད་པའིཁེ་ལས་3 རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་གྲྭ་17བཅས་གཏན་འཁེལ་བྱས་པ་མ་ཟད། ཆུ་གྲོན་ཆུང་རྣམ་པའི་ཁེ་ལས་4བཙུགས་ནས་ས་མཐོའི་ལྗང་མདོག་འཕེལ་རྒྱས་ལ་སྒུལ་ཤུགས་ཧ་ཅང་ཆེན་པོ་བསྣན་ཡོད། 

          གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ཆར་རྗེས་མྱུ་གུ་བཞིན་རྒྱས་པ།

          ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བ་དེས་ཁྲོམ་རའི་གསོན་ཤུགས་ཆེ་རུ་ནུས་ལྡན་ཕྱིན་པ་དང་། རང་སྐྱོང་ལྗོངས་ཀྱི་སྲིད་ཇུསསྦབ་ཆ་གཅིགགི་རྒྱབ་སྐྱོར་འོག་ལོ་བཅུའི་རིང་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་189ཟིན་པ་དེ་2012ལོའི་ལྡབ་2.95ཡིན་པ་དང་རྒྱལ་ཁབ་ཀྱིཆེད་ལེགས་ཁྱད་གསརཁེ་ལས་3དང་། རང་སྐྱོང་ལྗོངས་ཀྱིཆེད་ལེགས་ཁྱད་གསརཁེ་ལས་འབྲིང་ཆུང་34 རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་དཔེ་སྟོན་ཁེ་ལས་2 རྒྱལ་ཁབ་ཀྱི་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་ལས་གཏོད་གསར་གཏོད་དཔེ་སྟོན་རྟེན་གཞི་3 རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་ལས་གཏོད་གསར་གཏོད་དཔེ་སྟོན་རྟེན་གཞི་15བཅས་སྐྱེད་སྲིང་བྱས་ནས་གཏན་འཁེལ་བྱས་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ཆར་རྗེས་མྱུ་གུ་རྒྱས་པ་ལྟར་ས་མཐོར་རྩ་བ་ཚུགས་པ་དང་། མྱུ་གུ་རྒྱས་པ། འཕེལ་རྒྱས་བྱུང་བ། སྟོབས་ཆེར་སོང་བ་བཅས་བྱུང་ཡོད།

           ཁེ་ལས་འབྲིང་ཆུང་གི་གཞི་རྟེན་ཡིན་པའི་གླིང་ཁུལ་ལའང་འཕེལ་རྒྱས་བྱུང་ཡོད། མིག་སྔར་རང་ལྗོངས་སུ་གཙོ་གནད་ཐོན་ལས་གླིང་16ཡོད་པའི་ནང་རྒྱལ་ཁབ་རིམ་པ་2དང་རང་སྐྱོང་ལྗོངས་རིམ་པ་7ཡོད་པ་དང་། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་བོད་ལྗོངས་དང་མཚོ་སྔོན་བཟོ་ལས་གླིང་རྒྱལ་ཁབ་ཀྱི་བཟོ་ལས་ཐོན་ལས་ཅན་གསར་པའི་དཔེ་སྟོན་རྟེན་གཞིར་བདམས་ཡོད། 

          གྲངས་འཛིན་དཔལ་འབྱོར་ལ་བརྟེན་ནས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

          ལོ་བཅུ་པོ་དེ་བོད་ལྗོངས་ཆ་འཕྲིན་ཅན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ལོ་བཅུ་ཡང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་རབས་ཀྱི་འཕར་རྩ་ཁོང་དུ་ཆུད་པར་བྱས་ཏེ་འབྱུང་འགྱུར་འཕེལ་རྒྱས་ཀྱི་མཐོ་ས་བཟུང་ནས་འབད་འབུངས་རྗེས་སྙེག་དང་རླབས་གཤགས་མདུན་སྐྱོད་བྱས་ཡོད། 

          ལོ་བཅུ་ཡི་རིང་གྲངས་འཛིན་དཔལ་འབྱོར་གྱིས་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་གང་སར་ཁྱབ་པར་རམ་འདེགས་བྱས་ཡོད། ལྗོངས་ཡོངས་ཀྱི་འོད་སྐུད་ཀྱི་མཐུད་སྣེ་ཁྲི་203ཟིན་པ་དང་། 99%ཡན་གྱི་སྲིད་འཛིན་གྲོང་ཚོར་འོད་སྐུད་དང་། དྲ་ཆེན། 4Gབཅས་ཤར་གཏོང་ཐུབ་པ་དང་། རིམ་རྩིས་བྱས་ན་5Gསྦྲེལ་ཚུགས་7598བསྐྲུན་རྒྱུར་སྐུལ་འདེད་བཏང་བས་5Gརྫོང་དང་ཆུས་ཡོངས་སུ་ཁྱབ་པ་དང་གཙོ་གནད་ཤང་དང་གྲོང་རྡལ་འགའ་ཞིག་ལ་ཁྱབ་པ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་བོད་ལྗོངས་རྫོང་རིམ་པའི་5Gབཀོལ་སྤྱོད་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཐོག་མ་བསྐྲུན་པ། ལྷ་སའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོའི་ཐོན་སྒོ་དང་འཛུལ་སྒོ་ཅུས་དངོས་སུ་སྒོ་ཕྱེ་བ། གྲངས་གཞིའི་ཐོན་ཁུངས་བསྡུ་རུབ་རྒྱུན་འཁོར་བཀོལ་སྤྱོད་ལ་སྐུལ་འདེད་བཏང་བས་གློག་རྡུལ་སྲིད་དོན་ཕྱིའི་དྲ་རྒྱ་གཉིས་ཤར་གཏོང་ཐུབ་ཚད་99%ཡན་ཟིན་ཡོད། 

          གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་ལ་སྣེ་ཁྲིད་བྱས་ཡོད། རིག་ལྡན་ཞིང་ལས་དང་། ལྗང་མདོག་བཟོ་ལས། རིག་ལྡན་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དཔེ་སྟོན་རྣམ་གྲངས་30གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་བཀོལ་སྤྱོད་བྱས་ཡོད།

           བོད་ལྗོངས་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་རིམ་བཞིན་མངོན་བཞིན་ཡོད་ཅིང་། བཟོ་ལས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་མྱུར་བགྲོད་ལམ་བུར་སྐྱོད་བཞིན་ཡོད་པ་དང་། སྤུས་ཚད་མཐོ་བ་དང་། ལྗང་མདོག་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུ་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་རྒྱུ་རེད།

རྩོམ་སྒྲིག་པ། བསྟན་ཆོས།