ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > དཔྱད་གཏམ།

ཐུན་མོང་ཐོག་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད།

སྤེལ་དུས 2022-10-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          “ལོ་བཅུ་ཡི་རིང་ང་ཚོའི་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། རེ་རེ་བཞིན་བགྲང་ནས་བགྲང་ཚར་རྒྱུ་མེདཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཉན་རྗེས་ཧུའུ་ནན་ཞིང་ཆེན་ཧྭ་ཡོན་རྫོང་ཧྲི་པ་ཏུང་གྲོང་ཚོའི་གྲོང་མི་ཧྲི་ཧྲུན་ལེན་གྱིསདུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེརམྱོང་ཚོར་ཟབ་མོ་བྱུང་ཡོད། ཧྲི་ཧྲུན་ལེན་གྱིས་2013ལོར་གྲོང་ཚོ་ཡོངས་ཀྱི་ལོ་རེའི་མི་རེའི་ཁེ་གཙང་ཡོང་འབབ་སྒོར་1668ལས་ཟིན་གྱི་མེད། འོན་ཀྱང་ད་ཆ་སྒོར་ཁྲི་2ལྷག་ཙམ་ཟིན་གྱི་ཡོད་པ་གསལ་པོར་ངེས་ཀྱི་ཡོད། ཧྲི་པ་ཏུང་གྲོང་ཚོར་དབུལ་སྒྲོལ་ཕྱུག་འགྱུར་ཐད་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་ནིམང་ཚོགས་དབུལ་པོས་དཀའ་སྤྱད་ངལ་རྩོལ་གྱི་ལག་གཉིས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་ལ་བརྟེན་ཏེ་དབུལ་པོ་ལས་སྒྲོལ་བ་དང་ལས་དབང་ལ་འགྱུར་ལྡོག་གཏོང་བའིགསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

          ལོ་བཅུ་ཡི་འབད་འབུངས་དང་ལོ་བཅུ་ཡི་འོད་སྟོང་། དུས་རབས་གསར་པའི་ལོ་བཅུ་པོ་དེར་ཕྱིར་མིག་ལྟ་སྐབས་གྲམ་ཐང་སྒྲོལ་བའི་ཉེན་ཁ་དང་། གྱེན་ལ་འཛེག་པའི་དཀའ་ངལ། འགག་སྒྲོལ་གྱི་དཀའ་གནད་བཅས་འཕྲད་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་བྱུང་བ་དང་མཚོན་བྱེད་རང་བཞིན་གྱི་ཕན་འབྲས་རབ་དང་རིམ་པ་ཐོན་པར་མི་རྣམས་ཀྱིས་འབད་འཐབ་ལྷོད་མེད་བྱས་ཡོད། འགག་སྒོ་ཐེངས་མང་སྒྲོལ་ནསརང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་མངོན་འགྱུར་བྱུངཡོད་པ་དང་། འགག་སྒྲོལ་དཀའ་སེལ་ཐེངས་མང་བྱས་ནསམི་བཞུགས་འཕུར་གྲུ་དང་། ཟླ་དཔྱད་དང་སྐར་མ་མིག་དམར་ལ་བརྟག་དཔྱད། མཚོ་འཇིངས་ས་གཏིང་གི་འཚོལ་ཞིབ་དཔྱད་ལེན། རིམ་འདས་རྩིས་རྒྱག་འཕྲུལ་འཁོར། སྲུང་སྐར་ཕྱོགས་སྟོན། ཚད་རྡུལ་ཆ་འཕྲིན། ཉིང་གློག་ལག་རྩལ། གནམ་གྲུ་ཆེན་པོ་བཟོ་སྐྲུན། སྐྱེ་དངོས་སྨན་རྫས་སོགས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོདཉིན་མཚན་མང་པོ་དཀའ་ངལ་ཁྱད་བསད་བྱས་ཏེང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་བས་སྔོ་བ་དང་། རི་སྔར་བས་ལྗང་བ། ཆུ་མོ་སྔར་བས་དྭངས་བལ་སོགས། མི་ཚང་མ་ནི་དུས་རབས་གསར་པའི་བདེན་དཔང་བ་དང་། གསར་གཏོད་པ། འཛུགས་སྐྲུན་པ་བཅས་ཡིན་པ་དང་མི་ཚང་མར་དུས་རབས་གསར་པའི་གྲུབ་འབྲས་རླབས་ཆེན་ཁྲོད་ནས་ཐུན་མོང་གི་མྱོང་ཚོར་བྱུང་ཡོད།

          “ཐུན་མོང་ཐོག་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལས་མི་མང་པོའི་བསམ་འདུན་མངོན་ཡོད། མི་ཚང་མ་ཡར་ཐོན་བྱུང་ན་རྒྱལ་ཁབ་འཕེལ་རྒྱས་འགྲོ་ཐུབ། དྲ་དམངས་ཤིག་གིས་ལན་འཇོག་བྱས་པའི་ནང་བརྗོད་པ་ལྟར། རྒྱལ་ཁབ་སྟོབས་ཆེར་གཏོང་བར་མི་ཚང་མ་ཞུགས་དགོས། ང་ཚོ་ཚང་མ་ནི་འབད་འཐབ་བྱེད་མཁན་ཡིན་པས་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་དགོསའབད་འཐབ་ལ་ཡིད་ཆེས་དང་། འབད་འཐབ་ལ་བརྟེན་པ། ནམ་ཡང་འབད་འཐབ་བཅས་བྱས་ནས་གོམ་སྟབས་རེ་རེ་བཞིན་སྤོས་ཏེ་རྒྱལ་ཁ་ཆུང་བསགས་ཆེ་འགྱུར་བྱས་ན་ང་ཚོར་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐོབ་ངེས་རེད། 
རྩོམ་སྒྲིག་པ། བསྟན་ཆོས།