ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

ལོ་ངོ་བཅུའི་རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར200བཏང་བ།

སྤེལ་དུས 2022-10-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཟླ10པའི་ཚེས8ཉིན་གྱི་ཕྱི་དྲོར། གསར་འགོད་པས་བོད་ལྗོངས་ཀྱིས་བསྡུས་པའི“བོད་ལྗོངས་ཀྱི་ལོ་ངོ་བཅུ་བོ་འདི”ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་འདུ་ཉེར་གསུམ་པའི་ཐོག་ཤེས་གསལ་ལྟར་ན། ལོ་ངོ་བཅུའི་རིང་། བོད་ལྗོངས་ཀྱིས་བསྡོམས་པས་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་གཙོ་གནད་རྣམ་གྲངས10ལག་བསྟར་བྱས་པ་དང་རྣམ་གྲངས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར200བཏང་།
           དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པའམ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝེས་ལོ་ངོ་བཅུའི་རིང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡིས་བདེ་འཇགས་དང་ལྗང་མདོག བློ་རིག མིའི་རིགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི“རྣམ་པ་བཞིའི་གནམ་གྲུ་ཐང”འཛུགས་སྐྲུན་གཏིང་ཟབ་ལག་བསྟར་བྱས་ཤིང་། མིག་སྔར་བོད་ལྗོངས་ཀྱིས་གནམ་གྲུ་ཐང་འཛུགས་སྐྲུན་ཐད་གཙོ་གནད་རྣམ་གྲངས5ལེགས་འགྲུབ་བྱུང་བ་དང་། སྐྲུན་བཞིན་པའི་གཙོ་གནད་རྣམ་གྲངས5ཡོད་པ། གཙོ་གནད་རྣམ་གྲངས4ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་པའི་སྒང་ཡིན་ཞེས་བཤད།
           གཞན་ཡང་། བོད་ལྗོངས་ཀྱི་མཁའ་དབྱིངས་འགྲིམ་འགྲུལ་བཀག་སྡོམ་སྒྲིག་བཀོད་འཛུགས་སྐྲུན་ཐད་གཙོ་གནད་རྣམ་གྲངས3ལེགས་འགྲུབ་བྱུང་ལ། དེའི་ནང་བོད་ལྗོངས་ཀྱི་ས་ཞིང་སྤྱི་ལེ་གྲུ་བཞི་མ་ཁྲི120ཡི་ཐོག་ཏུ་ཡོངས་སུ་ཁེབས་པའི་གནས་འདེམས་བྱས་ནས་འཕྲིན་གཏོང་ལྟ་སྐུལ་ཞིབ་བཤེར་སྟེགས་བུ13གསར་སྐྲུན་བྱས་པ་དང་། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱིADS-B(རྒྱང་སྒྲོག་རྣམ་པའི་རང་འགུལ་འབྲེལ་ཡོད་ལྟ་སྐུལ་ཞིབ་བཤེར་མ་ལག)བཀག་སྡོམ་མཁའ་ལམ་ཐོག་མ་བསྐྲུན་པ། མཁའ་ལམ་དུ་འཕྲིན་གཏོང་བརྡ་རྟགས་ཀྱིས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ནས། བཀག་སྡོམ་མཁན་དང་འཕུར་སྐྱོད་མཁན་བར་གྱི་ཁ་ཏ“མཐོང་མི་ཐུབ་པ་དང་། གོ་མི་ཐུབ་པའི”དཀའ་གནད་རྦད་དེ་ཐག་གཅོད་བྱས།
           ཀྲང་ཝེས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རིང་བོད་ལྗོངས་ཀྱིས་ཡན་ལག་གནམ་གྲུ་ཐང3བསྐྲུན་ནས་སྤྱོད་མགོ་ཚུགས་པ་དང་། གཞིས་ཀ་རྩེའི་གྲོ་མོ་དང་ནག་ཆུའི་གནམ་གྲུ་ཐང་གི་གནས་འདེམས་ལས་དོན་ལེགས་འགྲུབ་བྱ་རྒྱུ་རེད། མིག་སྔའི“གནམ་གྲུ་ཐང་གཙོ་བོ1དང་ཡན་ལག་གནམ་གྲུ་ཐང4”ཡི་སྐྱེལ་འདྲེན་གནམ་གྲུ་ཐང་གི་མ་ལག“1+7+N”ལ་རིམ་སྤོར་བྱས་ཏེ། ལྷ་སའི་གོང་དཀར་གནམ་གྲུ་ཐང་དེ་ས་ཁོངས་ཀྱི་འགག་རྩ་ཡིན་པ་དང་གནམ་གྲུ་ཐང་གཞན་དག་ཕན་ཚུན་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་རྒྱུ་རེད་ཅེས་བསྟན། །
རྩོམ་སྒྲིག་པ། སྣང་རྡོར།